ཐུབ་བསྟན་རྒྱལ་མཚན་མདུན་ལ།

From Khyentse Lineage - A Tsadra Foundation Project
JKW-KABUM-20-WA-001-102
Wylie title thub bstan rgyal mtshan mdun la JKW-KABUM-20-WA-001.pdf
Location mkhyen brtse'i bka' 'bum
Volume 20, sde tshan 1, Text 102, Pages 181-183 (Folios 91a4 to 92a6)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. thub bstan rgyal mtshan mdun la. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 20: 181-183. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Official Letters - chab shog  ·  Prayers - smon lam
Colophon

ཅེས་མངོན་པར་འདོད་པའི་དོན་གྱི་མཆོག་གཅིག་པུར་མི་ཕྱེད་པའི་སྨོན་པས་མཚམས་སྦྱར་ཏེ། བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཀྱི་དབྱངས་སྙན་མངོན་པར་བསྒྲགས་པ་དང་བཅས། དངོས་པོ་ཀུན་གྱིས་བཏུད་ཅིང་གསོལ་བ་འདེབས་པའི་མཎྜལ་མཚོན་བྱེད་ཙམ་དུ་ལྷ་རེག་རབ་དཀར་ཟླ་ཞུན་གྱི་མདངས་ཅན་དགེ་ལེགས་ཀྱི་རེ་ཁཱས་བཀྲ་བའི་མགུལ་དར། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན་ཁྱད་འཕགས། བཅས་རྣམ་གྲངས་བརྒྱ་ཕྲག་གཅིག་ལ་བཀྲ་ཤིས་པའི་གྲངས་ཀྱིས་ལྷག་པ་འདི་རྣམས་རྗེ་བཙུན་འཁོར་ལོའི་དབང་ཕྱུག་མཁས་བཙུན་བཟང་པོའི་ཁྱུ་མཆོག་ཆེན་པོ་གང་ཉིད་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་བརྒྱ་ཕྲག་ལྷག་པའི་གསུང་གི་བདུད་རྩིས་སྐལ་བ་བཟང་པོར་གྱུར་པའི་རིགས་སྐྱེས་པདྨ་སཾ་བྷཱ་བ་དགྱེས་པའི་འབངས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུ་བ་ལགས་ན་ཡེ་ཤེས་གཟིགས་པའི་སྤྱན་རས་ཀྱིས་མེ་ཏོག་ཕྲ་མོ་མཆོད་རྫས་ཀྱི་དཔེ་ལྟར་ཡུད་ཙམ་བདག་གིར་བཞེས་ཏེ་ཇི་ལྟར་གསོལ་བ་བཏབ་པའི་དོན་ཐམས་ཅད་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱ་ཎཾ་བྷ་བ་ཏུ།།

ces mngon par 'dod pa'i don gyi mchog gcig pur mi phyed pa'i smon pas mtshams sbyar te/_brjod bya dang rjod byed gnyis ka phun sum tshogs pa'i bkra shis kyi dbyangs snyan mngon par bsgrags pa dang bcas/_dngos po kun gyis btud cing gsol ba 'debs pa'i maN+Dal mtshon byed tsam du lha reg rab dkar zla zhun gyi mdangs can dge legs kyi re khAs bkra ba'i mgul dar/_sku gsung thugs rdo rje'i snang brnyan khyad 'phags/_bcas rnam grangs brgya phrag gcig la bkra shis pa'i grangs kyis lhag pa 'di rnams rje btsun 'khor lo'i dbang phyug mkhas btsun bzang po'i khyu mchog chen po gang nyid sogs yongs 'dzin dam pa chos bzhin du spyod pa brgya phrag lhag pa'i gsung gi bdud rtsis skal ba bzang por gyur pa'i rigs skyes pad+ma saM b+hA ba dgyes pa'i 'bangs 'jam dbyangs mkhyen brtse'i dbang po kun dga' bstan pa'i rgyal mtshan dpal bzang pos bsam pa dag cing sbyor ba gus pas 'bul lam zhu ba lags na ye shes gzigs pa'i spyan ras kyis me tog phra mo mchod rdzas kyi dpe ltar yud tsam bdag gir bzhes te ji ltar gsol ba btab pa'i don thams cad de de bzhin du 'grub par byin gyis brlab tu gsol/_/sarba dA ka l+ya NaM b+ha ba tu

1 Texts in this Section (sde tshan or chos tshan)

[edit]
མུནིཤཱསནམཎྱཱདཪྴཾ དྷཱཛབཱབྷུབནེབྷྱོབྷཱསཻཿ ཙྪནྡོནབབརྞཀབྲྀཏཏིནཱམསྱཔྲསྟཱརེ། བྷདྲཀརྨཁབིཥཎྱཤྲཱིམཱཾ བྷབཏཱ྅དྷརནིཛཱིབནྟུ། །ཐུབ༷་པའི་བསྟ྄༷ན་པ་ནོར་བུའི་མེ་ལོང་ནི། །རྒྱལ༷་མཚ༷ན་ལྟ་བུར་སྲིད་ན་གསལ་མཛད་པ། །དཔ༷ལ་ལྡན་བཟ༷ང་པོ༷འི་ཕྲིན་ལས་མཁའ་ཁྱབ་གང་། །ཀུ༷ན་ཏུ༷་འཆ༷ང་བའི་ངོ་བོར་འཚོ་གཞེས་གསོལ། ༡ །སྲིད་ཞིའི་གདུང་སེལ་གི༷་ཝ༷ཾ་མཆོག་གི་སྤྲིན། །རྒྱུན་མཐའི་འཆི་མེད་ལམ་དུ་དཀྲིགས་པ་ལས། །ངེས་པ་ལྔ་ལྡན་ལོངས་སྤྱོད་ཆེན་པོའི་གཞི། །རྡོ་རྗེ་སེམས་དཔའི་ངོ་བོར་འཚོ་གཞེས་གསོལ། ༢ །དྲི་མེད་ཞོ༷་ཡི་སྙིང་པོ་ལྟར་དཀར་བའི། །ཆོས་ཚུལ་བདུད་རྩིའི་རིགས་ཅན་རྣམ་གསུམ་གྱི། །ཐར་བདེའི་པདྨོ་རྟག་ཏུ་རྒྱས་མཛད་པ། །ཤཱཀྱ་སེང་གེའི་ངོ་བོར་འཚོ་གཞེས་གསོལ། ༣ །བཀྲ་ཤིས་དཱུཪྺའི་ལྗོན་ལྟར་ཡིད་འོང་བ། །མཚན་དཔེའི་གཟུགས་སྐུ་གང་གིས་དྲན་པའི་མོད། །ཚེ༷་དང་ཡེ་ཤེས་སྐལ་བཟང་སྦྱིན་མཛད་པ། །དཔ༷ག་མེ༷ད་མགོན་པོའི་ངོ་བོར་འཚོ་གཞེས་གསོལ། ༤ །མགྲིན་པ་གཡས་འཁྱིལ་དུང་གི་མཚན་བཟང་ལས། །སྡེ་སྣོད་རྒྱུད་སྡེའི་དབྱངས་སྙན་སྒྲོགས་པའི་གསུང་། །སྲིད་པའི་རིམས་ནད་རྒྱུ་བ་ཕམ་བྱེད་པ། །རྣམ་པར་རྒྱལ་མའི་ངོ་བོར་འཚོ་གཞེས་གསོལ། ༥ །ཤེས་རབ་སྙིང་རྗེའི་གཞན་དབང་ལ་ཆགས་པས། །ཇི་ལྟ་ཇི་སྙེད་གཟིགས་པའི་ཡེ་ཤེས་ཐུགས། །གདུལ་བྱའི་དོན་ཀུན་གྲུབ་སྟེར་བིལྦའི་འབྲས། །ཡིད་བཞིན་འཁོར་ལོའི་ངོ་བོར་འཚོ་གཞེས་གསོལ། ༦ །མདོར་ན་སྲས་བཅས་སྟོབས་བཅུ་མངའ་ཀུན་གྱི། །ཡོན་ཏན་ཡོངས་རྫོགས་ལི་ཁྲིའི་ཐིག་ལེ་ཡིས། །བཤད་སྒྲུབ་ལས་ཀྱི་ཕུན་ཚོགས་དབང་མཛད་པ། །པདྨ་སཾ་བྷའི་ངོ་བོར་འཚོ་གཞེས་གསོལ། ༧ །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང་། །འབྲེལ་ཚད་དོན་ལྡན་གྲུབ་པའི་ཡུངས༷་ཀ༷ར་གྱིས། །ཡིད་སྲུབས་དཔུང་བཅས་ཕྱོགས་ལས་རྣམ་རྒྱལ་བའི། །སྙན་པས་ས་གསུམ་ཀུན་ཏུ་ཁྱབ་གྱུར་ཅིག༨། ཅེས་མངོན་པར་འདོད་པའི་དོན་གྱི་མཆོག་གཅིག་པུར་མི་ཕྱེད་པའི་སྨོན་པས་མཚམས་སྦྱར་ཏེ། བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཀྱི་དབྱངས་སྙན་མངོན་པར་བསྒྲགས་པ་དང་བཅས། དངོས་པོ་ཀུན་གྱིས་བཏུད་ཅིང་གསོལ་བ་འདེབས་པའི་མཎྜལ་མཚོན་བྱེད་ཙམ་དུ་ལྷ་རེག་རབ་དཀར་ཟླ་ཞུན་གྱི་མདངས་ཅན་དགེ་ལེགས་ཀྱི་རེ་ཁཱས་བཀྲ་བའི་མགུལ་དར། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན་ཁྱད་འཕགས། བཅས་རྣམ་གྲངས་བརྒྱ་ཕྲག་གཅིག་ལ་བཀྲ་ཤིས་པའི་གྲངས་ཀྱིས་ལྷག་པ་འདི་རྣམས་རྗེ་བཙུན་འཁོར་ལོའི་དབང་ཕྱུག་མཁས་བཙུན་བཟང་པོའི་ཁྱུ་མཆོག་ཆེན་པོ་གང་ཉིད་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་བརྒྱ་ཕྲག་ལྷག་པའི་གསུང་གི་བདུད་རྩིས་སྐལ་བ་བཟང་པོར་གྱུར་པའི་རིགས་སྐྱེས་པདྨ་སཾ་བྷཱ་བ་དགྱེས་པའི་འབངས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུ་བ་ལགས་ན་ཡེ་ཤེས་གཟིགས་པའི་སྤྱན་རས་ཀྱིས་མེ་ཏོག་ཕྲ་མོ་མཆོད་རྫས་ཀྱི་དཔེ་ལྟར་ཡུད་ཙམ་བདག་གིར་བཞེས་ཏེ་ཇི་ལྟར་གསོལ་བ་བཏབ་པའི་དོན་ཐམས་ཅད་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱ་ཎཾ་བྷ་བ་ཏུ།། །། ༈
[edit]

