ནོར་ལྷ་དབྱུ་གུ་མཆེད་གསུམ་རྟེན་བཅའ།

From Khyentse Lineage - A Tsadra Foundation Project
JKW-KABUM-21-ZHA-002-024
Wylie title nor lha dbyu gu mched gsum rten bca' JKW-KABUM-21-ZHA-002.pdf
Location mkhyen brtse'i bka' 'bum
Volume 21, sde tshan 2, Text 24, Pages 218-221 (Folios 50b6 to 52a3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. nor lha dbyu gu mched gsum rten bca. In jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 218-221. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Ritual and Liturgical Texts - cho ga phyag len

1 Texts in this Section (sde tshan or chos tshan)

[edit]
ནོར་ལྷ་དབྱུ་གུ་མཆེད་གསུམ་རྟེན་བཅའ། ནོར་ལྷ་དབྱུ་གུ་མཆེད་གསུམ་གྱི་རྟེན་བཅའ་བ་ནི། རོ་རས་སམ་ཤིང་ཤུན་ལ། པད་རཱཀ །སིནྡྷཱུ་ར། ཙནྡན་དམར་པོ། གུར་གུམ་རྣམས་བསྲེས་པས་ལྷ་མོ་མཆེད་གསུམ་ཀ་མཛེས་འཛུམ་སྐུ་ཤ་རྒྱས་ཤིང་སྒེག་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་ཅན། གཡས་པས་གཏེར་བུམ་འདེགས་པའི་ཚུལ་དང་། གཡོན་ཐུགས་ཀར་ནོར་བུ་འཛིན་པ། ཞབས་གཡས་བསྐུམ། གཡོན་བརྐྱང་གར་སྟབས་གདན་མེ་ཏོག་དམར་སེར་རབ་ཏུ་རྒྱས་པ་ཅན་བྲི། སྐྱ་བྲིས་ཟིན་ནས་སོ་སོའི་ཐུགས་ཀར་སྔགས་རྣམས་གོང་གི་ཚོན་གྱིས་བྲི་སྟེ། དེའང་ལྷ་མོ་དབུས་མའི་ཐུགས་ཀར། ཨོཾ་ན་མ་ཤུཀྵ་ཎ་བཱ་སུ་མུ་ཁྃ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། གཡས་མའི་ཐུགས་ཀར་ཨོཾ་ཨ་ན་ལེ་ཀུཎྜ་ལི་གྲྀཧྞ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། གཡོན་མའི་ཐུགས་ཀར། ཨོཾ་ཨི་ལི་ཀི་ལི་སི་ལི་ཀི་ཀི་ལི་སྭཱ་ཧཱ། ཞེས་བྲིས་པ། དབུས་ཀྱི་ལྷ་མོ་སྐུ་མདོག་མཐིང་། གཡས་ལྗང་། གཡོན་དམར་པོར་བྱ། རྒྱབ་ཏུའང་གོང་གི་སོ་སོའི་སྙིང་པོའི་མཐར། སྒྲུབ་པ་པོ་རང་གི་མིང་ངམ། སྤྱིར་བཏང་། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལོག་པའི་འཚོ་བ་མ་ཡིན་པའི་ཆོས་དང་མཐུན་པའི་ཟས་གོས་ནོར་གསུམ་གྱི་འབྱོར་པ་ཕུན་སུམ་ཚོགས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དང་། སུ་པྲ་ཏིཥྛ་བྲི། མགྲོན་བུ་བུམ་གསུམ་གྱི་ནང་དུ་གོང་གི་སྔགས་གསུམ་སོ་སོར་མཐིང་ཤོག་ལ་གསེར་གྱིས་བྲིས་པ་བཅུག་པ་དང་། བྱི་རུ་གསུམ། མུ་ཏིག་གསུམ་བཅས་དར་དམར་པོས་དྲིལ་བ་ནི་བླ་རྡོ་སྟེ། སྒྲུབ་པའི་དུས་སུ་མེ་ཏོག་གི་ཚོམ་བུ་ལྔའི་དབུས་སུ་ལྷ་མོའི་སྐུ་རྣམས་དང་། སོ་སོའི་མདུན་དུ་བླ་རྡོ་རྣམས་བཞག །ལས་སྦྱོར། རི་དྭགས་རྒྱའི་ལྤགས་པ་གད་བརྡར་བྱས་པ་ལ། བྱི་བ་ཁ་སྤྲོད་རིན་པོ་ཆེ་སྐྱུགས་པའི་སྦོ་འོག་ཏུ་ནོར་བུ་མང་དུ་འཁྱིལ་བ་གསེར་གྱིས་བྲི། ཁ་དོག་ལས་སོ་སོར་བཤད་ཀྱང་། སྤྱིར་བཏང་ལྗང་སེར་བྱ། རྒྱབ་ཏུ་བྱི་བ་གཡོན་མའི་མགོ་ནས་བརྩམས་ཏེ་སྔགས་མགོ་ཕྱིར་བསྟན་དབུ་ཅན་ཚེག་ཡོད་ཀྱིས། ཨོཾ་སྭསྟི་སྒོ་རུ་སྲུངས། སྒོ་རུ་སྐྱོབས། ཨོཾ་མ་མ་ཏི་སྒོ་རུ་སྲུངས་སྒོ་རུ་སྐྱོབས། ནོར་བདག་གསེར་གྱི་བྱི་བ་ཕོ་མོས་བདག་ལ་གསེར་དངུལ་འབྲུ་ནོར་དར་གོས་བཟའ་བཏུང་སོགས་ཆོས་མཐུན་གྱི་འབྱོར་པ་ཡིད་ལ་གང་འདོད་པ་ཐམས་ཅད་སྩལ་དུ་གསོལ། ཞེས་བྲི། དེའི་ཕྱིར་མགོ་འཛུག་ལུགས་སོགས་གོང་ལྟར་ལ། མཁ༷འ་འ༷གྲོ་མ༷་གསུམ༷་གྱི༷་སྔགས་དང་། ཨོཾ་ཨཾ་པ་ཀྃ་པ་ཞི་བ་ལ། ཨོཾ་མ་སེ་ལ་དུམ་བུ་ཞི་སྭཱ་ཧཱ། ཞེས་དང་། ཤོང་ན་དེའི་མཇུག་ཏུ་ཡེ་དྷརྨཱ་བྲི། མ་ཤོང་ན་དབུས་ཀྱི་ཆར་བྲི། སྟོང་པར་ལུས་ན་ཡེ་དྷརྨཱའི་མཇུག་ཏུ་གོང་གི་འདོད་གསོལ་བྲི་སྟེ། གང་ལྟར་ཡང་ཕྲེང་གཅིག་གིས་འགྲིག་པར་བསྐོར། དེ་ལྷ་མོ་གསུམ་དུ་བསྐྱེད་བསྟིམ་རབ་གནས་བྱ། བསྙེན་སྒྲུབ་ཟིན་ནས། རྫའམ་ཤིང་སྒྲོམ་ལྟ་བུའི་ནང་དུ་བུམ་རྫས་ཉེར་ལྔ་ཁྲོལ་བུ་དང་། གཡང་ཅན་གྱི་རྫས། ཟས་གོས་ནོར་སྣའི་ཕུད་ཀྱིས་བཀང་བའི་དབུས་སུ། རྒྱབ་ཀྱི་ཆར་ལྷ་མོ་གསུམ་གྱི་སྐུ་ཙཀ །སོ་སོའི་མདུན་དུ་བླ་རྡོ་དར་ཐུམ། མདུན་དུ་ལྷ་མོའི་སྐུ་ལ་ཞལ་ཕྱོགས་པའི་ཚུལ་གྱིས་ལས་སྦྱོར་བྱི་བའི་གཟུགས་བཞག་པའི་བར་ཐམས་ཅད་ཀྱང་རིན་ཆེན་འབྲུ་སྨན་གྱིས་ལེགས་པར་གཏམས་ལ་ཁ་ཆོད་རྒྱབ། ཕྱི་ལའང་རྩི་ཚོན་དང་བཀྲ་ཤིས་པའི་རྟགས་སམ་ནོར་བུ་འབར་བ་སོགས་བྲིའོ། ། ༈
[edit]

