JKW-KABUM-24-YA-001-008: Difference between revisions

From Khyentse Lineage - A Tsadra Foundation Project
JKW-KABUM-24-YA-001-008
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
 
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 24: 1-. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
|collectiontitle=mkhyen brtse'i bka' 'bum
|collectiontitle=mkhyen brtse'i bka' 'bum
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་
|totalvolumes=25
|author='jam dbyangs mkhyen brtse'i dbang po
|author='jam dbyangs mkhyen brtse'i dbang po
|editor=rdzong sar blo gros phun tshogs
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|editor=rdzong sar blo gros phun tshogs
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་
|terma=No
|language=Tibetan
|language=Tibetan
|tibgenre=Collected Works - Selected - bka' 'bum
|volumenumber=024
|language=Tibetan
|volnumtib=༢༤
|pagestatus=Temporary stub only
|volyigtib=ཡ་
|volumenumber=001
|totalvolumes=25
|textnuminvol=008
|textnuminvol=001
|pdflink=File:JKW-KABUM-24-YA-001-008.pdf
|textsubnumber=008
|multivolumework=No
|versonotes=mkhyen brtse'i bka' 'bum
|pdflink=File:JKW-KABUM-24-YA-001.pdf
}}
}}
{{Header}}
{{Header}}

Revision as of 12:38, 14 May 2021

Wylie title JKW-KABUM-24-YA-001.pdf
Location mkhyen brtse'i bka' 'bum
Volume 24, sde tshan 1, Text 8, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. '. In jam dbyangs mkhyen brtse'i dbang po'i bka' 'bum, Vol. 24: 1-. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre

1 Texts in this Section (sde tshan or chos tshan)

[edit]
གདམས་ངག་མཛོད་ཤིན་ཏུ་རྒྱས་པའི་ཐོ་བཀོད། ༄༅། །ཨོཾ་སྭ་སྟི་སིངྔྷི་རསྟུ། གང་ཞིག་བསྟེན་བས་རྣམ་གྲོལ་གྱི། །བདུད་རྩིའི་སྣང་བས་འཇིག་རྟེན་ན། ཕུན་ཚོགས་ཕན་བདེའི་པདྨ་དཀར། ཀུན་ནས་ཀུན་ཏུ་རྒྱས་གྱུར་ཅིག །དེ་ལ་སྣོད་དུ་རུང་བའི་སློབ་མ་བྱང་ཆུབ་ཀྱི་གོ་འཕང་དུ་འཁྲིད་པའི་དམིགས་རྐྱེན་ལམ་ཟབ་མོའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བ་ལས། རེ་ཞིག་རང་ཉིད་ཀྱི་ཐོས་པ་དང་། ཅུང་ཟད་བསམ་པའང་མང་དུ་མཆིས་མོད། འོན་ཀྱང་བློ་གྲོས་དང་རྩོལ་བ་གཞན་དུ་གྱུར་པས་མཐར་ཆགས་སུ་བཟུང་བ་ལྟ་ཅི། དཔེ་ཙམ་འཚོལ་བ་ལའང་དཀའ་བའི་དངོས་པོར་གྱུར་ནས། སྙིང་པོ་ལས་སྙིང་པོར་བསྡུས་པ་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབ་པ་ནི། གངས་ཅན་གྱི་ལྗོང་འདིར་གསར་རྙིང་གི་གྲུབ་པའི་མཐའ་ཆེན་པོ་གཉིས་སུ་འཆའ་བ་ལས། དང་པོ་ལའང་མདོ་སྔགས་ཀྱི། དང་པོ་ལ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དཔལ་ས་སྐྱ་པ་ཆེན་པོ་ལ་གནང་བའི་བློ་སྦྱོང་ཞེན་པ་བཞི་བྲལ། ཇོ་བོ་བཀའ་གདམས་པའི་ཐུགས་དམ་གྱི་ཡང་སྙིང་བློ་སྦྱོང་དོན་བདུན་མ། དཔལ་ལྡན་ཨ་ཏི་ཤའི་མན་ངག་སྐྱེས་བུ་གསུམ་གྱི་ལམ་རིམ་སྟེ་གསུམ་མོ། །སྔགས་ལས། མདོ་སྔགས་ཐུན་མོང་པའི་གདམས་པ། དམ་པ་རྒྱ་གར་གྱི་ཐུགས་བཅུད་ཞི་བྱེད་ལམ་ལྔ། མ་གཅིག་ལབ་སྒྲོན་གྱི་གསང་ཚིག་བདུད་ཀྱི་གཅོད་ཡུལ། འགྲོ་མགོན་དྭགས་པོས་ཁྱད་པར་དུ་ཕྱེ་བའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གསུམ་མོ། །སྔགས་ཐུན་མོང་བ་ལ། བཀའ་གདམས་པའི་ལྷག་ལྷ་ཐུབ་པའི་དབང་པོའི་ལྟ་ཁྲིད། སྤྱན་རས་གཟིགས་ཀྱི་ལྟ་ཁྲིད། ཐོག་མར་རྗེས་དྲན་ལྔ། མི་ལའི་རླུང་སེམས་དབྱེར་མེད། སྐུ་གསུམ་ངོ་སྤྲོད། ལྔ་ལྡན། ཡི་གེ་བཞི་པ། སེམས་ཁྲིད་ཡིད་ནོར། སྨན་གྱི་ཤོག་དྲིལ་བཞི། ལུས་མེད་ཆོས་སྐོར༢། གཡོ་ཆོས་དྲུག །སྒྲོལ་དཀར་ཚེ་ཁྲིད་རྣམས་སོ། །སྔགས་བླ་མེད་ལ། གསང་འདུས་རིམ་ལྔ། ཡེ་ཤེས་ཞབས་ལུགས་ཀྱི་རྫོགས་རིམ་ཐིག་ལེ་བཞི། ཕྱག་ཆེན་སེམས་ཉིད་ངལ་བསོ། སྙིང་པོ་དོན་གསུམ། ཚེམ་བུ་དམར་ཁྲིད། གཤེད་དམར་སྦས་མེད། འཇིགས་བྱེད་རྭ་རྩེ་སེམས་འཛིན། རྭ་ཁྲིད་མཁའ་འགྲོའི་སྙན་བརྒྱུད། དྲིལ་བུ་རིམ་ལྔ། རྣལ་འབྱོར་མའི་བསྐྱེད་རྫོགས་རྩ་དབུ་མ། གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད། སྒྲོལ་མ་རྣལ་འབྱོར་མའི་ཁྲིད། ནི་གུ་ཆོས་དྲུག་གི་ཁྲིད། ཕྱག་ཆེན་གྭའུ་མ། གཏུམ་མོ་ཞག་བདུན་མ། ནཱ་རོ་ཆོས་དྲུག་བཅས། དུས་འཁོར་སྦྱོར་དྲུག །ཨོ་རྒྱན་བསྙེན་སྒྲུབ། གསུང་ངག་རིན་པོ་ཆེ་བཀའ་བབས་དྲུག་གི་ཁྲིད། ཚོགས་བཤད་དང་། སློབ་བཤད། གུར་གྱི་ཕྱི་ཁྲིད། གསང་ཁྲིད། ཞལ་བཞི་པའི་གསང་ཁྲིད་དེ། རེ་ཞིག་སྔགས་དང་འབྲེལ་བ་ཉི་ཤུ་རྩ་དགུ་སྟེ། དེ་ལྟར་ན་ཕྱི་འགྱུར་གྱི་ཕྱོགས་ལ་ སུམ་ཅུ་རྩ་ལྔའོ། །ཁྲིད་རྒྱུན་མེད་ཀྱང་སྙན་རྒྱུད་ཐིག་ལེ་གསང་སྐོར་གྱི་མཆོག་གསང་ལམ་ཁྲིད་ཆེན་མོ་ལྡེབ༣། འདིའི་ཁྲིད་གཞུང་ལག་ཁྲིད་སྙིང་པོ། །འདི་བྱེ་བྲག་ཐོད་རྒལ་གྱི་གནད་དོ། སྔ་འགྱུར་ལ། བཀའ། གཏེར། དག་སྣང་གསུམ་ལས། དང་པོ་ལ། མ་ཧཱ་ཡོ་ག་སྒྱུ་འཕྲུལ་ཕྲ་ཐིག །ཨ་ནུ་ཡོ་ག་འདུས་མདོའི་ངང་སྒོམ། ཨ་ཏི་ཡོ་ག་ལ། སེམས་སྡེ་ཉང་ལུགས་ཀྱི་ཁྲིད། ཀུན་བྱེད་དོན་ཁྲིད། ཨ་རོ་ལུགས་ཀྱི་ཁྲིད། ཀློང་སྡེ་རྡོ་རྗེ་ཟམ་པའི་ཁྲིད། མན་ངག་སྡེ་སྙིང་ཏིག་ཆེན་མོའི་ཁྲིད། གཉིས་པ་ལ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ཁྲིད། ཉང་གཏེར་ཁྲོས་ནག་གཏུམ་མོ་ཞག་བདུན་མ་དང་བཅས་པ། མཁའ་འགྲོ་སྙིང་ཏིག །བླ་སྒྲུབ་རིག་འཛིན་ཐུགས་ཐིག །ཚེ་སྒྲུབ་འཆི་མེད་ཡང་སྙིང་། རྡོར་སེམས་དང་བཅས་པ་སྟེ་རེ་ཞིག་དེ་ཙམ་དང་། བྱང་གཏེར་ཀ་དག་གི་ཁྲིད་ཡིག་སྙིང་པོ་བཅུད་བསྡུས་གཏེར་གཞུང་། ཀུན་བཟང་དགོངས་པ་འདུས་མདོའི་ཁྲིད། རིན་པོ་ཆེ་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེས་མཛད་པ་དང་། ཟབ་མོ་དག་སྣང་མའི་ཕྱོགས་ལ་ཁྲིད་ཚུལ་མང་དུ་བྱུང་ནའང་། འདིར་མཐའ་རྟེན་རྟེན་འབྲེལ་གྱི་ཆེད་དུ། ལྷ་བཙུན་ཆེན་མོའི་སྲོག་སྒྲུབ་རྩ་ཁྲིད་གཏུམ་མོ་གཅོད་ཡུལ་འཕོ་བ་དང་བཅས་པ་དང་། རིག་འཛིན་ཚེ་དབང་ནོར་བུའི་དག་སྣང་བསམ་པ་ལྷུན་གྲུབ་མ། རྒྱལ་དབང་ལྔ་པ་རིན་པོ་ཆེའི་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཚེ་ཁྲིད་གསུམ་སྟེ། དེ་ལྟར་ན་གསང་སྔགས་སྔ་འགྱུར་གྱི་ཕྱོགས་ལ་བཅོ་ལྔ་སྟེ། དྲིལ་བས་ཟབ་ཁྲིད་ལྔ་བཅུ་ཐམ་པ་སྟེ། འདི་ཙམ་རྩ་བར་བྱས་ནས། གཞན་རྣམས་ཁྲིད་ལུང་གི་ཚུལ་དུ་བགྱིས་པས་ནང་གསེས་ཀྱི་དབྱེ་བ་དུ་མར་འགྱུར་ཏེ་བློ་སྦྱོང་དོན་བདུན་མ་གཞིར་བྱས་ཏེ། དེ་ལས་འཕྲོས་པའི་འཆད་ཚུལ་མི་འདྲ་བ་གསུམ་དང་། ཐུན་བརྒྱད་མ། ཚིག་རྐང་བརྒྱད་མ་རྣམས་ཁྲིད་དངོས་དང་། སྐྱིད་སྡུག་ལམ་ཁྱེར། རྟེན་འབྲེལ་སྙིང་པོ། །ཡུམ་ཀའི་སྙན་བརྒྱུད་བཅས་བསྣན་པས་བརྒྱད་དུ་འགྱུར་བ་སོགས་མཐའ་ཡས་སོ། །རིས་མེད་ཡོངས་འཛིན་མང་བསྟེན་ཞིང་། །སྒོ་གསུམ་འཇུག་པ་གཅིག་དྲིལ་ནས། །ཕྱོགས་འདིར་འབད་པའི་ངལ་བས་ཀྱང་། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ལྷག་བསམ་ཆུ་གཏེར་ལས་སྐྱེས་ཤིང་། །མང་དུ་ཐོས་པའི་འོད་དཀར་ཅན། །བསྟན་འཛིན་སྨྲ་བའི་ཟླ་བ་རྣམས། །ཞབས་པད་ཡུན་རིང་བརྟན་གྱུར་ཅིག །ཕྱོགས་དུས་རྒྱལ་དང་རྒྱལ་བའི་སྲས། །སློབ་མར་བཅས་པའི་བདེན་སྟོབས་དང་། །ཆོས་དབྱིངས་ཀུན་ཁྱབ་རྟག་པ་ཡིས། །བསྟན་པ་ཡུན་རིང་འབར་གྱུར་ཅིག ། ༈
[edit]

