DKR-KABUM-04-NGA-001: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
Line 37: | Line 37: | ||
༄༅། ཨོཾ་སྭསྟི་སིདྡྷཾ། ཕུན་ཚོགས་སྤང་རྟོགས་འབྱུང་གནས་རྫོགས་སངས་རྒྱས། །ཕུན་ཚོགས་ཟབ་རྒྱས་རྨད་བྱུང་དམ་པའི་ཆོས། །ཕུན་ཚོགས་སྲིད་ཞིའི་མཆོད་སྡོང་དགེ་འདུན་སྡེ། །ཕུན་ཚོགས་མཆོག་གསུམ་ཀུན་འདུས་བླ་མར་འདུད། །ཕུན་ཚོགས་ཡོན་ཏན་རྗེས་སུ་དྲན་པའི་ཕྱིར། །ཕུན་ཚོགས་ལེགས་བཤད་གླིང་བུ་འདི་འཁྲོལ་ན། །ཕུན་ཚོགས་བློ་གྲོས་ནོར་ལྡན་སྐྱེས་བུའི་ཚོགས། །ཕུན་ཚོགས་ཀུན་དགའི་གར་གྱིས་དགྱེས་མཛོད་ཅིག །དེ་ཡང་སྲིད་ཞིའི་ཁམས་ན་དགེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་ཐམས་ཅད་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཕྲིན་ལས་འབའ་ཞིག་ལས་བྱུང་བ་སྟེ། དཀོན་མཆོག་རིན་པོ་ཆེ་དེ་ཉིད་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པར་ཤེས་ནས་དཀར་པོའི་ཆོས་སྣང་བའི་སྒོ་དད་པ་ལས་འབྱུང་བས་ན་དྭངས་འདོད་ཡིད་ཆེས་ཀྱི་དད་པའི་སྒོ་དབྱེ་བར་བྱ་བའི་ཕྱིར། སྐབས་འདིར་ཕུན་སུམ་ཚོགས་པ་ལྔ་དང་འབྲེལ་བའི་རྒྱུ་མཚན་མདོར་བསྡུས་ཤིག་ཞུ་ན། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་འབྱུང་གནས་ནི་སངས་རྒྱས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་མཐར། ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་སྟོབས་སོགས། སེམས་ཅན་ཀུན་དོན་བྱེད་ཆོས་རྣམས་དང་ལྡན། ཞེས་གསུངས་པ་ལྟར་སྐུ་གསུམ་ཡོན་ཏན་གྱི་རྣམ་བཞག་དང་འབྲེལ་བའི་ཕུན་སུམ་ཚོགས་པ་ལྔ་ཡི་ལོ་རྒྱུས་ཅུང་ཟད་ཞུ་བ་ལ། དང་པོ་ཆོས་སྐུའི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་དབྱིངས་སྤྲོས་པ་དང་བྲལ་བར། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ་ཉིད་གདོད་ནས་མངོན་པར་བྱང་ཆུབ་པའི་རང་བཞིན་དུ་བཞུགས་ནས། འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་མཚོའི་ཚོགས་དང༌། ཆོས་ཕུན་སུམ་ཚོགས་པ་རྫོགས་པ་ཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ། དུས་ཕུན་སུམ་ཚོགས་པ་དུས་བཞི་མཉམ་པ་ཉིད་ཀྱི་ངང་དུ་གསུང༌། གཉིས་པ་ལོངས་སྐུའི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ་རང་སྣང་སྟུག་པོ་བཀོད་པར། སྟོན་པ་ཕུན་སུམ་ཚོགས་པ་དྲུག་པ་རྡོ་རྗེ་འཆང་ཆོས་ཉིད་རང་གི་རིགས་ཀྱི་གཙོ་འཁོར་དུ་སྣང་བ། འཁོར་ཕུན་སུམ་ཚོགས་པ་རང་ལས་མི་གཞན་པའི་རིགས་ལྔའི་སངས་རྒྱས་ཞི་བ་དང་ཁྲོ་བོའི་རྣམ་རོལ་ཚད་མེད་པར་སྣང་ལ། ཆོས་ཕུན་སུམ་ཚོགས་པ་རིག་པ་འཛིན་པའི་སྡེ་སྣོད་བསམ་གྱིས་མི་ཁྱབ་པ་ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པ། དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོར་གསུངས་པ་ཡིན་ལ། གསུམ་པ་སྤྲུལ་སྐུའི་ཕུན་སུམ་ཚོགས་པ་ལྔ་ནི་ཐུན་མིན་རྫོགས་པ་ཆེན་པོའི་དགོངས་པ་ལ། སྟོན་པ་ཕུན་སུམ་ཚོགས་པ་རྫོགས་ཆེན་སྟོན་པ་བཅུ་གཉིས་རེ་རེ་བཞིན་ཕུན་སུམ་ཚོགས་ལྔ་དང་ལྡན་པ་གསུངས་ལ། མདོ་སྔགས་ཐུན་མིན་གྱི་སྟོན་པ་བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པ། གནས་ཕུན་སུམ་ཚོགས་པ་ཝཱ་རཱ་ཎ་སི། བྱ་རྒོད་ཕུང་པོ་ལ་སོགས་པར་ལྷ་དང་མི་ཡི་གནས་སུ། ཆོས་ཕུན་སུམ་ཚོགས་པ་ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི་སྡེ་སྣོད་རྣམས། འཁོར་ཕུན་སུམ་ཚོགས་པ་ལྷ་མི་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པར། དུས་ཕུན་སུམ་ཚོགས་པ་གདུལ་བྱ་ལ་ཆོས་སྣང་བས་དོན་ལྡན་པར་གྱུར་པའི་སྐབས་སུ་གསུངས་པ་དང༌། སྔགས་རྒྱུད་ཀྱི་གླེང་གཞི་ལྟར་ན་མཆོག་གི་སྤྲུལ་པའི་སྐུ་སྟོན་པ་ཐུབ་པའི་དབང་པོ་མྱ་ངན་ལས་འདའ་ཚུལ་བསྟན་ནས་ལོ་ཉི་ཤུ་རྩ་བརྒྱད་ན། རི་མ་ལ་ཡའི་རྩེ་མོར། སྟོན་པ་གསང་བའི་བདག་པོས། འཁོར་དམ་པའི་རིགས་ཅན་དྲྭ་མ་ལྔ་སོགས་ལ། སྔར་འོག་མིན་སོགས་སུ་གསུངས་བའི་གསང་བའི་ཏནྟྲ་རྣམས་སླར་ཡང་བཟླས་ཏེ་གསུངས་པ། སྐལ་ལྡན་རྒྱལ་པོ་ཛཿསོགས་རིག་པ་འཛིན་པ་རྣམས་ལས་བརྒྱུད་དེ་མི་ཡུལ་དུ་དར་བར་མཛད་པ་དང༌། སྒྲུབ་སྡེ་རྣམས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་མཆོད་རྟེན་བདེ་བྱེད་བརྩེགས་པར་སྦས་པ་གྲུབ་བརྙེས་ཀྱི་བཀའ་བབ་རིག་འཛིན་བརྒྱད་ཀྱིས་སྤྱན་དྲངས་པ་དང༌། རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་སྟོན་པ་རྡོ་རྗེ་སེམས་དཔའ་ལས་དངོས་སུ་གསན་པས་མཚོན་ངོ་མཚར་བའི་གླེང་གཞི་དུ་མ་ཡོད་པ་ལས་འཕྲོས་ཏེ། དུས་སྐབས་འདི་དང་འབྲེལ་བའི་ཕུན་སུམ་ཚོགས་པ་ལྔའི་ཆེ་བའི་ལོ་རྒྱུས་ཅུང་ཟད་ཞུ་ན། སྤྱིར་སངས་རྒྱས་ཕལ་པོ་ཆེ་ལས། སངས་རྒྱས་ཡེ་ཤེས་སྤྱོད་ཡུལ་བསམ་ཡས་པས། །བྱིན་རླབས་རྣམ་འཕྲུལ་དེ་དག་འདི་ལྟ་བུ། །ཞིང་ཁམས་རྒྱ་མཚོ་བསྟན་པ་མཐའ་དབུས་མངོན། །རྣམ་པར་སྣང་མཛད་ཆོས་ཀྱིས་ཡོངས་སུ་སྦྱངས། །བྱང་ཆུབ་སེམས་ནི་ཀུན་ཏུ་བསམ་པ་བཞིན། །སྨོན་ལམ་རྒྱ་མཚོ་བསམ་ཡས་རྣམ་སྦྱངས་ཤིང༌། སེམས་ཅན་ལས་རྣམས་རྒྱ་མཚོ་བསམ་ཡས་པས། །ཕྱོགས་ཀུན་ཞིང་ཁམས་རྒྱ་མཚོ་ཐམས་ཅད་འབྱུང༌། །བྱང་ཆུབ་སེམས་དཔའ་ཀུན་གྱི་རྣམ་འཕྲུལ་དང༌། །ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་སྒོ། །སྨོན་ལམ་རྒྱ་མཚོ་ཐམས་ཅད་མངོན་བསྐྲུན་ཤིང༌། །ནམ་མཁའི་དབྱིངས་དང་འབྱམས་ཀླས་ཞིང་འབྱུང་ངོ༌། སྤྱོད་པ་རྒྱ་མཚོ་མཐའ་དང་དབུས་མེད་རྣམས། །སྤྱོད་ཅིང་ཚད་མེད་བདེ་གཤེགས་ཡུལ་ལ་འཇུག །ཕྱོགས་ཀྱི་ཞིང་ཁམས་རྒྱ་མཚོ་ཀུན་སྦྱངས་ཤིང༌། །བསྐལ་པ་མཐའ་ཡས་ཞིང་རྣམས་རེ་རེར་སྦྱོང༌། །སེམས་ཅན་ཁམས་དབྱིངས་བསམ་གྱིས་མི་ཁྱབ་པའི། །ལས་ཀྱི་ཞིང་རྣམས་རྒྱ་མཚོ་ཐམས་ཅད་འབྱུང༌། །ཞེས་གསུངས་པ་ལྟར་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་ལྷུན་གྱིས་རྫོགས་པའི་སྐུ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་ཡེ་ཤེས་གངས་ཅན་མཚོའི་བ་སྤུའི་ཁུང་བུ་རེ་རེ་ལའང་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ཀྱི་བཀོད་པ་དང་ལྡན་པས། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ཞིང་ཡང་སྣང་ཞིང༌། སྐུ་གཅིག་ལ་ཞིང་རབ་འབྱམས་རྫོགས་ཤིང༌། སྐུ་རེ་རེས་ཀྱང་ཞིང་ཁམས་རྒྱ་མཚོར་ཁྱབ་ཀྱང་ཞིང་དང་སྐུ་ལ་ཆེ་ཆུང་དང་ཡང་དོག་ལ་སོགས་མཐའ་ཡས་པ་སྣང་བ་ལས། སངས་རྒྱས་རྣམ་པར་སྣང་མཛད་སྤྲུལ་པའི་སྐུའི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ནི་སངས་རྒྱས་སྤྲུལ་པའི་སྐུ་གཅིག་གི་ཞིང་ཁམས་ཏེ། དེ་ལས་བྱེ་བྲག་ཏུ་སྐབས་སུ་བབ་པའི་གནས་ཕུན་སུམ་ཚོགས་པ་ནི། བསྐལ་བཟང་སངས་རྒྱས་སྟོང་གི་གདུལ་བའི་ཞིང་འདི་ནི། འཛམ་གླིང་གི་ཡུལ་དབུས་རྡོ་རྗེ་གདན་བྱང་དུ་རི་ནག་པོ་དགུ་ལས་འདས་མཚམས་རི་བོ་གངས་ཅན་དང༌། སྤོས་ངད་ལྡན་གྱི་བར་མཚོ་མ་དྲོས་པ་ཁ་འབབ་ཆུ་བོ་བཞིས་གཡས་སུ་བསྐོར་བའི་མཚོ་འགྲམ་དུ། ཛམྦུ་བྲྀཀྵའི་འབྲས་བུ་མཚོར་ལྷུང་བའི་སྒྲ་ལས་ཛམ་བུ་གླིང་ཞེས་འབྱུང་བ། ཤིང་དེས་མཚོན་པའི་གླིང་ཡིན་པས་ཛམ་གླིང་ཞེས་གྲགས་པ་ཛམ་གླིང་ལས་ཀྱི་ས་པ་ལ། དཔལ་དུས་ཀྱི་འཁོར་ལོའི་དགོངས་པ་ལྟར་དུམ་བུ་བཅུ་གཉིས་གསུངས་པའི་གླིང་ལྷོ་མ་གསུམ་ལ་ཛམ་གླིང་ཆུང་ངུ་ཞེས་བཤད་པའི་ལྷོ་གླིང་དབུས་མ་ལ་ཡུལ་དྲུག་སྟེ། དང་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་བསྐྱེད་པ་རྡོ་རྗེ་དབང་ཕྱུག་གིས་བདག་གིར་མཛད་པའི་ཡུལ་བོད་དང༌། | ༄༅། ཨོཾ་སྭསྟི་སིདྡྷཾ། ཕུན་ཚོགས་སྤང་རྟོགས་འབྱུང་གནས་རྫོགས་སངས་རྒྱས། །ཕུན་ཚོགས་ཟབ་རྒྱས་རྨད་བྱུང་དམ་པའི་ཆོས། །ཕུན་ཚོགས་སྲིད་ཞིའི་མཆོད་སྡོང་དགེ་འདུན་སྡེ། །ཕུན་ཚོགས་མཆོག་གསུམ་ཀུན་འདུས་བླ་མར་འདུད། །ཕུན་ཚོགས་ཡོན་ཏན་རྗེས་སུ་དྲན་པའི་ཕྱིར། །ཕུན་ཚོགས་ལེགས་བཤད་གླིང་བུ་འདི་འཁྲོལ་ན། །ཕུན་ཚོགས་བློ་གྲོས་ནོར་ལྡན་སྐྱེས་བུའི་ཚོགས། །ཕུན་ཚོགས་ཀུན་དགའི་གར་གྱིས་དགྱེས་མཛོད་ཅིག །དེ་ཡང་སྲིད་ཞིའི་ཁམས་ན་དགེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་ཐམས་ཅད་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཕྲིན་ལས་འབའ་ཞིག་ལས་བྱུང་བ་སྟེ། དཀོན་མཆོག་རིན་པོ་ཆེ་དེ་ཉིད་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པར་ཤེས་ནས་དཀར་པོའི་ཆོས་སྣང་བའི་སྒོ་དད་པ་ལས་འབྱུང་བས་ན་དྭངས་འདོད་ཡིད་ཆེས་ཀྱི་དད་པའི་སྒོ་དབྱེ་བར་བྱ་བའི་ཕྱིར། སྐབས་འདིར་ཕུན་སུམ་ཚོགས་པ་ལྔ་དང་འབྲེལ་བའི་རྒྱུ་མཚན་མདོར་བསྡུས་ཤིག་ཞུ་ན། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་འབྱུང་གནས་ནི་སངས་རྒྱས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་མཐར། ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་སྟོབས་སོགས། སེམས་ཅན་ཀུན་དོན་བྱེད་ཆོས་རྣམས་དང་ལྡན། ཞེས་གསུངས་པ་ལྟར་སྐུ་གསུམ་ཡོན་ཏན་གྱི་རྣམ་བཞག་དང་འབྲེལ་བའི་ཕུན་སུམ་ཚོགས་པ་ལྔ་ཡི་ལོ་རྒྱུས་ཅུང་ཟད་ཞུ་བ་ལ། དང་པོ་ཆོས་སྐུའི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་དབྱིངས་སྤྲོས་པ་དང་བྲལ་བར། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ་ཉིད་གདོད་ནས་མངོན་པར་བྱང་ཆུབ་པའི་རང་བཞིན་དུ་བཞུགས་ནས། འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་མཚོའི་ཚོགས་དང༌། ཆོས་ཕུན་སུམ་ཚོགས་པ་རྫོགས་པ་ཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ། དུས་ཕུན་སུམ་ཚོགས་པ་དུས་བཞི་མཉམ་པ་ཉིད་ཀྱི་ངང་དུ་གསུང༌། གཉིས་པ་ལོངས་སྐུའི་ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ་རང་སྣང་སྟུག་པོ་བཀོད་པར། སྟོན་པ་ཕུན་སུམ་ཚོགས་པ་དྲུག་པ་རྡོ་རྗེ་འཆང་ཆོས་ཉིད་རང་གི་རིགས་ཀྱི་གཙོ་འཁོར་དུ་སྣང་བ། འཁོར་ཕུན་སུམ་ཚོགས་པ་རང་ལས་མི་གཞན་པའི་རིགས་ལྔའི་སངས་རྒྱས་ཞི་བ་དང་ཁྲོ་བོའི་རྣམ་རོལ་ཚད་མེད་པར་སྣང་ལ། ཆོས་ཕུན་སུམ་ཚོགས་པ་རིག་པ་འཛིན་པའི་སྡེ་སྣོད་བསམ་གྱིས་མི་ཁྱབ་པ་ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པ། དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོར་གསུངས་པ་ཡིན་ལ། གསུམ་པ་སྤྲུལ་སྐུའི་ཕུན་སུམ་ཚོགས་པ་ལྔ་ནི་ཐུན་མིན་རྫོགས་པ་ཆེན་པོའི་དགོངས་པ་ལ། སྟོན་པ་ཕུན་སུམ་ཚོགས་པ་རྫོགས་ཆེན་སྟོན་པ་བཅུ་གཉིས་རེ་རེ་བཞིན་ཕུན་སུམ་ཚོགས་ལྔ་དང་ལྡན་པ་གསུངས་ལ། མདོ་སྔགས་ཐུན་མིན་གྱི་སྟོན་པ་བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པ། གནས་ཕུན་སུམ་ཚོགས་པ་ཝཱ་རཱ་ཎ་སི། བྱ་རྒོད་ཕུང་པོ་ལ་སོགས་པར་ལྷ་དང་མི་ཡི་གནས་སུ། ཆོས་ཕུན་སུམ་ཚོགས་པ་ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི་སྡེ་སྣོད་རྣམས། འཁོར་ཕུན་སུམ་ཚོགས་པ་ལྷ་མི་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པར། དུས་ཕུན་སུམ་ཚོགས་པ་གདུལ་བྱ་ལ་ཆོས་སྣང་བས་དོན་ལྡན་པར་གྱུར་པའི་སྐབས་སུ་གསུངས་པ་དང༌། སྔགས་རྒྱུད་ཀྱི་གླེང་གཞི་ལྟར་ན་མཆོག་གི་སྤྲུལ་པའི་སྐུ་སྟོན་པ་ཐུབ་པའི་དབང་པོ་མྱ་ངན་ལས་འདའ་ཚུལ་བསྟན་ནས་ལོ་ཉི་ཤུ་རྩ་བརྒྱད་ན། རི་མ་ལ་ཡའི་རྩེ་མོར། སྟོན་པ་གསང་བའི་བདག་པོས། འཁོར་དམ་པའི་རིགས་ཅན་དྲྭ་མ་ལྔ་སོགས་ལ། སྔར་འོག་མིན་སོགས་སུ་གསུངས་བའི་གསང་བའི་ཏནྟྲ་རྣམས་སླར་ཡང་བཟླས་ཏེ་གསུངས་པ། སྐལ་ལྡན་རྒྱལ་པོ་ཛཿསོགས་རིག་པ་འཛིན་པ་རྣམས་ལས་བརྒྱུད་དེ་མི་ཡུལ་དུ་དར་བར་མཛད་པ་དང༌། སྒྲུབ་སྡེ་རྣམས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་མཆོད་རྟེན་བདེ་བྱེད་བརྩེགས་པར་སྦས་པ་གྲུབ་བརྙེས་ཀྱི་བཀའ་བབ་རིག་འཛིན་བརྒྱད་ཀྱིས་སྤྱན་དྲངས་པ་དང༌། རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་སྟོན་པ་རྡོ་རྗེ་སེམས་དཔའ་ལས་དངོས་སུ་གསན་པས་མཚོན་ངོ་མཚར་བའི་གླེང་གཞི་དུ་མ་ཡོད་པ་ལས་འཕྲོས་ཏེ། དུས་སྐབས་འདི་དང་འབྲེལ་