ཤ་ལྔ་རྩ་བ་བརྒྱད་ཡན་ལག་སྟོང་སོགས་སྤེལ་རྫས།

From Khyentse Lineage - A Tsadra Foundation Project
JKW-KABUM-21-ZHA-002-062
Wylie title sha lnga rtsa ba brgyad yan lag stong sogs spel rdzas JKW-KABUM-21-ZHA-002.pdf
Location mkhyen brtse'i bka' 'bum
Volume 21, sde tshan 2, Text 62, Pages 299-302 (Folios 91a1 to 92b5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. sha lnga rtsa ba brgyad yan lag stong sogs spel rdzas. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 299-302. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Ritual Substances - rdzas

1 Texts in this Section (sde tshan or chos tshan)

[edit]
ཤ་ལྔ་གཏའ་སྤེལ་བྱ་ཚུལ་ཐོ་དགེ །མི་ཤ་ནི། སྐྱེ་བ་བདུན་པའམ་སྐྱེས་དར་མ་མཚོན་གྱིས་ཤི་བའི་ཤ་སྣ། བཟང་དྲུག །ཨ་རུ་ར། ར་མྱེ། ཤིང་ཀུན་དང་གླ་རྩི་དྲི་ཐོན་ཙམ། ཙནྡན་དཀར་པོ། ཅོང་ཞི། ༡༽ བ་གླང་དམར་པོ་བསད་པའི་ཤ་སྣ། ཛཱ་ཏི། ལྕ་བ། བ་རུ་ར་ཙན་དམར། གོ་སྙོད། ༢༽ ཁྱི་དཀར་པོ་ནག་ཐིག་མེད་པའམ་དོམ་ནག་སྙིང་དཀར་གྱི་ཤ་སྣ། སུག་སྨེལ། གཟེ་མ། སྐྱུ་རུ་ར། ཏོང་ཀུན་དཀར་པོ། བྲག་ཞུན། ཅུ་གང་། ༣༽ རྟ་དམར་པོ་གསར་བ་གྲིར་ཤི་བའི་ཤ་སྣ། ཀ་ཀོ་ལ། བ་སྤྲུ། མིང་ཅན། ཤིང་ཀུན་དྲི་ཙམ། ཡུང་བ། ༤༽ གླང་པོ་ཆེའི་ཤ །ཛཱ་ཏི། ཉེ་ཤིང་། གི་ཝཾ་རིགས་ལྔ། ཀླུ་བདུད་དཀར་ནག་དང་གླང་སྣ། ལི་ཤི །ཁ་ཆེ་དྲི་བཟང་བཅས་སོ། ༥༽།ཐམས་ཅད་ལ་དབང་པོ་ལག་པའི་དམ་རྩི་སྦྱར་ནས་གར་ཆང་གིས་སྦོལ། འདི་རྣམས་གསར་རྙིང་ཡོངས་གྲགས་ཡིན། གཞན་དུ་ཁྱིའི་མལ་དུ་སེང་གེའི་ཤ །གླང་པོ་ཆེའི་མལ་དུ་མཁའ་ལྡིང་ངམ་ཁྱུང་དང་། ཡང་རྨ་བྱ་བཤད་པ་སོགས་སྣང་བ། སེང་གེའི་ཤའི་ཚབ་ཏུ་མིའམ་ཁྱི་ཤ་དང་། ཁྱུང་ཤའི་ཚབ་འོལ་བས་བྱེད་པར་སྣང་། ། ༈