nor lha dbyu gu mched gsum rten bca'/ nor lha dbyu gu mched gsum gyi rten bca' ba ni/__ro ras sam shing shun la/__pad rAka__/sin+d+hU ra/__tsan+dan dmar po/__gur gum rnams bsres pas lha mo mched gsum ka mdzes 'dzum sku sha rgyas shing sgeg pa/__dar dang rin po che dang rus pa'i rgyan can/__g.yas pas gter bum 'degs pa'i tshul dang /__g.yon thugs kar nor bu 'dzin pa/__zhabs g.yas bskum/__g.yon brkyang gar stabs gdan me tog dmar ser rab tu rgyas pa can bri/__skya bris zin nas so so'i thugs kar sngags rnams gong gi tshon gyis bri ste/__de'ang lha mo dbus ma'i thugs kar/__oM na ma shuk+Sha Na bA su mu kha~M ma hA pi shA tsi na ye swA hA/__g.yas ma'i thugs kar oM a na le kuN+Da li gr-ih+Na pi shA tsi na ye swA hA/__g.yon ma'i thugs kar/__oM i li ki li si li ki ki li swA hA/__zhes bris pa/__dbus kyi lha mo sku mdog mthing /__g.yas ljang /__g.yon dmar por bya/__rgyab tu'ang gong gi so so'i snying po'i mthar/__sgrub pa po rang gi ming ngam/__spyir btang /__bdag cag dpon slob yon mchod 'khor dang bcas pa log pa'i 'tsho ba ma yin pa'i chos dang mthun pa'i zas gos nor gsum gyi 'byor pa phun sum tshogs pa'i dngos grub ma lus pa stsal du gsol/__zhes dang /__su pra tiSh+Tha bri/__mgron bu bum gsum gyi nang du gong gi sngags gsum so sor mthing shog la gser gyis bris pa bcug pa dang /__byi ru gsum/__mu tig gsum bcas dar dmar pos dril ba ni bla rdo ste/__sgrub pa'i dus su me tog gi tshom bu lnga'i dbus su lha mo'i sku rnams dang /__so so'i mdun du bla rdo rnams bzhag__/las sbyor/__ri dwags rgya'i lpags pa gad brdar byas pa la/__byi ba kha sprod rin po che skyugs pa'i sbo 'og tu nor bu mang du 'khyil ba gser gyis bri/__kha dog las so sor bshad kyang /__spyir btang ljang ser bya/__rgyab tu byi ba g.yon ma'i mgo nas brtsams te sngags mgo phyir bstan dbu can tsheg yod kyis/__oM swasti sgo ru srungs/__sgo ru skyobs/__oM ma ma ti sgo ru srungs sgo ru skyobs/__nor bdag gser gyi byi ba pho mos bdag la gser dngul 'bru nor dar gos bza' btung sogs chos mthun gyi 'byor pa yid la gang 'dod pa thams cad stsal du gsol/__zhes bri/__de'i phyir mgo 'dzug lugs sogs gong ltar la/__mkhaX' 'aXgro maX gsumaX gyiX sngags dang /__oM aM pa ka~M pa zhi ba la/__oM ma se la dum bu zhi swA hA/__zhes dang /__shong na de'i mjug tu ye d+harmA bri/__ma shong na dbus kyi char bri/__stong par lus na ye d+harmA'i mjug tu gong gi 'dod gsol bri ste/__gang ltar yang phreng gcig gis 'grig par bskor/__de lha mo gsum du bskyed bstim rab gnas bya/__bsnyen sgrub zin nas/__rdza'am shing sgrom lta bu'i nang du bum rdzas nyer lnga khrol bu dang /__g.yang can gyi rdzas/__zas gos nor sna'i phud kyis bkang ba'i dbus su/__rgyab kyi char lha mo gsum gyi sku tsaka__/so so'i mdun du bla rdo dar thum/__mdun du lha mo'i sku la zhal phyogs pa'i tshul gyis las sbyor byi ba'i gzugs bzhag pa'i bar thams cad kyang rin chen 'bru sman gyis legs par gtams la kha chod rgyab/__phyi la'ang rtsi tshon dang bkra shis pa'i rtags sam nor bu 'bar ba sogs bri'o/___/___!_

Footnotes

Other Information