JKW-KABUM-17-TSA-002-006: Difference between revisions

From Khyentse Lineage - A Tsadra Foundation Project
JKW-KABUM-17-TSA-002-006
m (Text replacement - "|editor=rdzong sar blo gros phun tshogs" to "|editor=")
m (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "|editortib=")
Line 10: Line 10:
|editor=
|editor=
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་
|editortib=
|tibgenre=Medicine Texts - gso ba rig pa
|tibgenre=Medicine Texts - gso ba rig pa
|terma=No
|terma=No

Revision as of 15:10, 3 March 2022

རིན་ཆེན་རིལ་བུ་གཏོང་བའི་ཚུལ་ལ།
Wylie title rin chen ril bu gtong ba'i tshul la JKW-KABUM-17-TSA-002.pdf
Location mkhyen brtse'i bka' 'bum
Volume 17, sde tshan 2, Text 6, Pages 211-216 (Folios 33a2 to 35b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. rin chen ril bu gtong ba'i tshul la. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 17: 211-216. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Medicine Texts - gso ba rig pa
Colophon

།རིན་པོ་ཆེའི་རིལ་བུ་གཏོང་བ་དང་ཉམས་པ་གསོ་བའི་ལག་ལེན་སྤར་བཅངས་སུ་བསྟན་པ་ས་མབྟ་མི་ཐི།

rin po che'i ril bu gtong ba dang nyams pa gso ba'i lag len spar bcangs su bstan pa sa mab+ta mi thi