བའི་ཕུན་སུམ་ཚོགས་པ་ལྔའི་ཆེ་བའི་ལོ་རྒྱུས་ཅུང་ཟད་ཞུ་ན། སྤྱིར་སངས་རྒྱས་ཕལ་པོ་ཆེ་ལས། སངས་རྒྱས་ཡེ་ཤེས་སྤྱོད་ཡུལ་བསམ་ཡས་པས། །བྱིན་རླབས་རྣམ་འཕྲུལ་དེ་དག་འདི་ལྟ་བུ། །ཞིང་ཁམས་རྒྱ་མཚོ་བསྟན་པ་མཐའ་དབུས་མངོན། །རྣམ་པར་སྣང་མཛད་ཆོས་ཀྱིས་ཡོངས་སུ་སྦྱངས། །བྱང་ཆུབ་སེམས་ནི་ཀུན་ཏུ་བསམ་པ་བཞིན། །སྨོན་ལམ་རྒྱ་མཚོ་བསམ་ཡས་རྣམ་སྦྱངས་ཤིང༌། སེམས་ཅན་ལས་རྣམས་རྒྱ་མཚོ་བསམ་ཡས་པས། །ཕྱོགས་ཀུན་ཞིང་ཁམས་རྒྱ་མཚོ་ཐམས་ཅད་འབྱུང༌། །བྱང་ཆུབ་སེམས་དཔའ་ཀུན་གྱི་རྣམ་འཕྲུལ་དང༌། །ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་སྒོ། །སྨོན་ལམ་རྒྱ་མཚོ་ཐམས་ཅད་མངོན་བསྐྲུན་ཤིང༌། །ནམ་མཁའི་དབྱིངས་དང་འབྱམས་ཀླས་ཞིང་འབྱུང་ངོ༌། སྤྱོད་པ་རྒྱ་མཚོ་མཐའ་དང་དབུས་མེད་རྣམས། །སྤྱོད་ཅིང་ཚད་མེད་བདེ་གཤེགས་ཡུལ་ལ་འཇུག །ཕྱོགས་ཀྱི་ཞིང་ཁམས་རྒྱ་མཚོ་ཀུན་སྦྱངས་ཤིང༌། །བསྐལ་པ་མཐའ་ཡས་ཞིང་རྣམས་རེ་རེར་སྦྱོང༌། །སེམས་ཅན་ཁམས་དབྱིངས་བསམ་གྱིས་མི་ཁྱབ་པའི། །ལས་ཀྱི་ཞིང་རྣམས་རྒྱ་མཚོ་ཐམས་ཅད་འབྱུང༌། །ཞེས་གསུངས་པ་ལྟར་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་ལྷུན་གྱིས་རྫོགས་པའི་སྐུ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་ཡེ་ཤེས་གངས་ཅན་མཚོའི་བ་སྤུའི་ཁུང་བུ་རེ་རེ་ལའང་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ཀྱི་བཀོད་པ་དང་ལྡན་པས། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ཞིང་ཡང་སྣང་ཞིང༌། སྐུ་གཅིག་ལ་ཞིང་རབ་འབྱམས་རྫོགས་ཤིང༌། སྐུ་རེ་རེས་ཀྱང་ཞིང་ཁམས་རྒྱ་མཚོར་ཁྱབ་ཀྱང་ཞིང་དང་སྐུ་ལ་ཆེ་ཆུང་དང་ཡང་དོག་ལ་སོགས་མཐའ་ཡས་པ་སྣང་བ་ལས། སངས་རྒྱས་རྣམ་པར་སྣང་མཛད་སྤྲུལ་པའི་སྐུའི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ནི་སངས་རྒྱས་སྤྲུལ་པའི་སྐུ་གཅིག་གི་ཞིང་ཁམས་ཏེ། དེ་ལས་བྱེ་བྲག་ཏུ་སྐབས་སུ་བབ་པའི་གནས་ཕུན་སུམ་ཚོགས་པ་ནི། བསྐལ་བཟང་སངས་རྒྱས་སྟོང་གི་གདུལ་བའི་ཞིང་འདི་ནི། འཛམ་གླིང་གི་ཡུལ་དབུས་རྡོ་རྗེ་གདན་བྱང་དུ་རི་ནག་པོ་དགུ་ལས་འདས་མཚམས་རི་བོ་གངས་ཅན་དང༌། སྤོས་ངད་ལྡན་གྱི་བར་མཚོ་མ་དྲོས་པ་ཁ་འབབ་ཆུ་བོ་བཞིས་གཡས་སུ་བསྐོར་བའི་མཚོ་འགྲམ་དུ། ཛམྦུ་བྲྀཀྵའི་འབྲས་བུ་མཚོར་ལྷུང་བའི་སྒྲ་ལས་ཛམ་བུ་གླིང་ཞེས་འབྱུང་བ། ཤིང་དེས་མཚོན་པའི་གླིང་ཡིན་པས་ཛམ་གླིང་ཞེས་གྲགས་པ་ཛམ་གླིང་ལས་ཀྱི་ས་པ་ལ། དཔལ་དུས་ཀྱི་འཁོར་ལོའི་དགོངས་པ་ལྟར་དུམ་བུ་བཅུ་གཉིས་གསུངས་པའི་གླིང་ལྷོ་མ་གསུམ་ལ་ཛམ་གླིང་ཆུང་ངུ་ཞེས་བཤད་པའི་ལྷོ་གླིང་དབུས་མ་ལ་ཡུལ་དྲུག་སྟེ། དང་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་བསྐྱེད་པ་རྡོ་རྗེ་དབང་ཕྱུག་གིས་བདག་གིར་མཛད་པའི་ཡུལ་བོད་དང༌། འཕགས་པ་ཤཱ་རིའི་བུ་དང་རྣམ་ཐོས་སྲས་ཀྱིས་མཚོ་དྲལ་ནས་མཆོད་རྟེན་གོ་མ་ས་ལ་གྷནྡྷོ་བཞུགས་པ་ལི་ཡུལ། འཕགས་པ་འཇམ་དཔལ་དབྱངས་གཞོན་ནུའི་ཚུལ་གྱིས་བཞུགས་ཤིང་རི་བོ་ཆེན་པོ་བཞིས་བརྒྱན་པ་རྒྱ་ནག །ཆོས་རྒྱལ་རིགས་ལྡན་སུམ་ཅུ་རྩ་གཉིས་ཀྱིས་བསྐྱངས་ཤིང་ཱ་ལ་པ་གཙོ་བོར་གྱུར་པའི་གྲོང་ཁྱེར་བྱེ་བ་ཕྲག་བདུན་བཅུ་རྩ་བདུན་དང་ལྡན་པའི་ཡུལ་ཤམྦྷ་ལ་དང༌། འཛམ་གླིང་འདིའི་གཡོན་ཟུར་དུ་རི་གངས་ལྡན་ཏེ་ཡུལ་དྲུག་ལས་གཙོ་བོར་འཕགས་ཡུལ་གྱི་ལྟེ་བ་རྡོ་རྗེ་གདན་བསྐལ་བཟང་རྣམ་འདྲེན་སྟོང་གིས་མངོན་པར་བྱང་ཆུབ་པའི་མཛད་པ་སྟོན་ཕྱིར་བྱང་ཆུབ་ཤིང་གིས་སྤ་བ། མ་གྷ་དྷ། ཡངས་པ་ཅན། མཉན་ཡོད། གནས་བཅས། ཙམ་པ་ཀ་ཝཱ་ར་ཎཱ་སི་སོགས་གྲོང་ཁྱེར་ཆེན་པོ་དྲུག་དང༌། བྷང་ག་ལ། ཀོ་ཤམྦྷི། ཀསྨི་ར་སོགས་ཡུལ་འཁོར་མང་པོས་གང་བ། བདག་ཅག་གི་སྟོན་པ་འདི་ལའང་བསྐལ་བཟང་རྣམ་འདྲེན་བཞི་པས་བྱིན་གྱིས་བརླབས་པའི་གནས་ཆེན་བརྒྱད་དུ་གྲགས་པ་ལས། རྒྱལ་བས་ལྷ་ཡུལ་སུམ་ཅུ་རྩ་གསུམ་དུ་ཡུམ་ལ་དྲིན་ལན་བསབ་པའི་མདོ་གསུངས་ཏེ་དབྱར་གནས་ནས། སླར་ཡང་འཛམ་གླིང་དུ་བབ་པའི་གནས་ཆེན་དང༌། ཐབས་ཀྱིས་ཉེ་བར་སྟོན་པའི་གཏད་རབས་བདུན། ཤིང་རྟ་ཆེན་པོ་གཉིས། འཛམ་གླིང་མཛེས་པའི་རྒྱན་དྲུག །རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི་སོགས་ཐམས་ཅད་བལྟམས་ཤིང༌། གདོད་ནས་གྲུབ་པའི་གནས་ཆེན་ཉེར་བཞིས་བསྐོར་བ་དབང་པོའི་ཕྱོགས་སུ་ཉི་ཟླ་འཆར་སྔ་ཤིང་ནམ་མཁའི་མཐིལ་ཡངས་པ་རྒྱས་པའི་ལས་སྒྲུབ་པའི་ཕྱོགས་སུ་ལྷུན་ཆགས་ལྟ་ན་སྡུག་པའི་ས་འཛིན་གྱི་ཕྲེང་བ་བསྟར་ལེགས་པ། ལྷ་མིའི་འཇིག་རྟེན་ན་སྙན་པར་གྲགས་པའི་ལྷ་བབ་སྐལ་ལྡན་ཤིང་རྟ་སྐུད་ཕྲེང་མུ་ཏིག་གི་རྒྱན་གྱིས་སྒེག་པ་བཞིན་དུ་རྡོ་རྗེ་ཅན་ནས་དབང་གི་ཕྱོགས་སུ་རྒྱུ་བ། ཁང་པ་བརྩེགས་པ་དང༌། གྲོང་དང་གྲོང་རྡལ་དུ་མའི་བཀོད་པས་མཛེས་པར་སྤུངས་པ་ག་ལ་བར། ཨོ་ཌི་ཡཱ་ན་དང༌། ལོ་ཆེན་བཻ་རོ་སོགས་བསྟན་པ་འབའ་ཞིག་ལ་དགོངས་པའི་སངས་རྒྱས་རྣམས་ཀྱི་ཐུགས་བསྐྱེད་རླབས་པོ་ཆེའི་སྨོན་ལམ་གྱི་འཕེན་པ་དང་གཅིག་ཏུ་ངེས་གསང་རྡོ་རྗེ་སྙིང་པོའི་བསྟན་པ་བསྟན་འཛིན་སྲི་ཞུ་སྒྲུབ་པའི་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ལྡན་པ། ཕུལ་དུ་བྱུང་བའི་ཐུགས་ཀྱི་གོ་ཆ་དང་འགྲོགས་ཤིང་བརྩོན་འགྲུས་ལ་ཐང་ལྷོད་མེད་པའི་སྐྱེས་བུ་ཟུང་ལ། འཇིག་རྟེན་སྣང་བའི་གཏེར་གྱི་ཉི་ཟླ་མཁའ་ལ་འཆར་བ་བཞིན་གྱུར་ནས་ནོར་འཛིན་གྱི་ཁྱོན་དེར་ངོ་མཚར་བ་ས་ལ་སྤྱོད་པའི་འོག་མིན་པདྨ་འོད་ཨོ་རྒྱན་སྨིན་གྲོལ་གླིང་གཉིས་པ་ཞིག་གནས་དེར་འཆར་བའི་སྐྱ་རེངས་ཤར་བ་དང༌། སངས་རྒྱས་གཉིས་པའི་ཞལ་སྐྱིན་ཚད་ལས་གྲུབ་པའི་ཕྲིན་ལས་ཀྱི་སྣང་བས་ཕྱོགས་ཀྱི་གོ་སྐབས་དོག་པོར་བྱེད་པའི་སྐྱབས་རྗེ་བདུད་དཔུང་མཐར་བྱེད་ཨོ་རྒྱན་འགྲོ་འདུལ་གླིང་པས་ངེས་དོན་ཆོས་ཀྱི་དགའ་ཚལ་གླིང་ཞེས་མཚན་གྱི་དྲིལ་ས་གསུམ་གྱི་ཁྱོན་ན་སྙན་པར་བསྒྲགས་པ་དང༌། སྟོན་པ་ཕུན་སུམ་ཚོགས་པ་ནི། སྟོན་པ་རྡོ་རྗེ་རྒྱལ་པོ་རྒྱུད་ནས་གསུངས་པའི་ཡན་ལག་ཚང་བ་ཤིན་ཏུ་ཉུང་ཡང༌། ཚད་མར་གྱུར་པའི་སྐྱེས་བུ་དམ་པ་དུ་མ་ཞིག་གིས་དགོངས་གཞི་དགོས་པར་གཟིགས་ཏེ་འགྲོ་ཀུན་བདེ་གཤེགས་སྙིང་པོའི་རང་བཞིན་ཅན་ལ་འཇམ་དབྱངས་བླ་མ་མཁྱེན་བརྩེའི་སྤྲུལ་སྐུར་གྲགས་པ་སྟེ། སྤྲུལ་གཞི་ནི་འཕགས་བོད་གཉིས་སུ་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་བཀའ་བབ་བདུན་དང་ལྡན་པས་ཐུབ་པའི་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག །དུས་ཀྱི་ཐ་མར་མདོ་སྔགས་བཤད་སྒྲུབ་ཆུ་བོ་སྟོང་གི་འབྱུང་གནས་ཆོས་ཀྱི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་པས་མཚན་ཉིད་དང་ལྡན་པའི་རིས་མེད་མཁས་གྲུབ་བཅུ་ཕྲག་ལྔ་ལྷག་ཙམ་གྱིས་རྗེས་སུ་བཟུང༌། མདོ་སྔགས་རིགས་གནས་དང་བཅས་པའི་གཞུང་ཕལ་ཆེར་ཐོས་པའི་སྐལ་བཟང་ལྡན་ཅིང༌། རྒྱལ་བསྟན་རིན་པོ་ཆེའི་སྙིང་པོ་ཐམས་ཅད་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནོ། །ཆོས་ཕུན་སུམ་ཚོགས་པ་ནི། བསིལ་ལྡན་བོད་ཀྱི་སྐྱེ་འགྲོ་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་ཞིང་སྙིགས་མའི་མཐར་སྐྱེས་པའི་ཡིད་ཅན་ལ་ཆོས་ཅན་ལ་ཆོས་ཀྱི་བགོ་སྐལ་ཅི་འདོད་དུ་སྤྱོད་པའི་ཕ་ནོར་ཟབ་གཏེར་གྱི་སྙིང་པོ་བླ་མ་སྐུ་གསུམ། སྒྲུབ་པ་སྡེ་བརྒྱད། མཁའ་འགྲོ་ཆོས་སྐྱོང༌། མཆོག་དང་ཐུན་མོང་གི་ཕྲིན་ལས་རབ་འབྱམས་བསྒྲུབ་པའི་གཞི་ནང་རྒྱུད་ཡོ་ག་གསུམ་གྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའི་བརྒྱུད་པ་དགུ་ལྡན་སེལ་མེད་པ་མཁའ་འགྲོའི་ཞལ་རླངས་ཐུ་ལེ་བ། དངོས་གྲུབ་ཀྱི་དྲོད་རྟགས་མ་ཡལ་བ་འབའ་ཞིག །གསང་བའི་བདག་པོར་རིག་འཛིན་རྩལ་འཆང་རྣམ་པ་གསུམ་གྱིས་བཀའ་ཡི་བསྡུ་བ་མཛད་པའོ། །དུས་ཕུན་སུམ་ཚོགས་པ་ནི། སྤྱིར་ཆོས་ཀྱི་ཉི་མ་ཤར་བའི་དུས་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ཀྱང༌། གཙུག་ལག་གི་གཞུང་དང་བསྟུན་ཏེ་རྟེན་འབྱུང་ཁྱད་དུ་མི་གསོད་པའི་ཚུལ་དུ་བྱས་ཏེ་ས་རྟ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་འཕེལ་ཚེས་བཅུ་ལ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་མཚན་དཔེ་ཉིན་བྱེད་གངས་ཅན་གདུལ་བྱའི་སྐལ་བཟང་གི་སྲོག་གི་གཉེན་དུ་འཆར་བས་རྒྱལ་བསྟན་རིན་པོ་ཆེའི་ཤིང་རྟ་འདྲེན་པར་ཆས་ཏེ་བསམ་ཡས་ཧས་པོ་རི་ནས་ཁྲོ་བོའི་གར་གྱིས་ས་གཞི་བཏུལ་ཞིང༌། བོད་ཀྱི་ལྷ་སྲིན་ཆེ་དགུ་དམ་ལ་བཏགས་པའི་མཛད་པ་སྟོན་པའི་དུས་ཀྱི་ཉི་མ་ལ་བྱིན་རླབས་ཀྱི་སྒོ་འབྱེད་དུ་བླ་མའི་ཐུགས་སྒྲུབ་ཀུན་གྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་བླ་མ་གསང་བ་འདུས་པའི་ཟླུམ་པོ་བཞི་དབང་དང༌། ཆོས་རྒྱལ་གཏེར་བདག་གླིང་པའི་ཟབ་གཏེར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྨིན་དབང་ཁྲིད་དང་འབྲེལ་བས་ཆོས་སྒོ་ཕྱེ་ནས། ས་ལུག་དབོ་ཟླ་བའི་དཀར་ཚེས་ཉེ་བ་ལ་བར་ཆད་མེད་ཅིང་ཐོག་མཐའ་བར་དུ་དགེ་བས་གྲུབ་པ་དང༌། འཁོར་ཕུན་སུམ་ཚོགས་པ་ནི། རྒྱལ་བསྟན་རིན