ཚོགས་བདག་དམར་ཆེན་གྱི་གཏེར་བུམ།

From Khyentse Lineage - A Tsadra Foundation Project
JKW-KABUM-21-ZHA-002-037
Wylie title tshogs bdag dmar chen gyi gter bum JKW-KABUM-21-ZHA-002.pdf
Location mkhyen brtse'i bka' 'bum
Volume 21, sde tshan 2, Text 37, Pages 233-234 (Folios 58a3 to 58b2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. tshogs bdag dmar chen gyi gter bum. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 233-234. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Vase Preparations - bum bca'
Deity tshogs bdag

1 Texts in this Section (sde tshan or chos tshan)

[edit]
ཚོགས་བདག་དམར་ཆེན་གྱི་གཏེར་བུམ་དམར་པོ་ནོར་བུ་གྃ་གིས་མཚན་པའི་ནང་དུ། བུམ་རྫས་ཉེར་ལྔ་དང་། ཟས་སྣ། དར་ཟབ་སོགས་ཀྱིས་བཀང་བའི་དབུས་སུ། འཁོར་ལོ་རྒྱ་ཤོག་ལ་གསེར་རམ་མཚལ་གྱིས་རྩིབས་བརྒྱད་ལྟེ་བ་མུ་ཁྱུད་དང་བཅས་པའི་དབུས་སུ། གཿ དེའི་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ། ཨོཾ་མ་མ་ས་པ་རི་ཝཱ་རཱ་ཎཱཾ་སརྦ་ཨཱ་ཡུར་པུཎྱ་ཤྲཱི་བྷཱུ་ཏི་དྷ་ན་པུཥྚིཾ་ཀུ་རུ་ཨོཾ། སརྦ་ཏྲི་ལོ་ཀཱ་ནཱཾ་སུ་ཤྲེ་ཡོཿཤྲཱི་བྷཱུ་ཏི་ཝཱ་ཤཾ་ཀུ་རུ་ཧོ། ཞེས་བྲི། རྩིབས་བརྒྱད་ལ། གཿ རེ་རེ་རྩིབས་མཆན་བརྒྱད་ལ་ཕྲེང་བྲིས་ཀྱིས། ཨོཾ་གཿགཿསིདྡྷི་སརྦ་ཨརྠ་མེ་པྲ་སཱ་དྷ་ཡ་བྷཀྵ་བཱ་སུ་བྷོ་ག་སརྦ་ཝཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་ཛཿཛཿསྭཱ་ཧཱ། ཞེས་བྲི། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཡེ་དྷརྨའི་མཐར། མ་མ་ས་པ་རི་ཝཱ་ར་སོགས་གོང་ལྟར་བྲི། དེའི་རྒྱབ་ཏུ་ནོར་འཛིན་པ་ཏྲས་བསྐོར། དེ་ལྟ་བུའི་འཁོར་ལོ་གཉིས་ལ་དྲི་བཟང་གིས་བྱུགས། སྦྲང་རྩིས་ཞལ་སྦྱར། ན་བཟའ་སེར་པོས་དྲིལ་ཏེ་གཞུག །སྐུ་ཡོད་ནའང་འཁོར་ལོའི་རྒྱབ་ཏུ་ཞལ་འཁོར་ལོ་ལ་ཕྱོགས་པས་བཞག །ཁ་གཏེར་བུམ་སྒྲུབ་པར་རྐུན་ཆེན་གྱི་ལག་པས་བཅད་པར་གསུངས་པ་ལྟར་རམ། ཐུན་མོང་དུ་དར་རས་དམར་སེར་གྱིས་བཅད་ཀྱང་རུང་ངོ་། ། ༈

Footnotes

Other Information