DKR-KABUM-22-ZA-002: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-22-ZA-002
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=ZA | |||
|textnuminvol=002 | |||
|pdflink=File:DKR-KABUM-22-ZA-002.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། གཉགས་ལུགས་ཕུར་པའི་བསྙེན་ཟིན་ཕྲིན་ལས་རོལ་པའི་རྒྱན་ཞེས་བྱ་བ་བཞུགས།། | |||
༄༅། །ན་མོ་གུ་རུ་བཛྲ་ཀུ་མཱ་ར་ཡ། པཎ་ཆེན་བི་མ་ལ་མི་ཏྲས་གཉགས་ཆེན་ཡེ་ཤེས་གཞོན་ནུ་ལ་སྙན་བརྒྱུད་དུ་གདམས་པའི་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ཉམས་སུ་ལེན་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་གྱི་སྟེགས་བུའམ་གཏོར་ཁང་ནང་དུ་འཛོམ་ན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་མཎྜལ་སྟེང་མེ་ཏོག་སྔོན་པོའི་ཚོམ་བུ་གཙོ་བོ་གཅིག །མདུན་དང༌། གཡས་གཡོན་དུ་སྲས་མཆོག་འཁོར་ཁྲོ་བཅུ་དང༌། ཕྱོགས་བཞིར་སྲས་བཞི། དེ་རྒྱབ་སྒོ་བཞིའི་ཚུལ་དུ་བཞི་བཀོད་པའི་ཁར་འཕྲུལ་སྟེགས་ཨེ་ཁྲོམ་ལ་བསྙེན་པའི་སྐབས་གཙོ་བོའི་ཕུར་པ་གཅིག་ལ་བརྟེན་ཆོག་པས་བྱུག་གདུག་བྲབ་གསུམ་གྱི་རྫས་ཚུལ་བཞིན་བསྒྲུབས་པའམ། མ་འབྱོར་ན། རྡོ་རྗེ་ཕུར་པའི་སྔགས་ཀྱིས་བཏབ་པའི་ཡུངས་ཀར་གྱི་ཐུམ་བུ་མགུལ་དུ་བཏགས་པ་བཀོད། མདུན་དུ་སྤྲོ་ན་རྟེན་གཏོར་རྒྱས་པའམ། མཆོད་གཏོར་དཔལ་བཤོས་འཁོར་བཅུ་ཐེབ་ཀྱུས་ལྟེམས་པ། གཡས་སུ་སྨིན་ལུགས་དམ་ཅན་སྤྱི་གཏོར། གཡོན་དུ་བཀའ་གཏེར་སྲུང་མའི་གཏོར་མ་དཔུང་རོང་གི་འཁོར་ཕུར་སྲུང་བཅུ་གཉིས་ཀྱིས་བསྐོར། གསུམ་ཀ་དར་གདུགས་མཐིང་ག་བཅས། དེའི་གཡས་གཡོན་དུ་སྨན་རཀ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་རམ་བསྐོར་བཤམ། རྒྱབ་ངོས་སུ་ཚེ་འབྲང་བུམ་གཟུགས་གཡས་གཡོན་མངར་གསུམ་དང་སྦྱར་བའི་ཚེ་རིལ་ཆང༌། ཚེ་མདར་དར་སྣ་མེ་ལོང་གཡུ་བྱང་བཏགས་པ་རྣམས་བཞག །གཞན་ཡང་སྔོན་འགྲོ་དཀར་བགེགས། གཏེར་སྲུང་གཏོར་འབུལ། ཚོགས་བྱེད་ན་དེའི་ཆས་དང༌། ཆད་བརྟན། ཉེར་མཁོ་རྣམས་ཚོགས་པར་བྱའོ། །གཉིས་པ་ལ། བསྙེན་སྒྲུབ་ལས་སྦྱོར་གསུམ་ལས། དང་པོ་ནི། གྲུབ་ན་སྔོན་འགྲོ་སྣ་སེལ་སཱཙྪ་ཆུ་གཏོར། གསུང་རབ་ཀློག་པ། བཤགས་སྦྱོང་སོགས་སྤྱི་འགྲོ་ལྟར་ཅི་འགྲུབ་བྱ། མགོ་ཕུར་འཛོམས་པ་བྱུང་ན་ལེགས་ཤིང་དུས་དགེ་བའི་ཕྱི་དྲོ་ཞིག་ནས་ཐུན་གྱི་དབུ་བརྩམས་ཏེ་རྣམ་འཇོམས་ཀྱིས་བསྒྲུབས་པའི་ཁྲུས་ཆབ་ཀྱིས་གནས་ཁང་ཡོ་བྱད་ཐམས་ཅད་ལ་འཐོར། དཀར་གཏོར་སྤྱི་འགྲོ་བཏང༌། སྒོ་དྲུང་དུ་ཐོ་དཀར་པོ་བཙུགས་པ་ལ་རྒྱལ་ཆེན་བསྐྱེད་བསྟིམས་གཏོར་འབུལ་ཡང་སྤྱི་ལྟར་བྱ། ཚིག་བདུན་དང་བརྒྱུད་འདེབས་བཏང༌། ལས་བྱང་གཞུང་ལྟར་སྐྱབས་སེམས་ནས་དབུ་བརྩམས། ཉིན་དང་པོ་ལ་བགེགས་གཏོར་བཏང༌། ཕུར་པ་བྱིན་རླབས་སྐབས། དཀྱིལ་འཁོར་དབུས་ཀྱི་ཕུར་པ་དང་ལས་ཕུར་ཡོད་ན་གཉིས་ཀ་ལ་དམིགས་པ་གཏད། མངོན་རྟོགས་ཏིང་འཛིན་རྣམ་གསུམ་ནས་བདག་མདུན་དབྱེར་མེད་དུ་བྱས་ལ་དམ་ཚིག་དཀྱིལ་འཁོར་རྫོགས་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། ཕྱག་མཆོད་བསྟོད་པའི་བར་དུ་བཏང༌། དེ་ནས་ཐོག་མར་བསྙེན་པ་ལ་ཛཔ་བསྐུལ་མི་དགོས། བསྙེན་དམིགས་བདག་ཉིད་ཐུགས་ཀར་ལྷ་གསལ་བཏབ་ལ། ཕྲེང་བ་བྱིན་རླབས་སྤྱི་འགྲོའམ། དབྱངས་གསལ་དང༌། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ན་ཡ་སྭཱ་ཧཱ། ཞེས་ལན་བདུན་བརྗོད་པས་བྱིན་བརླབས་ནས་བཟླས་པ་ལ་འཇུག །ཐུན་མཐར་སྒྲུབ་སྔགས་ཕྲེང་སྐོར་ཙམ་བཟླ། ལས་སྦྱོར་གྱི་བཟླས་པ་མི་དགོས། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་བརྗོད་པས་ལྷག་ཆད་ཁ་བསྐང་ཞིང་བརྟན་པར་བྱ། ལས་བྱང་ལྟར་མཆོད་བསྟོད་བཏང་ལ། དགོང་ཐུན་འདིའི་མཇུག་ཏུ་བཀའ་སྲུང་སྤྱི་བྱེ་བྲག་གི་གཏོར་འབུལ་རེ་འགྲུབ་དགོས་པས། སྤྱིར་སྨིན་ལུགས་དམ་ཅན་སྤྱི་གཏོར་ཉིད་ལེགས་ཤིང་བྱེ་བྲག་བཀའ་གཏེར་སྲུང་མའི་གཏོར་འབུལ་ཕྲིན་ལས་ཐོགས་མེད་ལྟར་བཏང༌། སྐབས་འདིར་དགོང་རེ་བཞིན་གྲུབ་ན་ལེགས་ཤིང་མ་གྲུབ་ན་ཉིན་དང་པོ་དང༌། ཉ་སྟོང་བརྒྱད་གསུམ། བསྙེན་སྒྲུབ་ལས་གསུམ་སོ་སོར་གྲུབ་པའི་སྐབས་ཐམས་ཅད་ཀྱི་རྗེས་སུ་ཚོགས་མཆོད་རེ་འབུལ་དགོས་པས་ལས་བྱང་ལྟར་བསྐང་བ་དང་བཅས་པ་བྱ། ཚོགས་ཀྱི་ཐོག་མར་བརྗོད་མེད་དོན་བཤགས་ཡེ་ཤེས་སྐུ་མཆོག་ཚར་རེ་གསུང་པ་ཕྱག་ལེན་ཡིན་ཞིང༌། དེ་འཕྲོས་སྨན་གཏོར་རཀྟ་མར་མེའི་སྐོང་བ་བཅས་པ་མཁྱེན་བརྩེ་རིན་པོ་ཆེའི་གྲུབ་ཐོབ་ཐུགས་ཏིག་ལས་བྱུང་བ་ལྟ་བུའམ། ན་རཀ་སྐོང་བཤགས་སྦྱར་ཀྱང་རུང༌། ན་རག་སྐོང་བཤགས་སྦྱར་ན་བརྗོད་མེད་དོན་བཤགས་མི་དགོས། ཚོགས་བྱིན་རླབས་ནས་ལྷག་མའི་བར་དུ་བཏང༌། ལྷག་མ་སྒྲུབ་པ་མ་གྲོལ་བར་སྣོད་གཅིག་ཏུ་ཁེབས་ཀྱིས་བཀབ། གཞན་རྗེས་རིམ་ལས་བྱང་ལྟར་བྱ། དེ་མན་ཆད་ཐུན་གཞན་རྣམས་ལ་དཀར་བགེགས་བསྔོ་བ་དང་བགེགས་བསྐྲད་རྣམས་མི་དགོས་པས། སྲོད་ཐུན་ལ་ཚིག་བདུན་གསོལ་འདེབས། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས༔ སོགས་ཚིག་རྐང་ལྔ། བསྐལ་པ་མེ་ལྟར་འབར་བའི་གཞལ་ཡས་སོགས་ཚིག་རྐང་ལྔ་གསུང་སྲོལ་སྣང༌། ལས་བྱང་གི་སྐྱབས་སེམས་ནས་བརྩམ་མངོན་རྟོགས་དཀྱུས་ལྟར། ཕྲེང་བ་བྱིན་རླབས་བཅས་བསྙེན་ཐུན་བཟུང༌། ཐུན་མཇུག་སྒྲུབ་སྔགས། ཁ་སྐོང་སྟོང་ཚིགས་སོགས་ནས། འོད་གསལ་བསྡུ་ལྡང༌། བསྔོ་སྨོན་ཤིས་བརྗོད་བཅས་ཉལ་བའི་རྣལ་འབྱོར་ལ་འཇུག །ཐུན་རེ་རེ་བཞིན་མཆོད་པ་ཁ་གསོས་ལ་བདུད་རྩིས་བྲན་པའང་མ་ཆག་པར་བྱ། ཕྱིར་ནང་ཐོར་ཐུན་ལ་ལྡང་བའི་རྣལ་འབྱོར་གྱིས་ལྡང༌། ངག་བྱིན་རླབས། བདུད་རྩི་རིལ་བུའམ་ཆོས་སྨན་མྱང༌། ཚིག་བདུན་ནས་བརྩམ་མཇུག་གི་ཤིས་བརྗོད་བར་སྲོད་ཐུན་དང་འདྲ། དེ་ལྟ་བུའི་སྔ་དྲོ། ཕྱི་དྲོ། སྲོད་ཐུན་ཏེ་ཐུན་བཞིའམ། ཐོར་ཐུན་མི་ལྕོགས་ན། སྔ་ཕྱི་སྲོད་ཐུན་གསུམ་གཅོད་ལུགས་དེ་ཁོ་ན་ལྟར་ལ། ཕྱི་ཐུན་ནམ་དགོང་ཐུན་གཤམ་དུ་སྲུང་མའི་གཏོར་འབུལ་མ་ཆག་པ་དང༌། ཚོགས་མཆོད་ནམ་གྲུབ་ཀྱང་སྐབས་དེར་འབུལ་ལུགས་ཉིན་དང་པོར་སྨོས་པ་ལྟར་རོ། །བསྙེན་པའི་སྐབས་ཀྱི་དམིགས་པ་ནི། རང་རྡོ་རྗེ་གཞོན་ནུའི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་པའི་དབུས་སུ་ཡེ་ཤེས་སེམས་དཔའ་རྡོར་སེམས་ལོངས་སྐུའི་ཆས་ཅན་རྡོར་དྲིལ་བསྣམས་པ་ཞབས་ཕྱེད་སྐྱིལ་བཅས། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