མཁའ་འགྲོ་སྤྱི་ཡི་སྲོག་འཁོར།

From Khyentse Lineage - A Tsadra Foundation Project
JKW-KABUM-21-ZHA-002-017
Wylie title mkha' 'gro spyi yi srog 'khor JKW-KABUM-21-ZHA-002.pdf
Location mkhyen brtse'i bka' 'bum
Volume 21, sde tshan 2, Text 17, Pages 206-208 (Folios 44b6 to 45b6)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. mkha' 'gro spyi yi srog 'khor. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 206-208. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Cakra and Amulet Designs - 'khor lo - srung 'khor

1 Texts in this Section (sde tshan or chos tshan)

[edit]
༄༅། །མཁའ་འགྲོ་སྤྱིའི་སྲོག་འཁོར་གྱི་བྲི་ཡིག་བཞུགས་སོ། །སྭསྟི། མཁའ་འགྲོ་སྤྱིའི་སྲོག་འཁོར་དབུས་སུ། ཨ་དེའི་དབུ་ནས་བརྩམས་ཏེ་གཡས་བསྐོར་གྱིས། ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃཿ ཞེས་བྲི། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཞི་ལ། ཤར་དུ་ཧ་ཡིག་གི་མགོ་ཕྱིར་བསྟན། དེའི་དབུ་ནས་བརྩམས་ཏེ་གཡས་བསྐོར་དུ། ཨོཾ་ཧ་བཛྲ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེས་མཚོན་ཏེ། ལྷོར། རིའི་མཐར། ཨོཾ་རི་རཏྣ་ཌཱ་ཀི་ནཱི་སོགས། ནུབ་ཏུ། ནིའི་མཐར། ཨོཾ་ནི་པདྨ་སོགས། བྱང་དུ། སའི་མཐར། ཨོཾ་ས་ཀརྨ་སོགས། མཚམས་བཞིར་ཕྲེང་བྲིས་ཀྱིས། ཤར་ལྷོར། ཨོཾ་ས་མ་ཡ་ཌཱ་ཀི་ནཱི་སོགས། ལྷོ་ནུབ་ཏུ། ཨོཾ་བི་ཤྭ་སོགས། ནུབ་བྱང་དུ། ཨོཾ་སརྦ་སོགས། བྱང་ཤར་དུ། ཨོཾ་ལོ་ཀ་སོགས་བྲི་སྟེ་དེ་ནི་ཕག་མོ་ཁྲོས་མ་རྩ་བའི་འཁོར་ལོའོ། །སྤྲོ་ན། དེའི་ཕྱིར་མུ་ཁྱུད་ལ་མགྲོན་ཐབས་ཀྱི་ཚུལ་དུ་མཁའ་འགྲོ་འདུས་པའི་སྔགས་བྱང་བྲི་བ་ནི། སྒྲོལ་མ། ཨོཾ་ཏཱ་རེ་ཏཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཉང་གཏེར་ཕག་མོ་ཞལ་གཉིས་མ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཕཊ་སྭཱཧཱ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། དོན་གྲུབ་མ། ཨོཾ་བཛྲ་ཝ་ར་ཧི་ཨཱ་བེ་ཤ་ཡ་སརྦ་དུཥྚན་ཧྲཱིཿསྭཱ་ཧཱ། དབུ་བཅད་མ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ། ཨོཾ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ། གསང་ཡེ། ཨོཾ་དྷཱུ་མ་གྷ་ཡེ་ན་མ་སྭཱ་ཧཱ། སེང་གདོང་། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཱཿཡཿཕཊཿ མནྡཱ་ར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མནྡྷཱ་ར་སརྦ་སིདྡྷི་ཧཱུྃ༔ མཚོ་རྒྱལ་རྩ་སྔགས། ཨོཾ་ཛྙཱ་ན་བུདྡྷ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ། མཚོ་རྒྱལ་མཚན་སྔགས། ཨོཾ་ཨཱཿཌཱ་ཀི་ནཱི་ཛྙཱ་ན་སཱ་ག་ར་ཛི་ཏཱ་སརྦ་སིདྡྷི་ཧཱུྃ། འདོད་གསོལ། སརྦ་ཏྲི་བི་ཥ་ཡཱ་ཎཱཾ་ཌཱ་ཀི་ནཱི་སཱ་ག་ར་ས་པ་རི་ཝཱ་རཱ་རྞི་ཤྲ་ཡ་ཏྭེ་དཾ་སྠི་རཾ་ཏིཥྛནྟུ་ཨ་ཧཉྩ་སརྦ་ཏཱེ་ཥ་བ་རཉྩ་སཱ་མཱནྱཱནཱཾ་སརྦ་སིདྡྷི་པྲ་ཡཙྪནྟུ། ཞེས་བྲི། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། དབྱངས། གསལ་བྱེད། རྟེན་འབྲེལ་སྙིང་པོ་རྣམས་ཀྱི་མཐར། གོང་གི་སརྦ་ཏྲི་བི་ཥ་ཡཱ་ཎཱཾ་སོགས་ནས། པྲ་ཡཙྪནྟུ། ཞེས་པའི་བར་གོང་ལྟར་དང་། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། གང་ཤོང་། དེ་རྒྱབ་མུ་ཁྱུད་ལ་རྡོ་ར་དང་། འོད་ཟེར་པ་ཏྲ་སྤྱི་ལྟར་བྲི། གནས་ཆེན་ནས་བྱུང་བའི་སིནྡྷུ་ར། ག་བུར། བྱང་སེམས་དཀར་དམར་དངོས་སམ། སེལ་མེད་ཀྱི་བདུད་རྩི་ཆོས་སྨན་བྱུགས། གནས་གསུམ་མཁའ་འགྲོ་རྒྱ་མཚོ་བསྐྱེད་ཅིང་བསྟིམ་ལ་ཡེ་ཤེས་མཚོ་རྒྱལ་སོགས་ཀྱི་དབུ་སྐྲ་གཏེར་བྱོན་ལྟ་བུ་རྙེད་ན་དང་། མ་རྙེད་ན་མཁའ་འགྲོའི་རིགས་ངེས་པ་ཅན་གྱི་སྐྲ་དང་། མགྲོན་བུ་ལ། བྃ་བྲིས་པ་བཅས་ལྷན་ཅིག་ཏུ་དྲིལ་ནས་ལུས་ལ་འཆང་བའམ། གཏོར་མ་སོགས་ཀྱི་ནང་དུ་གཞུག་པས་ཡེ་ཤེས་དང་ལས་ལས་གྲུབ་པའི་ཌཱ་ཀིའི་ཚོགས་སྤྲིན་བཞིན་དུ་འདུ་བར་འགྱུར་རོ། །མངྒ་ལཾ། ། ༈

Footnotes

Other Information