ས་བཅུད་གསོ་བའི་བུམ་གཏེར།

From Khyentse Lineage - A Tsadra Foundation Project
Wylie title sa bcud gso ba'i bum gter JKW-KABUM-21-ZHA-002.pdf
Location mkhyen brtse'i bka' 'bum
Volume 21, sde tshan 2, Text 39, Pages 235-238 (Folios 59a5 to 60b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. sa bcud gso ba'i bum gter. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 235-238. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Vase Preparations - bum bca'

1 Texts in this Section (sde tshan or chos tshan)

[edit]
ཨོཾ་སྭསྟི། ས་བཅུད་གསོ་བའི་བུམ་གཏེར་ཆེན་མོར། ཐོག་མར་མཐིལ་དུ་བཀྲ་ཤིས་པའི་ས་ཆུ་ཤིང་སྣ་དེ་རྣམས་ཀྱི་རིལ་བུ། ཞིང་ས་ཆེན་པོ་དགུའི་ས་སྣ། ཕྱུགས་པོ་ཆེན་པོ་དགུའི་ཁང་ས། ཁྲབ་བྱང་། རྒྱས་པའི་སྦྱིན་བསྲེག་གི་ཐལ་བ། དཀྱིལ་འཁོར་མང་པོའི་རྡུལ་ཚོན་རྣམས་བཀྲམ། དེའི་སྟེང་དུ་གནོད་སྦྱིན་འཁོར་ལོ་ཆེ་ཆུང་། དབུས་སུ་སྲོག་ཤིང་། ཕྱོགས་མཚམས་སུ་གཟུང་གཞུག་བསྡུས་པ་འདྲ་མིན། གཟུངས་ཆེན་སྡེ་ལྔ། རྒྱབ་ཏུ་མགོན་དཀར། རྩེར་ཐུབ་སྐུ། དེ་འོག་ཀླུ་དབང་སྐུ། དེའི་མདུན་ཐད་ཙམ་དུ་རབ་འབར་རྩ་རྒྱུད། ཐིག་ལེ་བརྒྱ་པ། གྲོང་ཁྱེར་སྒྲོལ་འཁོར། ཡུལ་འཁོར་སྲུང་བ། སོར་འབྲང་མ། ནོར་རྒྱུན་མ། གླང་པོ་ཆེ་སྟོབས་བསྐྱེད་རྣམས་རིམ་པར། བརྟན་མའི་སྐུ། ཕྱོགས་བཞིར་ནོར་བུམ་གྱི་གཟུངས་རེ་རེ། མདུན་དུ་སྙིང་གཏེར་གྱི་གཟུངས། དེ་མདུན་སྙིང་ཞོ་སོགས་སྙིང་གཏེར་གྱི་རྫས། གཡང་རྫས་རིགས་དར་སེར་ཐུམ་རེ། ཕྱོགས་མཚམས་ཀུན་ཏུ་དཀར་གསུམ། མངར་གསུམ། རིན་པོ་ཆེ་ཕྱོགས་བསྡུས་དང་། སོ་སོ་ལེ་ཚན། དར་ཟབ་སྣེ་ཚང་། ཨ་རུ་གསེར་མདོག་རེ་རེ། སྨན་སྣ། ཤིང་ཏོག །འབྲུ་སྣ། བུམ་རྫས་ཉེར་ལྔ། །ཁར་ཨཥྞི་ཥའི་བདུག་རྫས་ཤིང་ཏོག །ཤིང་ཏོག་སྣ་ཚོགས་སོགས་ཀྱིས་གཏམས་ཤིང་། ཁ་གཅོད་སོགས་ནོར་བུམ་ལྟར་བགྱིས་པའོ། ། ༈ སྲོག་ཤིང་རྩེར། ཧཱུྃ། དེ་འོག་ཤར་ནས། ཨོཾ་ཏྲཱྃ་ཧྲཱི་ཨཱཿ རྩ་བར། ཨེ་དེ་འོག་ཤར་ནས། ལྃ་བྃ་རྃ་ཡྃ་རིགས་ལྔའི་བུམ་པའི་གཟུངས། གཞི་དཀར་པོ་ལ། ཨོཾ་ཨཱཿཛི་ན་ཛིཀ྄་ཨོཾ་ཧཱུྃ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དབུས་ཕྱོགས་ཀྱི་ཞིང་རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་དང་མཉམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྲས་དང་སློབ་མར་བཅས་པ་ཁྱེད་རྣམས་ཀྱིས་ཡུལ་ཕྱོགས་འདི་རྣམས་དང་། སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་མཛད་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་ཞིང་བརྟན་པར་མཛད་དུ་གསོལ། ཁྱད་པར་རྡོ་རྗེ་སྐུའི་དངོས་གྲུབ་ཐོབ་ཅིང་ཚེ་དབང་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་མཛད་དུ་གསོལ། །ལས་བཞི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་རབ་འབྱམས་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་མཛད་དུ་གསོལ། རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་སོགས་དང་། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ། ༈ མཐིང་ཀ་ལ། ཨོཾ་ཨཱཿབཛྲ་དྷྲྀ་ཀ྄་ཧཱུྃ་ཧཱུྃ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་ཤར་ཕྱོགས་ཀྱི་སོགས། ཁྱད་པར་ཐུགས་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་ཅིང་ཚེ་དབང་སོགས། ཞི་བའི་ལས་རབ་འབྱམས་སོགས། མི་འཁྲུགས་རྒྱལ་པོ་སོགས་བྲི། ། ༈ སེར་པོ་ལ། ཨོཾ་ཨཱཿརཏྣ་དྷྲྀ་ཀ྄་སྭཱ་ཧཱུྃ། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་འཁོར་ལྷོ་ཕྱོགས་ཀྱི་སོགས། ཁྱད་པར་ཡོན་ཏན་མཐར་ཕྱིན་པའི་དངོས་གྲུབ༴ རྒྱས་པའི་ལས༴ སངས་རྒྱས་ཡོན་ཏན་སོགས། ། ༈ དམར་པོ་ལ། ཨོཾ་ཨཱཿཨ་རོ་ལིཀ྄་ཨཱཿཧཱུྃ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་འཁོར་ནུབ་ཕྱོགས་ཀྱི། ཁྱད་པར་རྡོ་རྗེ་གསུང་གི་དངོས་གྲུབ༴ དབང་གི་ལས༴ བསམ་གཏན་ཏིང་འཛིན་སོགས། ། ༈ ལྗང་གུ་ལ། ༀ་ཨཱཿཔྲཛྙཱ་དྷྲྀཀ྄་ཧཱ་ཧཱུྃ། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་འཁོར་བྱང་ཕྱོགས་ཀྱི། ཁྱད་པར་ཕྲིན་ལས་མཐར་ཕྱིན་པའི་དངོས་གྲུབ༴ དྲག་པོའི་ལས༴ སེམས་ཅན་དོན་གྱི་ལས་ལ་སོགས་བྲིའོ། ། ༈
[edit]