སོར་བཞིའི་སྟེང་དུ་གསེར་གྱི་རྡོ་རྗེ་ཚོན་གང་བ། དེའི་ལྟེ་བར་ཧཱུྃ་ལ་ཀཱི་ལ་ཡ་འབྲུ་དགུས་བསྐོར་བའི་སྒོ་སྲུང་རྟ་མགྲིན་པདྨ་བྷཉྫ་འཛིན་པ་དང་བཅས་པ་ཞལ་ནང་བསྟན་དུ་བཞུགས་པར་གསལ་གདབ། སྔགས་ཕྲེང་ཀློག་པའི་ཚུལ་གྱིས་བཟླ། བདག་གི་ཐུགས་སྲོག་ལས་འོད་ཟེར་འཕྲོས། གདོད་ནས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ། གཙོ་བོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། རྒྱལ་བ་ཐམས་ཅད་ཀྱི་ཐུགས་དམ་གནད་ནས་བསྐུལ་ཏེ། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་ཨོཾ་དཀར། ཨཱཿདམར། ཧཱུྃ་མཐིང་གསུམ་གྱི་ཚུལ་དུ་རང་གི་གནས་གསུམ་དུ་བར་མ་ཆད་དུ་ཐིམ། ཡང་འོད་ཟེར་གྱིས་བསྐུལ་བས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་ནུས་མཐུ་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱི་ངོ་བོར་སིབ་སིབ་བདག་ལ་ཐིམ་པར་བསྒོམ་ཞིང་བཟླ། ཡང་འོད་ཟེར་ཕར་འཕྲོས་མ་དག་པའི་སྣོད་བཅུད་ཀྱི་འཇིག་རྟེན་ལ་ཕོག །སེམས་ཅན་གྱི་སྒྲིབ་གཉིས་བག་ཆག་དང་བཅས་པ་སྦྱངས། སྣོད་བཅུད་རྡོ་རྗེ་ཕུར་པའི་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ཏུ་སད་པར་བསམས་ལ། བསྙེན་སྔགས་འབྲུ་དགུ་བཟླ། བསྙེན་གྲངས་ཐེམས་ནས་སྒྲུབ་པ་ལ་འཇུག་པའི་ཚེ་ཛཔ་ཁང་དབྱེ་དགོས་པས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་སོགས་ཀྱི་བདག་མདུན་མེ་རི་འདབས་འབྱོར་དུ་བསྒོམ། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་སོགས་ཛཔ་བསྐུལ་བྱ། དང་པོ་བསྙེན་པ་འབྲུ་དགུ་སྟོང་ཕྲག་ཙམ་བཟླ། དེ་ནས་སྒྲུབ་པའི་བཟླས་པ་ལ་འཇུག་སྟེ། བདག་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ཡིག་ལས་སྒྲུབ་སྔགས་མགལ་མེའི་ཕྲེང་བ་བཞིན་དུ་ཕྱུང༌། བདག་ཉིད་ཀྱི་ཞལ་ནས་ཐོན། མདུན་བསྐྱེད་གཙོ་བོ་ཡབ་ཡུམ་གྱི་ཞལ་དུ་ཞུགས། སྐུ་ཡི་དབྱིབས་བརྒྱུད། སྦྱོར་མཚམས་ནས་འཕྲོས། བདག་བསྐྱེད་ཀྱི་སྦྱོར་མཚམས་ནས་ཞུགས། ཐུགས་ཀའི་ཧཱུྃ་ཡིག་ལ་ཐིམ་སྟེ་འོད་ཀྱི་ཕྲེང་བ་མགལ་མེ་ལྟར་འཁོར་བ་ལས་སྐུ་སྔགས་ཕྱག་མཚན་མཚོན་ཆ་མེ་དཔུང་ཕྱོགས་ཐམས་ཅད་དུ་འཕྲོས། འོད་ཟེར་གྱི་བརྟན་གཡོ་རྩི་ཤིང་ནགས་ཚལ་ཐམས་ཅད་ལ་ཕོག་པས་སྲིད་པ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དག །སྣང་སྲིད་ཐམས་ཅད་ལྷ་སྔགས་ཆོས་སྐུའི་རོལ་པ་འབྱམས་སུ་ཀླས། ཀུན་ཀྱང་ཀཱི་ལ་ཡའི་སྔགས་ཀྱི་སྒྲ་དབྱངས་འབྲུག་སྟོང་ལྡིར་བ་ལྟར་བསམས་ལ། སྒྲུབ་སྔགས་འབྲུ་བཅུ་བདུན་པ་གཙོ་བོར་བཟླ། ཐུན་མཇུག་གི་བྱ་བ་སྔར་དང་འདྲ་བ་ལས་ཛཔ་ཁང་རང་ལ་བསྡུ་བ་ཙམ་ཁྱད་པར་རོ། །སྐབས་འདིར་སྤྲོ་ན་དམིགས་གནད་སྔར་བཞིན་ལྷ་སོ་སོ་ལ་གཙོ་བོར་གཏད་དེ་ཁྲོ་བཅུ་ཡབ་ཡུམ་ཕྲ་ཕྱག །སྲས་མཆོག་རྣམས་ཀྱི་རྩ་སྔགས་བཟླས་ཀྱང་རུང༌། ལས་སྦྱོར་ལ་འདོན་འགྲིགས་དང་དམིགས་གནད་ཀྱི་གཞི་སྒྲུབ་པའི་སྐབས་དང་འདྲ་བ་ལས་བསྙེན་སྒྲུབ་སྔགས་སྟོང་རྩ་རེ་ཙམ་དང༌། སྒྲུབ་སྔགས་ལ་སྤུ་གྲི་བཏགས་པ་བཟླ། དམིགས་པ་ནི་རང་གི་ཐུགས་ཀའི་འོད་ཟེར་མདུན་བསྐྱེད་ལ་ཕོག །དེ་ལས་འོད་ཟེར་ལྗང་ནག་ཚ་ཞིང་རྩུབ་པ་འཕྲོས། ཁྲོ་བཅུ་ཕྲ་ཐབས་སྒོ་མ་དམ་ཅན་རྣམས་ལ་ཕོག་པས། དེ་རྣམས་ལས་སྤྲུལ་པའི་ཕོ་ཉ་སྔགས་ཕྲེང་མེ་འོད་མཚོན་ཆའི་ཕོ་ཉ་དཔག་ཏུ་མེད་པ་འཕྲོས་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་ཅིང་བསྟན་འགྲོ་ལ་འཚེ་བའི་དགྲ་བགེགས་ཐམས་ཅད་མངོན་སྤྱོད་དྲག་པོའི་ཕྲིན་ལས་དྲུག་གིས་མིང་ཙམ་ཡང་མེད་པར་རྡུལ་དུ་བརླག་པར་བསམ། མངོན་སྤྱོད་དྲུག་ནི། རིག་པ་མཆོག་གི་རྒྱུད་ལས། ལྷ་དབྲལ་གཟུགས་ལ་དབབ་པ་དང༌། །བྱད་དུ་ཞུགས་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་བསྟབ། །དེ་ལའང་ཕོ་ཉ་འཕྱང་སྔགས་རྫས། །ཏིང་འཛིན་དམོད་པས་ལས་རྫོགས་བྱ། །ཞེས་གསུངས་པ་ལྟར། དང་པོ་ལྷ་དང་དབྲལ་བ། གཉིས་པ་གཟུགས་ལ་དབབ་པ། གསུམ་པ་བྱད་དུ་གཞུག་པ། བཞི་པ་སྨྱོ་རུ་གཞུག་པ། ལྔ་པ་རྡུལ་དུ་རློག་པ། དྲུག་པ་ཞལ་དུ་སྟོབ་པ་དང་དྲུག །དེ་རེ་རེ་ལའང༌། ཕོ་ཉ་བསྐུལ་བ། འཕྱང་གདགས་པ། སྔགས་བཟླ་བ། དབྱེ་རྫས་བྱ་འུག་སོགས་རྫས། ཏིང་འཛིན་དམོད་བོར་བ་དང་དྲུག་ཡོད་ཅིང་རྡུལ་དུ་རློག་པའི་ཁོངས་སུ་བསྒྲལ་ལས་དངོས་སོགས་རྒྱས་པར་ཡོད་ཀྱང་སྨད་ལས་ལོགས་སུ་སྤྲོ་བ་ལས་འདིར་ཞིབ་པར་མ་སྨོས་སོ། །གསུམ་པ་རྗེས་ནི་བཀྲ་ཤིས་པའི་ཆེད་དུ་མཐའ་རྒྱས་ཚེའི་སྒྲུབ་པ་སྦྱོར་ཏེ། བསྙེན་སྒྲུབ་ལས་གསུམ་གྲུབ་པའི་ཐོར་ཐུན་ནམ་སྔ་དྲོ་ནས་དབུ་བཙུགས། འདོན་འགྲིགས་སྔ་མ་ལྟར་ལ་བསྙེན་སྒྲུབ་བཟླས་པ་ཁྱུག་ཙམ་སོང་རྗེས། ཕུར་པའི་ཚེ་སྒྲུབ་བཟླས་པ་འཕྱང་ཟུར་གསལ་ལྟར་སྦྱར་ལ། སྒྲུབ་སྔགས་ཀྱི་གཤམ་དུ་ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཛཿ ཞེས་སྦྱར་བ་བཟླ། ཐུན་མཐར་མདའ་དར་གཡབ་ལ་ཚེ་འགུགས་བྱ། ཐུན་རྗེས་སྔ་མ་རྣམས་དང་མཚུངས། སྤྱིར་བསྙེན་པའི་ཚད་ལ་དུས་གྲངས་གཉིས་ལས་དང་པོ་གྲངས་བསྙེན་གྱི་དབང་དུ་བྱས་ན་བསྙེན་སྔགས་འབུམ་ཕྲག་དགུ། སྒྲུབ་སྔགས་འབུམ་ཚོ་བཅུ་བཞི། བསྙེན་སྒྲུབ་ཀྱི་སྔགས་གཉིས་གོང་ལྟར་སོང་ནས་ལས་སྦྱོར་སྤུ་གྲིའི་སྔགས་ཁྲི་གཅིག་བཟླ། ཚེ་སྒྲུབ་སྔགས་འབུམ་གཅིག་བཟླའོ། །དུས་ཀྱི་དབང་དུ་བྱས་ན་བསྙེན་སྒྲུབ་སོ་སོ་ཟླ་བ་དྲུག་རེ་སྟེ་ཁྱོན་ལོ་གཅིག་ཡན་ཆད་དམ། ཡང་ན་བསྙེན་སྒྲུབ་གཉིས་ཟླ་བ་གསུམ་གསུམ་དང༌། ལས་སྦྱོར་དང་ཚེ་སྒྲུབ་སོ་སོ་ཞག་བདུན་རེ་བྱས་ཀྱང་རུང༌། དེ་ལྟར་བསྙེན་སྒྲུབ་མཐའ་རྒྱས་བཅས་བསྒྲུབས་པའི་ཐོར་ཐུན་ལྟ་བུར་མཆོད་པ་རྒྱས་པ་དང་གཏོར་འབུལ་ཚོགས་མཆོད་སོགས་བཟང་དུ་བཤམ། ཕྲིན་ལས་བཟླས་པ་ཚེ་སྒྲུབ་ཁ་སྐོང་སྟོང་ཚིག་བཅས་སོང་ནས་སྲུང་མའི་གཏོར་ཆོག །བཤགས་སྐོང༌། ཚོགས་མཆོད་ཕུལ། ལྷག་མ་སྔར་བསགས་པ་རྣམས་དང་བཅས་ཕྱི་རོལ་དུ་བཏང༌། ཆད་ཐོ་དང་མཉམ་དུ་བཀའ་སྲུང་གཏོར་མའང་ཕྱི་རོལ་དུ་འབུལ་ཞིང་བརྟན་མ་བསྐྱང༌། མཆོད་བསྟོད་ཕུལ། སྒྲུབ་སྔགས་ལ་ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ བཏགས་པ་བརྒྱ་རྩ་སོགས་ཅི་འགྲུབ་བཟླ། མདུན་བསྐྱེད་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་དང་འབྲུ་གསུམ་དཀར་དམར་མཐིང་གསུམ་ཆར་བབས་པ་ལྟར་འཕྲོས་ནས་རང་གི་གནས་གསུམ་དུ་ཐིམ་པས་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ། ལས་བྱང་ལྟར་དངོས་གྲུབ་བསྐུལ་ཚིག་བརྗོད་ལ། སྒྲུབ་རྟེན་ཕུར་པ། ཚེ་འབྲང་རྣམས་གནས་གསུམ་དུ་གཏུགས། ཚེ་རིལ་ཚེ་ཆང་རོལ། དེ་ནས་ནོངས་བཤགས། བརྟན་བཞུགས་ཕྱིན་སྔར་ལྟར་དང༌། བླ་མ་ཡི་དམ་ལྟ་བུའི་བསྔོ་སྨོན། ཞལ་ནས་གསུངས་པའི་ཐོག་དྲངས་ཤིས་བརྗོད་རྒྱས་པར་བྱ། གྲུབ་ན་ཁ་སྐོང་དུ་ཞི་བའི་སྦྱིན་སྲེག་བསྙེན་སྒྲུབ་ཀྱི་བཅུ་ཆ་དགོས་པ་སྙན་རྒྱུད་ཕུར་པའི་གནད་ཏིག་སྦྱིན་སྲེག་ལྟ་བུས་ཆོག །ཡང་རྒྱུན་ཁྱེར་ཕྲིན་ལས་བཅུད་དྲིལ་ལ་བརྟེན་ནས་འབྲེལ་འཇོག་བསྙེན་སྒྲུབ་ཟླ་གཅིག་ལྟ་བུ་ལ། བརྒྱུད་འདེབས་རྒྱས་བསྡུས་གང་འོས་དང༌། རྒྱུན་ཁྱེར་གྱི་གཞུང་བསྲངས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཅེས་པ་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་གྱི་སྔགས་ཡིན་པས་དེ་ཉིད་བཟླས་ལ་གོང་སྨོས་བསྙེན་པའི་དམིགས་པ་བདུན་ཕྲག་གཉིས། སྒྲུབ་པ་བདུན་ཕྲག་གཉིས། ལས་སྦྱོར་གྱི་སྔགས་སྤུ་གྲི་ཉིན་གཅིག །ཚེ་སྒྲུབ་ཞག་གསུམ་ཙམ་བྱས་པས་རུང་ཞིང༌། སྒྲུབ་པའི་སྐབས་ཛཔ་ཁང་དབྱེ་བ་ལས་བྱང་རྒྱས་པ་ལྟར་དང་ཛཔ་བསྐུལ་ཡང་སྦྱར་རོ། །དངོས་གྲུབ་ལེན་པ་རྒྱས་པར་སྤྲོ་ན་དབང་རྫས་རྣམས་ཚོགས་པར་བྱས་ལ། བདག་འཇུག་ཞག་བདུན་ཙམ་བླངས་ནའང་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །སྤྱིར་བསྐྱེད་རིམ་སྲིད་པ་ཕུར་བུའི་སྒྲུབ་ཚུལ་ལ། གཞུང་དངོས་བྱང་ཆུབ་ནར་མ་དང་༔ ཐུན་མོང་ཚོམ་བུར་སྒྲུབ་པ་ཆེ༔ གློ་བུར་ཅོག་བརྡུངས་ལས་སྦྱོར་གསུམ༔ རེ་རེར་བསྙེན་སྒྲུབ་ལས་ཚང་བར༔ ཞེས་གསུངས་པ་ལྟར་སྒྲུབ་ལུགས་རྣམ་པ་གསུམ་ལས། སྐབས་འདིར་བདག་དོན་བྱང་ཆུབ་ནར་མར་སྒྲུབ་པའི་མན་ངག་གི་སྙེན་སྒྲུབ་ལས་གསུམ་ཆིག་རྫོགས་སུ་བྱ་ཚུལ་མདོ་ཙམ་སྨོས་པ་སྟེ། ལས་བྱང་གི་སྒོམ་རིམ་མཐར་ཆགས་སུ་ཤེས་པར་འདོད་ན་འཇམ་མགོན་ལོ་ཆེན་བློ་གྲོས་མཐའ་ཡས་ཀྱི་གསུང་རད་གླིང་ཕུར་པ་ཡང་གསང་བླ་མེད་ཀྱི་སྒོམ་ཁོག་ཡེ་ཤེས་སྤྱན་འབྱེད་དང༌། ཁོ་བོའི་རིགས་ཀུན་ཁྱབ་བདག་མཁས་གྲུབ་ཀྱི་དབང་ཕྱུག་རྡོ་རྗེ་