gdams ngag mdzod shin tu rgyas pa'i tho bkod/ @#/__/oM swa sti sing+ng+hi rastu/__gang zhig bsten bas rnam grol gyi/__/bdud rtsi'i snang bas 'jig rten na/__phun tshogs phan bde'i pad+ma dkar/__kun nas kun tu rgyas gyur cig__/de la snod du rung ba'i slob ma byang chub kyi go 'phang du 'khrid pa'i dmigs rkyen lam zab mo'i thabs tshul bsam gyis mi khyab pa zhig byung ba las/__re zhig rang nyid kyi thos pa dang /__cung zad bsam pa'ang mang du mchis mod/__'on kyang blo gros dang rtsol ba gzhan du gyur pas mthar chags su bzung ba lta ci/__dpe tsam 'tshol ba la'ang dka' ba'i dngos por gyur nas/__snying po las snying por bsdus pa 'ga' zhig phyogs gcig tu bsdeb pa ni/__gangs can gyi ljong 'dir gsar rnying gi grub pa'i mtha' chen po gnyis su 'cha' ba las/__dang po la'ang mdo sngags kyi/__dang po la/__rje btsun 'jam pa'i dbyangs kyis dpal sa skya pa chen po la gnang ba'i blo sbyong zhen pa bzhi bral/__jo bo bka' gdams pa'i thugs dam gyi yang snying blo sbyong don bdun ma/__dpal ldan a ti sha'i man ngag skyes bu gsum gyi lam rim ste gsum mo/__/sngags las/__mdo sngags thun mong pa'i gdams pa/__dam pa rgya gar gyi thugs bcud zhi byed lam lnga/__ma gcig lab sgron gyi gsang tshig bdud kyi gcod yul/__'gro mgon dwags pos khyad par du phye ba'i phyag rgya chen po lhan cig skyes sbyor gsum mo/__/sngags thun mong ba la/__bka' gdams pa'i lhag lha thub pa'i dbang po'i lta khrid/__spyan ras gzigs kyi lta khrid/__thog mar rjes dran lnga/__mi la'i rlung sems dbyer med/__sku gsum ngo sprod/__lnga ldan/__yi ge bzhi pa/__sems khrid yid nor/__sman gyi shog dril bzhi/__lus med chos skor2/__g.yo chos drug__/sgrol dkar tshe khrid rnams so/__/sngags bla med la/__gsang 'dus rim lnga/__ye shes zhabs lugs kyi rdzogs rim thig le bzhi/__phyag chen sems nyid ngal bso/__snying po don gsum/__tshem bu dmar khrid/__gshed dmar sbas med/__'jigs byed rwa rtse sems 'dzin/__rwa khrid mkha' 'gro'i snyan brgyud/__dril bu rim lnga/__rnal 'byor ma'i bskyed rdzogs rtsa dbu ma/__grub rgyal lugs kyi tshe khrid/__sgrol ma rnal 'byor ma'i khrid/__ni gu chos drug gi khrid/__phyag chen gwa'u ma/__gtum mo zhag bdun ma/__nA ro chos drug bcas/__dus 'khor sbyor drug__/o rgyan bsnyen sgrub/__gsung ngag rin po che bka' babs drug gi khrid/__tshogs bshad dang /__slob bshad/__gur gyi phyi khrid/__gsang khrid/__zhal bzhi pa'i gsang khrid de/__re zhig sngags dang 'brel ba nyi shu rtsa dgu ste/__de ltar na phyi 'gyur gyi phyogs la _sum cu rtsa lnga'o/__/khrid rgyun med kyang snyan rgyud thig le gsang skor gyi mchog gsang lam khrid chen mo ldeb3/__'di'i khrid gzhung lag khrid snying po/__/'di bye brag thod rgal gyi gnad do/__snga 'gyur la/__bka'/__gter/__dag snang gsum las/__dang po la/__ma hA yo ga sgyu 'phrul phra thig__/a nu yo ga 'dus mdo'i ngang sgom/__a ti yo ga la/__sems sde nyang lugs kyi khrid/__kun byed don khrid/__a ro lugs kyi khrid/__klong sde rdo rje zam pa'i khrid/__man ngag sde snying tig chen mo'i khrid/__gnyis pa la/__thugs rje chen po rgyal po lugs kyi khrid/__nyang gter khros nag gtum mo zhag bdun ma dang bcas pa/__mkha' 'gro snying tig__/bla sgrub rig 'dzin thugs thig__/tshe sgrub 'chi med yang snying /__rdor sems dang bcas pa ste re zhig de tsam dang /__byang gter ka dag gi khrid yig snying po bcud bsdus gter gzhung /__kun bzang dgongs pa 'dus mdo'i khrid/__rin po che gsung sprul tshul khrims rdo rjes mdzad pa dang /__zab mo dag snang ma'i phyogs la khrid tshul mang du byung na'ang /__'dir mtha' rten rten 'brel gyi ched du/__lha btsun chen mo'i srog sgrub rtsa khrid gtum mo gcod yul 'pho ba dang bcas pa dang /__rig 'dzin tshe dbang nor bu'i dag snang bsam pa lhun grub ma/__rgyal dbang lnga pa rin po che'i tshe dpag med dwangs ma bcud 'dren gyi tshe khrid gsum ste/__de ltar na gsang sngags snga 'gyur gyi phyogs la bco lnga ste/__dril bas zab khrid lnga bcu tham pa ste/__'di tsam rtsa bar byas nas/__gzhan rnams khrid lung gi tshul du bgyis pas nang gses kyi dbye ba du mar 'gyur te blo sbyong don bdun ma gzhir byas te/__de las 'phros pa'i 'chad tshul mi 'dra ba gsum dang /__thun brgyad ma/__tshig rkang brgyad ma rnams khrid dngos dang /__skyid sdug lam khyer/__rten 'brel snying po/__/yum ka'i snyan brgyud bcas bsnan pas brgyad du 'gyur ba sogs mtha' yas so/__/ris med yongs 'dzin mang bsten zhing /__/sgo gsum 'jug pa gcig dril nas/__/phyogs 'dir 'bad pa'i ngal bas kyang /__/bstan pa yun ring 'bar gyur cig__/lhag bsam chu gter las skyes shing /__/mang du thos pa'i 'od dkar can/__/bstan 'dzin smra ba'i zla ba rnams/__/zhabs pad yun ring brtan gyur cig__/phyogs dus rgyal dang rgyal ba'i sras/__/slob mar bcas pa'i bden stobs dang /__/chos dbyings kun khyab rtag pa yis/__/bstan pa yun ring 'bar gyur cig__/__!

Footnotes

Other Information