་པོ་ཆེའི་ཞབས་ཏོག་རྣམ་དཀར་གྱི་བགྱི་བ་སྟོབས་ཆེན་གྱི་ཁུར་བཞེས་པ་པོ་ནི། མདོ་སྨད་སྔ་འགྱུར་བསྟན་པའི་འབྱུང་གནས་ཀཿདཔལ་གཉིས་ཞེས་འཛམ་གླིང་གི་ཐ་གྲུར་གྲགས་པ་ལས། དཔལ་ཡུལ་རྣམ་རྒྱལ་གླིང་གི་མཆོག་སྤྲུལ་ནོར་བུ་རྣམ་གསུམ་དུ་གྲགས་པ་ལས་དཔལ་ཡུལ་རྫོང་ནོར་རིན་པོ་ཆེ་དང༌། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་ཚུལ་གནས་མཁྱེན་ཡོན་ཕུལ་དུ་བྱུང་བའི་མཁོ་སྤྲུལ་མདོ་རྒྱུད་རྒྱ་མཚོ་གཉིས་ཀྱིས་ཐུགས་བསྐྱེད་ལས་བྱུང་བའི་ཚེ་དཔལ་ཡུལ་གདན་སའི་མཆོག་སྤྲུལ་འཇིགས་མེད་བློ་གྲོས་སེང་གེ་པདྨ་རྒྱལ་མཚན་མཆོག་དང༌། མཆོག་གླིང་གི་གདན་ས་གོང་འོག་གཉིས་ཀའི་གཏེར་སྤྲུལ་སོགས་སྔ་འགྱུར་རྙིང་མ་པ་དང༌། དཔལ་ལྡན་འབྲུག་པའི་སྐྱེས་ཆེན་རྡོ་རྫོང་མཆོག་གི་སྤྲུལ་སྐུ་རྣམ་པ། ཕྱོགས་ཀྱི་ཡུལ་གྲུ་ནས་བྱོན་པའི་མཁས་བཙུན་དགེ་འདུན་གྱི་སྡེ། སྔགས་བཙུན་ཨ་ནེ། དད་ལྡན་ཁྱིམ་བདག་ཕོ་མོ་སོགས་ཐམས་ཅད་དཀོན་མཆོག་གསུམ་ལ་བླ་མར་བྱ་བའི་དད་པས་ཉེ་བར་བསྐུལ་ཏེ། ཆོས་བཀའ་ཟབ་མོ་ཐོབ་དཀའ་བའི་འདུ་ཤེས་དང༌། བསྟན་འགྲོའི་དགེ་མཚན་དང་ལྡན་པའི་བསམ་སྦྱོར་རྨད་དུ་བྱུང་བ་འདི་ལྟ་བུ་ནི་བླ་མ་དང་ལྷག་པའི་ལྷས་བྱིན་རླབས་ཀྱིས་ཐོག་མཐའ་བར་དུ་དགེ་ཤིང་ཤིས་པ་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་འདི་ལགས་སོ། ཕུན་ཚོགས་ལྔ་དང་ལྡན་པ་ནཱ་དའི་གཏམ། །ཕུན་ཚོགས་དད་པའི་དཔལ་དུ་ལེགས་སྒྲོགས་པས། །ཕུན་ཚོགས་བསྟན་འགྲོའི་དཔལ་ཡོན་ཕྱོགས་དུས་ཁྱོན། །ཕུན་ཚོགས་འགྲིབ་མེད་འཕེལ་བའི་རྒྱུར་གྱུར་ཅིག །ཅེས་པའང་སྔ་འགྱུར་བསྟན་འགྲོའི་དཔལ་མགོན་རྫོང་ནོར་མཆོག་གི་སྤྲུལ་པའི་སྐུའི་གསུང་གིས་བསྐུལ་བ་བཞིན་རྒན་པོ་མངྒ་ལས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:01, 1 June 2024
Wylie title | phun sum tshogs pa lnga ldan las brtsams pa'i 'bel gtam dad gsum pad dkar bzhad pa'i nyin byed | |
---|---|---|
Location | dil mgo mkhyen brtse bka' 'bum Volume 4, Text 1, Pages 1-7 (Folios 1a to 7b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. phun sum tshogs pa lnga ldan las brtsams pa'i 'bel gtam dad gsum pad dkar bzhad pa'i nyin byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 4: 1-7. Delhi: Shechen Publications, 1994. | |
Genre | Discourses - gtam | |
Colophon |
།ཅེས་པའང་སྔ་འགྱུར་བསྟན་འགྲོའི་དཔལ་མགོན་རྫོང་ནོར་མཆོག་གི་སྤྲུལ་པའི་སྐུའི་གསུང་གིས་བསྐུལ་བ་བཞིན་རྒན་པོ་མངྒ་ལས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། | |
/ces pa'ang snga 'gyur bstan 'gro'i dpal mgon rdzong nor mchog gi sprul pa'i sku'i gsung gis bskul ba bzhin rgan po mang+ga las bris pa don dang ldan par gyur cig/ |