1 Texts in this Section (sde tshan or chos tshan)

[edit]
རིན་ཆེན་རིལ་བུ་གཏོང་བའི་ཚུལ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། གཟའ་སྐར་དུས་ཚེས་ཤིས་པའི་ཉིན། དབེན་ཞིང་ཉམས་དགའ་བའི་གནས་སུ། གཡུང་དྲུང་བྲིས་པའི་གདན་གྱི་སྟེང་དུ་གྲོ་འབོ་གང་དང་། དེ་སྟེང་རས་དཀར་གྱི་གཞི་གདན་ངོས་སུ་འབྲས་དཀར་པོས་སྣ་ཚོགས་རྡོ་རྗེ་དང་། ཕྱོགས་བཞིར་གཡུང་དྲུང་བཞི་བྲི། དར་སེར་པོས་དགབ། དེ་སྟེང་ལྷུང་བཟེད་འབྲུ་སྣ་ཚོགས་ཀྱིས་བཀང་བའི་ནང་ཨ་རུ་ར་བཞིའི་སྟེགས་ཀྱི་ཁར། ཤེལ་ལམ། དཀར་ཡོལ། གསེར་དངུལ་ལྟ་བུའི་ཡོལ་གོ་གཙང་མར་ཇ་བཟང་ཤོང་དཀར་གྱི་རྩེ་མོའི་ཁུ་བའི་དྭངས་མ་སུན་གཅིག་གི་ནང་རིལ་བུ་བཅུག །ཁ་དར་དམར་པོས་བཅད། དེ་སྟེང་ཆོས་གོས་བཞི་བསྟབས་དང་། དེ་སྟེང་སྨན་རྒྱལ་གྱི་སྐུ་༢༤༨རྒྱུད་ད་ལ་སྨན་མདོ་བཞུགས། དར་སྔོན་པོའི་ལྡིང་གུར་ཕུབ། མཐའ་བསྐོར་སྨན་རག་གཏོར་ཚོགས་དང་། བཟང་དྲུག་སོགས་སྐོང་བའི་རྫས་དམིགས་བསལ་རྣམས་དང་། གཞན་ཡང་ཉེར་སྤྱོད་འདོད་ཡོན་གྱི་རིགས་གྱ་ནོམས་པ་མཐོང་བརྒྱུད་ལྟར་བཤམས། སྐབས་སུ་བབས་པ་ན་ནད་པ་ཁ་ཤར་ལ་བལྟ་ཞིང་། སྨན་པའང་དེ་མཐུན་སྟན་བདེ་བར་བསྡད། ནད་བྱིངས་ཆེ་བའི་རིགས་ཞག་གསུམ་བཞིའི་གོང་ནས་བསྡུ་བའི་ཐང་ཐང་ཆེན་ཉེར་ལྔ་སོགས་སྐབས་སུ་གང་འོས་བླུད། སྤྱིར་དོ་ནུབ་གཏང་ན་ཉིན་གུང་ཙམ་ནས་ལྟོ་བཀུག་དགོང་མོ་གཡེར་མ་ཉེར་གཅིག་ཙམ་གྱི་ཐང་ཕོར་པ་གང་ཙམ་གཏང་བས་རྩ་ཁ་དབྱེ། དེ་ནས་སྐྱབས་སེམས་སྔོན་དུ་འགྲོ་བས། དཀར་ཕྱོགས་སྐྱོང་བའི་ཚོགས་དང་འབྱུང་པོ་རྣམས་ལ་གཏོར་མ་སྦྱིན་ནས་བགེགས་བསྐྲད་ནན་ཏན་དུ་བྱ། སྲུང་བའི་འཁོར་ལོས་བཅིངས། བསྐྱེད་བཟླས་སོགས་སྨན་བླ་ལོངས་སྐུའི་བསྒྲུབ་ཐབས་སོར་བཞག་ལ། བཟླས་པའི་འཇུག་ཏུ། ཨོཾ་ཨ་ཀ་ལི། ཀུ་ཀུ་རི་ཧ་འུང་། འབུ་ཛུ་བྷ་ཏི་བྷ་རི་སེ་དྷནྡྷ་བྷིས། བྷག་འུང་། ཨ་ན་བྷིས། བྷེས་འང་གུང་། བྷི་ས་ཀ་རི་ཀ་འུང་། བྷིས་གང་བྷི་བྷིས། ཧ་ར་ཧ་ར། མེ་ཧཱུྃ་ཁྱི་སྭཱ་ཧཱ། པྲ་བྷ་ར་བྷིས། ལ་ཧི་ཀ་ར་རོ། །ཨ་མྲྀ་ཏ། ཀ་རི་ས་རི་ན་རོ། །མ་ཧཱ་དེ་རོ་ནི་ལནྐནྡྷ་དྷ་རོ་ཧོ་ར་ཙ་ཧ་རི་བྷིས། ནནྟི་བྷིས། ཨོཾ་ཤད་དེ་ཤད་དེ་སྭཱ་ཧཱ། ཨོཾ་ཤད་ཤད་བི་ཤད་སྭཱ་ཧཱ། ཨོཾ་དཀྲུག་ལེ་ཧྲཱི། ཨ་ཧྲཱི་ཁ། བརྒྱ་འམ་ཉེར་གཅིག་བཟླས། མཐར་དབྱངས་གསལ་དང་རྟེན་སྙིང་ཅི་མང་བརྗོད། དེ་ནས་མཆོད་ཅིང་བསྟོད་ལ་གསོལ་བ་གདབ། ཞང་བློན་སྡེ་དགུ་ལ་གཏོར་མ་བསྔོ། བརྗོད་མེད་དོན་བཤགས་སྔོན་དུ་འགྲོ་བས་ཚོགས་ཀྱི་ཡོ་བྱད་བསང་སྦྱངས། ཚོགས་ཕུད་ཕུལ། བསྐང་བཤགས་བྱ། གཉིས་པ་ནི། བདུད་རྩི་ཐུན་མཚམས་འཆར་བ་དང་བསྟུན་སྟེ། རིན་ཆེན་རིལ་བུ་བཏེགས་ཏེ་ནད་པའི་སྔས་མགོར་ཕྱིན་ལ། དཔག་ཡས་བསོད་ནམས་སོགས་བརྒྱུད་འདེབས་གཏོང་། བཀའ་སྲུང་དྲེགས་བྱེད་ཚོགས་ལ་གསོལ་བ་འདེབས། ཞེས་པའི་མཚམས་སྨན་པའི་སྲིན་ལག་གིས་བཤིག་ཏེ། འཚོ་མཛད་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས། སོགས་ནས་གཟུངས་སྔགས་ཚར་བདུན་བརྗོད་ཅིང་ཕུད་མཆོད། རང་གིས་ཀྱང་མྱང་། གསེར་གཟུངས་བཟླ་བཞིན་པས་བླུད་ནས་དབྱངས་གསལ་རྟེན་སྙིང་དང་། སྟོང་ཆེན་རབ་འབྱམས་ནས་གསུངས་པའི་བདེན་ཚིག་དང་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་སྟན་ལ་འདུག་སྟེ། བདག་ནི་སྐྱེ་བ་སོགས་དཀྱུས་བཞིན་དང་། ཚོགས་ཀྱི་དངོས་གྲུབ་བླངས་ཏེ་རང་གིས་ཀྱང་རོལ། ནད་པ་ལའང་རྟེན་འབྲེལ་ཙམ་སྦྱིན། དེ་ནས་ཆུ་བསྐོལ་ཚ་མོ་ཞིག་འཐུངས་སུ་གཞུག །གོས་ཤིན་ཏུ་དྲོ་བས་དབྱིབ་ཅིང་རྔུལ་འདོན་བྱ། ལྷག་མ་ནས་བཟུང་རྗེས་ཆོག་དཀྱུས་བཞིན་དུ་གཏོང་ངོ་། །གསུམ་པ་ནི། སང་ཉི་ཤར་དུས་དོམ་མཁྲིས་དང་། ཁ་ཆེ་ཐུན་གཅིག་མར་ཁུ་གསར་པ་བཙག་བཅད་ལ་བཏབ་སྟེ་གཏོང་ནས་རྩ་ཁ་བསྡམས། དེ་ནས་ཉིན་ཕྱེད་ཚུན་ལ་ཟས་མི་ཟ། དེ་ནས་དཀར་གསུམ་སོགས་བཀྲ་ཤིས་༼རིལ་བུ་བསྟན་དུས་ཟངས་ཐལ་མར་སྦྱར་བྱུགས་པ་དང་། རྩ་ཁ་བསྡམས་རྗེས་རླུང་གནོན་ཤ་ཆང་བསྟེན་སྲོལ་ཀྱང་སྣང་།༽ པའི་ཁ་ཟས་ཀྱིས་མདུན་གསུས་ཏེ་བག་ཀྱིས་ཀློད། འོན་ཀྱང་ཁ་ཚ་རུལ་སུམ་དང་། ཉ་ཕག་སྒོ་ང་བྲ་བོ་འཕྱུར་བ་སྟར་བུ་ཆང་སྐྱུར་སོགས་དང་། ཁམ་བུ་ཀུ་ཤུ་སོགས་སྔོ་ངད། རྩིབ་མའི་བར་ཤ །སོག་པའི་ཁྲུམ་ཁྲུམ་སོགས་སྤངས། སྤྱོད་ལམ་ཡང་དྲག་ཤུལ་གྱི་ལས་དང་། རྟ་རྒྱུག ཉིན་གཉིད། བུད་མེད། མགོ་འཇུག་ལྡོག་ཏེ་ཉལ་བ། ཆུ་ཆེན་བརྒལ་བ། རྐང་རྗེན་གྱིས་འགྲོ་བ། ཧ་ཀྱང་འཁྱག་པ་སོགས་དང་། ཝ་ཞབས་སྐས་ཞབས་བུད་མེད་དང་། ཁྱི་དང་། བྱི་ལས་འགོམས་པ། གྲིབ་དང་མི་གཙང་བའི་རིགས་དང་། བཤལ་སྐྱུགས་གཏར་ག་བཟི་སྨན་རྣམས་གཏན་དུ་སྤངས་བའམ། དེ་ལས་སྒོག་བཙོང་ཕག་ཤ་འཕྱུར་བ་དང་། ཝ་སྐས་ཁྱི་དང་བྱི་ལས་འགོམ་པ་དང་། མེ་ཆུ་བརྒལ་བ་རྣམས་ཟླ་གཅིག