sa bcud gso ba'i bum gter/ oM swasti/__sa bcud gso ba'i bum gter chen mor/__thog mar mthil du bkra shis pa'i sa chu shing sna de rnams kyi ril bu/__zhing sa chen po dgu'i sa sna/__phyugs po chen po dgu'i khang sa/__khrab byang /__rgyas pa'i sbyin bsreg gi thal ba/__dkyil 'khor mang po'i rdul tshon rnams bkram/__de'i steng du gnod sbyin 'khor lo che chung /__dbus su srog shing /__phyogs mtshams su gzung gzhug bsdus pa 'dra min/__gzungs chen sde lnga/__rgyab tu mgon dkar/__rtser thub sku/__de 'og klu dbang sku/__de'i mdun thad tsam du rab 'bar rtsa rgyud/__thig le brgya pa/__grong khyer sgrol 'khor/__yul 'khor srung ba/__sor 'brang ma/__nor rgyun ma/__glang po che stobs bskyed rnams rim par/__brtan ma'i sku/__phyogs bzhir nor bum gyi gzungs re re/__mdun du snying gter gyi gzungs/__de mdun snying zho sogs snying gter gyi rdzas/__g.yang rdzas rigs dar ser thum re/__phyogs mtshams kun tu dkar gsum/__mngar gsum/__rin po che phyogs bsdus dang /__so so le tshan/__dar zab sne tshang /__a ru gser mdog re re/__sman sna/__shing tog__/'bru sna/__bum rdzas nyer lnga/__/khar aSh+Ni Sha'i bdug rdzas shing tog__/shing tog sna tshogs sogs kyis gtams shing /__kha gcod sogs nor bum ltar bgyis pa'o/___/___!_srog shing rtser/__hU~M/__de 'og shar nas/__oM trA~M hrI AH_rtsa bar/__e de 'og shar nas/__la~M ba~M ra~M ya~M rigs lnga'i bum pa'i gzungs/__gzhi dkar po la/__oM AHdzi na dzika? oM hU~M/__bcom ldan 'das rnam par snang mdzad 'khor dbus phyogs kyi zhing rab 'byams rgya mtsho'i rdul gyi grangs dang mnyam pa'i sangs rgyas dang byang chub sems dpa' sras dang slob mar bcas pa khyed rnams kyis yul phyogs 'di rnams dang /__sbyin pa'i bdag po 'khor dang bcas pa rnams kyi nad gdon sdig sgrib bar chad mi mthun pa'i phyogs thams cad zhi bar mdzad du gsol/__tshe dang bsod nams dpal dang 'byor pa phun sum tshogs pa thams cad rgyas par mdzad du gsol/__'jig rten dang 'jig rten las 'das pa'i dngos grub ma lus pa stsal zhing brtan par mdzad du gsol/__khyad par rdo rje sku'i dngos grub thob cing tshe dbang phun sum tshogs pa'i skal ba dang ldan par mdzad du gsol/__/las bzhi lhun gyis grub pa'i phrin las rab 'byams thams cad bde blag tu 'grub par mdzad du gsol/__rnam par snang mdzad ye shes dam pa sogs dang /__oM su pra tiSh+Tha badz+rA ya swA hA/___/___!_mthing ka la/__oM AHbadz+ra d+hr-i ka? hU~M hU~M/__bcom ldan 'das rdo rje sems dpa' 'khor shar phyogs kyi sogs/__khyad par thugs ye shes kyi dngos grub thob cing tshe dbang sogs/__zhi ba'i las rab 'byams sogs/__mi 'khrugs rgyal po sogs bri/___/___!_ser po la/__oM AHrat+na d+hr-i ka? swA hU~M/__bcom ldan 'das rin chen 'byung ldan 'khor lho phyogs kyi sogs/__khyad par yon tan mthar phyin pa'i dngos grub=__rgyas pa'i las=__sangs rgyas yon tan sogs/___/___!_dmar po la/__oM AHa ro lika? AHhU~M/__bcom ldan 'das snang ba mtha' yas 'khor nub phyogs kyi/__khyad par rdo rje gsung gi dngos grub=__dbang gi las=__bsam gtan ting 'dzin sogs/___/___!_ljang gu la/__\u0f00 AHpradz+nyA d+hr-ika? hA hU~M/__bcom ldan 'das don yod grub pa 'khor byang phyogs kyi/__khyad par phrin las mthar phyin pa'i dngos grub=__drag po'i las=__sems can don gyi las la sogs bri'o/___/___!_

Footnotes

Other Information