བདུད་རྩི་ཆོས་སྨན་ལ། །སྙིང་པོ་ཤ་ལྔ་བདུད་རྩི་ལྔ། །སྐྱོབས་དང་འཕྲོད་དུ་རྩ་བ་བརྒྱད། །ཡན་ལག་སྟོང་སྙེད་ཅི་རིགས་སྦྱར། །ཞེས་གསུངས་པའི་ཤ་ལྔ་བདུད་རྩི་ལྔ་ནི་སྒྲུབ་པ་པོ་རྣམ་སྨིན་རིག་འཛིན་གྱི་ས་ལ་གནས་པ་ཡན་ཆད་ཀྱི་དབང་དུ་བྱས་ན་དག་མ་དག་གི་རྩིས་གདབ་མེད་ཀྱང་། ཐུན་མོང་དུ་ཡུལ་དག་པའི་ཤ་སོགས་ལ་བརྟེན་པ་གཅེས་པས་གཏེར་བྱོན་དང་ཕབས་གཏའ་ཙམ་ལ་ཆ་བཞག །དེ་ལ་བརྡའི་སྨན་ནམ་སྐྱོབས་སུ། བཀའ་བརྒྱད་གསང་རྫོགས་ཀྱི་རྒྱུད་ལས་བཟང་པོ་དྲུག་ཁོ་ནར་བཤད། གཞན་དུ་ཤ་ལྔ་ལ། ར་མྱེ། གླང་། མོན་དམར། རྟ། མཁྲོ་མ། གྲོ་མ་ཡིན་ནམ་དཔྱད་མཆན། རྨ་བྱ། རུ་རྟ། མཁའ་ལྡིང་། རེ་རལ། སེང་ཤ །བདུད་རྩི་ལྔ་ལ། སྤང་སྤོས། དྲི་ཆེན། གསེར་ཤ་གོ་སྙོད་ཀྱང་བཤད། ཤ་ཆེན། །བྲག་ཞུན། རཀྟ། པྲི་ཡངྐུ་ དྲི་ཆུ། ཅོང་བྱང་སེམས། ཞིའམ། བྲག་ཞུན་དང་ཅོང་ཞིའི་མལ་དུ་སིནྡྷཱུར། ཅུ་གང་ཡང་བཤད། རྩ་བ་བརྒྱད་ལ་བཤད་ཚུལ་མང་། གསང་སྨན་གྱི་རྩ་བ་བརྒྱད་ཅེས་རྩ་བ་ཨ་གར་ནག་པོ། སྡོང་པོ་ཙནྡན་དཀར་པོ། ཡལ་ག་བ་ལེ་ཀ །ལོ་མ་རྒྱ་ཤུག །མེ་ཏོག་གུར་གུམ། འབྲས་བུ་ཨ་རུ་ར། ཤུན་པ་ཤིང་ཚྭ། ཚི་བ་ག་བུར་ཏེ་བརྒྱད་དོ། །ཡན་ལག་སྟོང་ལ། རྡོ་རྗེ་ཕ་ལམ་དང་གསེར་དང་དངུལ་ཆུ་སོགས་རིན་པོ་ཆེའི་རིགས་བརྒྱ༡༠༠། གསེར་དངུལ་ཟངས་ལྕགས་ཀྱི་རྡོ་དང་ཅོང་ཞི་བྲག་ཞུན་རིགས་ལྔ་སོགས་རྡོའི་སྨན་བརྒྱ༢༠༠། མུ་ཏིག་གསེར་གྱི་བྱེ་མ་སོགས་པའི་སྨན་བརྒྱ༣༠༠། གླ་རྩི་དང་ག་བུར་ཤིང་ཀུན་སོགས་རྩི་སྨན་རིགས་བརྒྱ༤༠༠། ཙནྡན་སོགས་ཤིང་གི་སྨན་རྩ་ལོ་མ་འབྲས་སྡོང་པོ་ཡལ་ག་ཤུན་པ་དང་ཆུ་བ་སོགས་བརྒྱ༥༠༠། བ་ཤ་ཀ་དང་། ཏིགྟ་རིགས་སུམ་བཅུར་གྲགས་པ་སོགས་ཤིང་མ་ལྡུམ་ཐང་སྨན་རྩ་ལོ་མ་འབྲས་བརྒྱ༦༠༠། བོང་ང་དཀར་སེར་དམར་གསུམ་སོགས་སྔོ་སྨན་རྩ་ལོ་མེ་འབྲས་ཡོངས་རྫོགས་བརྒྱ༧༠༠། འབྲས་དང་གྲོ་སྲན་ཏིལ་སོགས་འབྲུ་རིགས་བརྒྱ༨ ༠༠། རྒྱམ་ཚྭ་དང་ལྕེ་མྱང་ཚྭ་སོགས་ལན་ཚྭའི་རིགས་བརྒྱ༩༠༠། དབང་པོ་རིལ་བུ་དང་བསེ་རུ་རིགས་གསུམ་སོགས་སྲོག་ཆགས་ལས་བྱུང་བའི་སྨན་གྱི་རིགས་བརྒྱ༡༠༠༠། ཞར་བྱུང་སྨན་ཆུ་དང་ཆུ་ཚྭ་ཆང་སྣ་འོ་མ་སོགས་བརླན་གཤེར་གྱི་རིགས་རྣམས་ཏེ། དེའང་རྩི་སྨན་སོགས་ལ་ཧ་ཅང་མང་བ་རྙེད་དཀའང་ནང་གསེས་ཀྱི་དབྱེ་བ་ཅི་རིགས་པ་དང་། ཐང་དང་སྔོ་སྨན་སོགས་ཕོ་མོ་མ་ནིང་གི་དབྱེ་བས་བརྒྱ་རྩ་ལས་ཀྱང་ལྷག་རྙེད་པར་སྣང་། ཤིང་ཏོག་དང་། སྤོད་དང་། སྤོས་ཀྱི་རིགས་ཀྱང་ཇི་ཙམ་རྙེད་པ་སྟེ། མདོར་ན་སྟོང་ཕྲག་ཀྱང་མང་ཚིག་ཙམ་ལས་རེ་རེ་ནས་བགྲང་བའི་ངེས་པ་མི་སྣང་། གང་ལྟར་ཡང་ཁ་དོག་དང་། དྲི་དང་། རོ་དང་། ནུས་པའི་སྤྱང་ཀིར་གྱུར་པ་སྤངས། ལན་ཚྭ་སོགས་ཀྱང་ཅུང་ཟད་ལས་མང་ན་མི་ལེགས་པ་སོགས་ཞིབ་མོར་དཔྱད་དེ་སྦྱར་བར་བྱའོ། ། ༈