བཤལ་སྐྱུགས་གཏར་ག་ཟླ་བ་གསུམ་ཚུན་ཆད་སྤངས། དེ་ལས་གཞན་རབ་གཏན། འབྲིང་ལོ་གསུམ། ཐ་མ་ཡང་ལོ་གཅིག་བར་དུ་ངེས་པར་སྤངས་དགོས། དེ་ལྟར་བསྟེན་པས་ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་བཅུ། དུས་མ་ཡིན་པའི་འཆི་བ་བརྒྱད་ལ་སོགས་པ་ཐམས་ཅད་ཞི་ཞིང་། ཚེ་བསོད་དཔལ་འབྱོར་ལུས་ཟུང་རྒྱས། མཐར་ཐུགས་མཁའ་སྤྱོད་ཀྱི་རིག་པ་འཛིན་པར་འགྱུར་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་རྒྱུད་དང་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་མཛད་པའི་གཞུང་དག་ལས་ཤེས་པར་བྱའོ། །ཞར་ལ་མཛེ་ཅན་དམེ་ཕོ་དམ་ཉམས་སོགས་ཀྱི་ལག་ཏུ་འགྲིམ་པ་དང་། ནམ་མཁའ་མཐོང་བ་དང་། ཁྱི་དང་བུད་མེད་བྱི་ལ་སོགས་ཀྱིས་རེག་པས་ཉམས་པ་རྣམས་གསོ་བའི་ཕྱག་ལེན་ནི། ཚེས་བཅོ་ལྔའི་དུས་སུ། ས་མ་རུབ་ཙམ་ནས་ཨ་རུ་སོགས་བཟང་སྨན་སྣ་ཚོགས་ཀྱིས་བཀང་བའི་རིན་པོ་ཆེའི་སྣོད་དུ་རིལ་བུ་ཉིད་དར་དམར་གྱིས་བསྟུམ་ལ་ཁ་བཅད་དེ་བཞག །མཐའ་མཆོད་པས་བསྐོར། སྐྱབས་སེམས་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་དང་། བགེགས་གཏོར་བྱིན། གུ་གུལ་བདུག་ཅིང་། ཧཱུྃ་བཞིས་སྔགས་ལན་མང་དུ་བརྗོད་པའམ། ཡང་ན་སྦྱོང་བ་སྤྱི་ལྟར་བྱས་ནས་བགེགས་ནན་ཏན་དུ་ཕྲལ། དེ་ནས་སྲུང་འཁོར་བསྒོམས་ཤིང་ལས་གཞུང་བསྲངས། བཟླས་པ་ཇི་ལྟར་རིགས་པའི་རྗེས། ཟླ་བ་ཤར་བ་དང་བསྟུན་ཞལ་ཁེབ་བསལ་ནས་ཟླ་བ་མ་གཤེགས་ཀྱི་བར་སྔགས་གསེར་གཟུངས་ངག་བཅད་དེ་ཟླ་བ་གཤེགས་འཕྲལ་ཞལ་ཁེབ་རྒྱབ། མཆོད་བསྟོད་གསོལ་འདེབས་ཚོགས་འཁོར་སོགས་དཀྱུས་བཞིན་མཐའ་རྒྱས་སུ་བྱས་ལ་བརྟན་བཞུགས་རབ་གནས་ནན་ཏན་དང་ཤིས་བརྗོད་རྒྱས་པར་བྱས་ནས་ནང་དུ་གདན་དྲངས་ལ་བཅའ་ག་ལེགས་པར་བྱས་ཤིང་མཆོད་གྲལ་དུ་བསྐུར་བསྟི་དང་བཅས་རེ་ཞིག་འཇོག་ཏེ་དེ་ནས་ཚགས་བྱའོ། །གོང་གི་སྨན་གཏོང་བའི་དུས་སུ་བདུད་རྩི་ཐུན་མཚམས་དང་འགྲིགས་ངེས་དང་། ཉམས་གསོའི་དུས་སུ་སྟོན་ཟླ་ལྟ་བུ་ཟླ་བ་སྤྲིན་དང་བྲལ་བ་ཤིན་ཏུ་གལ་ཆེའོ། །སྔར་གྱི་གསེར་གཟུངས་དེ་ཉེར་གཅིག་མ་ཆག་པས་དུག་སྲུངས། བརྒྱ་རྩ་བརྒྱད་ཀྱིས་གཞན་གསོ། མཐིང་ཤོག་ལ་ཚེགས་མེད་དབུ་ཅན་དུ་གསེར་གྱི་བྲིས་ཏེ་བཏགས་པས་སྦྱར་དང་གྱུར་དང་དངོས་ཀྱིས་དུག་ཀུན་སྲུང་ངོ་། །རིན་པོ་ཆེའི་རིལ་བུ་གཏོང་བ་དང་ཉམས་པ་གསོ་བའི་ལག་ལེན་སྤར་བཅངས་སུ་བསྟན་པ་ས་མབྟ་མི་ཐི། ། ༈

Footnotes

Other Information