thub bstan rgyal mtshan mdun la/ munishAsanamaN+yAdaR+shaM_d+hAdzabAb+hubaneb+h+yob+hAsaiH_ts+tshan+donababar+Nakabr-itatinAmas+yaprastAre/_b+hadrakarmakhabiShaN+yashrImAM_b+habatA\u0f85d+haranidzIban+tu/_/thubaX pa'i bsta?Xn pa nor bu'i me long ni/_/rgyalaX mtshaXn lta bur srid na gsal mdzad pa/_/dpaXl ldan bzaXng poX'i phrin las mkha' khyab gang /_/kuXn tuX 'chaXng ba'i ngo bor 'tsho gzhes gsol/_1_/srid zhi'i gdung sel giX waXM mchog gi sprin/_/rgyun mtha'i 'chi med lam du dkrigs pa las/_/nges pa lnga ldan longs spyod chen po'i gzhi/_/rdo rje sems dpa'i ngo bor 'tsho gzhes gsol/_2_/dri med zhoX yi snying po ltar dkar ba'i/_/chos tshul bdud rtsi'i rigs can rnam gsum gyi/_/thar bde'i pad+mo rtag tu rgyas mdzad pa/_/shAkya seng ge'i ngo bor 'tsho gzhes gsol/_3_/bkra shis dUR+Wa'i ljon ltar yid 'ong ba/_/mtshan dpe'i gzugs sku gang gis dran pa'i mod/_/tsheX dang ye shes skal bzang sbyin mdzad pa/_/dpaXg meXd mgon po'i ngo bor 'tsho gzhes gsol/_4_/mgrin pa g.yas 'khyil dung gi mtshan bzang las/_/sde snod rgyud sde'i dbyangs snyan sgrogs pa'i gsung /_/srid pa'i rims nad rgyu ba pham byed pa/_/rnam par rgyal ma'i ngo bor 'tsho gzhes gsol/_5_/shes rab snying rje'i gzhan dbang la chags pas/_/ji lta ji snyed gzigs pa'i ye shes thugs/_/gdul bya'i don kun grub ster bilba'i 'bras/_/yid bzhin 'khor lo'i ngo bor 'tsho gzhes gsol/_6_/mdor na sras bcas stobs bcu mnga' kun gyi/_/yon tan yongs rdzogs li khri'i thig le yis/_/bshad sgrub las kyi phun tshogs dbang mdzad pa/_/pad+ma saM b+ha'i ngo bor 'tsho gzhes gsol/_7_/dpal ldan bla ma bskal brgyar zhabs brtan cing /_/'brel tshad don ldan grub pa'i yungasaX kaXr gyis/_/yid srubs dpung bcas phyogs las rnam rgyal ba'i/_/snyan pas sa gsum kun tu khyab gyur cig8/_ces mngon par 'dod pa'i don gyi mchog gcig pur mi phyed pa'i smon pas mtshams sbyar te/_brjod bya dang rjod byed gnyis ka phun sum tshogs pa'i bkra shis kyi dbyangs snyan mngon par bsgrags pa dang bcas/_dngos po kun gyis btud cing gsol ba 'debs pa'i maN+Dal mtshon byed tsam du lha reg rab dkar zla zhun gyi mdangs can dge legs kyi re khAs bkra ba'i mgul dar/_sku gsung thugs rdo rje'i snang brnyan khyad 'phags/_bcas rnam grangs brgya phrag gcig la bkra shis pa'i grangs kyis lhag pa 'di rnams rje btsun 'khor lo'i dbang phyug mkhas btsun bzang po'i khyu mchog chen po gang nyid sogs yongs 'dzin dam pa chos bzhin du spyod pa brgya phrag lhag pa'i gsung gi bdud rtsis skal ba bzang por gyur pa'i rigs skyes pad+ma saM b+hA ba dgyes pa'i 'bangs 'jam dbyangs mkhyen brtse'i dbang po kun dga' bstan pa'i rgyal mtshan dpal bzang pos bsam pa dag cing sbyor ba gus pas 'bul lam zhu ba lags na ye shes gzigs pa'i spyan ras kyis me tog phra mo mchod rdzas kyi dpe ltar yud tsam bdag gir bzhes te ji ltar gsol ba btab pa'i don thams cad de de bzhin du 'grub par byin gyis brlab tu gsol/_/sarba dA ka l+ya NaM b+ha ba tu//__//_!_

Footnotes

Other Information