དབང་མཆོག་ཕྲིན་ལས་འདུས་པ་རྩལ་གྱི་ཆོས་དབང་ཕུར་པ་ཡང་གསང་སྤུ་གྲིའི་རྣམ་བཤད་རིག་འཛིན་ཞལ་ལུང་སོགས་སུ་གསལ་བ་ལྟར་ཉམས་སུ་ལེན་དགོས་སོ། །ཅེས་པའང་རྔ་ཆེན་ཆུ་ཁྱི་ལོར་རང་ལོ་བདུན་ཅུ་དོན་གསུམ་གྱི་ཚེ་གེགས་བར་ཆད་སེལ་ཕྱིར། གྲོ་བཞིན་ཟླ་བའི་འཕེལ་ཚེས་ལ་ལྷག་པའི་ལྷ་འདིའི་ཚོམ་བུ་ཚོགས་སུ་སྒྲུབ་པ་བགྱིས་པའི་སྐབས་ཆོས་འཁོར་རབ་བརྟན་རྩེའི་གནས་བརྟན་སྐུ་བགྲེས་རྡོ་རྗེ་ཚེ་དབང་དང༌། ཆོས་བྲག་བླ་མ་བཀྲ་ཤིས་རྒྱལ་མཚན། ཉི་ལུང་བྱང་འདྲེན་བགྲེས་པ་འཇམ་དབྱངས་བརྩོན་འགྲུས། དགེ་སློང་ཐུབ་བསྟན་ནོར་བུ་སོགས་དད་ལྡན་དུ་མས་གསུང་བསྐུལ་གནང་བ་བཞིན་འཇུག་བདེའི་ལས་ཁྲིགས་ཙམ་དུ་རྙིང་སྔགས་རྒན་བུ་པདྨ་གར་དབང་བདེ་ཆེན་མདོ་སྔགས་གླིང་པ་ཀློང་ཆེན་ནམ་མཁའ་འོད་གསལ་དུ་གྲགས་པ་མིང་པོ་ཆེས་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀྱི་རྒྱལ་ས་ལྟེ་བ་བདེ་ཆེན་ཆོས་འཁོར་གླིང་གི་ཆོས་བཟང་ལྷ་ཡི་འདུན་ས་གཉིས་པ་ན་སྤེལ་བའི་ཚེ། ཡི་གེའི་འདུ་བྱེད་མཁྱེན་བློ་རྨད་བྱུང་སྤྲུལ་པའི་སྐུ་ཀུན་དགའ་བཀྲ་ཤིས་ནས་སྒོ་གསུམ་གུས་པས་བགྱིས་པ་འདིས་ཀྱང་འགྲོ་ཀུན་བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ་ཏེ་ངེས་གསང་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་གྲུ་བཞི་ལམ་ཁྱེར་དུ་རྒྱས་པའི་རྒྱུར་སྨོན་པ་ཤྲཱི་བི་ཛ་ཡནྟུ། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-22-ZA]] | [[Category:DKR-KABUM-Volume-22-ZA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:37, 7 November 2022
🚧 This website is under continued development. We appreciate your patience!
Previous Text"ZA" is not a number. Back to Volume Page"ZA" is not a number.Next Text "ZA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "za"., Text 2, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "ZA" is not a number. |
"ZA" is not a number.