སྨན་རྩ་བ་བརྒྱད་དམ་ཕྱི་ཡི་རྩ་བརྒྱད་ཙནྡན་སྦྲུལ་གྱི་སྙིང་པོ་ལ་ཚང་སྟེ། རྩ་བ་མཱུ་ལ་བྷ་དྲ། སྡོང་པོ་ཙནྡན་སྨུག་པོ། ཤུན་པ་ཤིང་ཚྭ། ལོ་མ་གནྡྷ་པ་ཊ་སྟེ་རྒྱ་ཤུག་ལོ། ཡུ་བ་ལི་ཤི། མེ་ཏོག །གུར་གུམ། འབྲས་བུ་ཛཱ་ཏི། ཐང་ཆུ་ག་བུར་ཞེས་བཤད། ། ༈ བོང་དམར་འབྲི་མོག་མོན་བུ་དམར། གྲོ་མ་ཉུང་དམར་རྩ་བ་སེམས་དབང་བྱེད། ལྔ། །ཙནྡན་སེང་ལྡེང་མཛོ་མོ་ཤིང་། །འོ་སེ་རྩོད་བཅས་སྣང་བ་དབང་བྱེད། སྡོང་བུ་ལྔ། །ཧ་ལོ་ཨུག་ཆོས་གླང་སྣ་དང་། །ལུག་རུ་ཨུཏྤལ་སྐྱེས་པ། མེ་ཏོག་ལྔ། །སྐྱུ་རུ་སེ་འབྲུ་འོལ་མོ་སེ། །རམ་བུ་སེ་ལྟར་བུ་དང་རྒུན་འབྲུམ། རྒོད་འབྲས་བུ་བུད་མེད། ལྔ། །གུར་གུམ་རྒྱ་སྐྱེགས་སིནྡྷཱུ་ར་ལི་ཁྲི། །སྦྲང་རྩི་བྲག་ཞུན་རྩི་བན་བཙུན། ལྔའོ། །ར་ག་བྱེ་རུ་ཟངས་དང་མཆོང་། །རང་བྱུང་ཤེལ་དམར་རིན་ཆེན་ལྔ། ཡེ་ཤེས། །མཚལ་ཙག་མདུང་རྩེ་ཅོང་ཞི་དམར། །ལྡོང་རོས་བཅས་ཏེ་རྡོ་ལྔའོ། །ཞེས་སོ། ། ༈

Footnotes

Other Information