ཙྪནྡེནྡྲ་བཛྲ་ནཱ་མསྱ་པྲསྟཱ་རེ། ཞེས་པའི་དབུ་ཅན།

From Khyentse Lineage - A Tsadra Foundation Project
Wylie title ts+tshan+den+d+ra badz+ra nA mas+ya prastA re/ zhes pa'i dbu can JKW-KABUM-20-WA-001.pdf
Location mkhyen brtse'i bka' 'bum
Volume 20, sde tshan 1, Text 91, Pages 162-164 (Folios 81b2 to 82b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. ts+tshan+den+d+ra badz+ra nA mas+ya prastA re zhes pa'i dbu can. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 20: 162-164. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Official Letters - chab shog  ·  Prayers - smon lam  ·  Supplications - gsol 'debs
Colophon

།ཅེས་དགེ་ལེགས་ཤིས་པའི་ཚིག་གིས་གསོལ་བ་འདེབས་རྟེན་མཚོན་བྱེད་ཙམ་དུ་རྣམ་པར་དཀར་བའི་ལྷ་རེག །ཁྱད་པར་འཕགས་པའི་དམ་རྫས་བཀྲ་ཤིས་པའི་གྲངས་ལྡན། རིན་ཆེན་དཀར་པོ་སྲང་འཁོར་རྩེ་མོའི་གྲངས་བཅས་མདོ་ཁམས་སྡེ་དགེ་ལྷུན་གྲུབ་སྟེང་ནས་ལྕགས་སྤྲེལ་ཁྲུམས་ཟླའི་༨ཡར་ཚེས་༡༠དགེ་བར་སྐྱབས་འོག་ཐ་ཆུང་པ་ཐར་རྩེ་སྤྲུལ་མིང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གུས་པ་ཆེན་པོའི་ཕྱག་དང་བཅས་ཏེ་ཕུལ་བའི་ཞུ་ཡིག།

ces dge legs shis pa'i tshig gis gsol ba 'debs rten mtshon byed tsam du rnam par dkar ba'i lha reg_/khyad par 'phags pa'i dam rdzas bkra shis pa'i grangs ldan/_rin chen dkar po srang 'khor rtse mo'i grangs bcas mdo khams sde dge lhun grub steng nas lcags sprel khrums zla'i 8yar tshes 10dge bar skyabs 'og tha chung pa thar rtse sprul ming 'jam dbyangs mkhyen brtse'i dbang pos gus pa chen po'i phyag dang bcas te phul ba'i zhu yig

1 Texts in this Section (sde tshan or chos tshan)

[edit]
ཙྪནྡེནྡྲབཛྲནཱམསྱཔྲསྟཱརེ། ལཀྵྨཱིཤཏཾཔུཎྱསུཏེཛརསྨི། བྷཱབེཥུམོཀྵཾསུཁབྷུཏིདཱདེཔཱདཤྲཡཱདཪྴམཎེསྶུམཱུལཾ། །དགེ་ལེགས་བྱེ་བའི་སྙིང་པོ་གཅིག་གྱུར་པ། །ཕུན་ཚོགས་བསོད་ནམས་ཕྲག་བརྒྱའི་གཟི་འོད་ཅན། །སྲིད་ན་ཐར་བདེའི་འབྱོར་པ་སྦྱིན་མཛད་པའི། །ཞབས་སེན་ནོར་བུའི་མེ༷་ལོ༷ང་མཆོག་གི་དྲུང་། ༡ །མོས་གུས་གི༷འུ༷་ཝ༷ཾ་བཅུད་ཀྱིས་རབ་བརླན་པའི། །དད་ལྡན་གཉིས་འཐུང་དུལ་བའི་ངང་ཚུལ་གྱིས། །འཇམ་མགོན་མཁྱེན་པའི་དཔྱིད་དཔལ་ལ་ཆགས་པས། །ཞུ་གསོལ་ཚིག་གི་མེ་ཏོག་ཅུང་ཟད་འཐོར། ༢ །གཟོད་ནས་གཞན་དོན་ཁོ་ནའི་རྗེས་སོང་བའི། །ཐུགས་བསྐྱེད་ཞོ༷་ཡི༷་སྙིང༷་པོ༷་ལྟར་དཀར་བས། །འདུ་མི་མཛད་བཞིན་ལྷུན་གྱིས་གྲུབ་པ་ཡི། །འཕགས་བཞིའི་སྤྲུལ་པའི་སྒྱུ་འཕྲུལ་ཅིར་ཡང་སྟོན། ༣ །ལྷག་པར་གྲུབ་པའི་རིགས་ཀྱི་དགའ་ཚལ་དུ། །མཚན་དཔེའི་དཱུརྦ༷འི་འཁྲི་ཤིང་བསྐྱེད་བསྲིངས་པས། །གང་དུ་བསྙེན་པའི་མོད་ནས་ཕན་དང་བདེའི། །འཆི་མེད་དགའ་སྟོན་སྦྱིན་པའི་ངོ་མཚར་དང་། ༤ །གསུང་གི་བདུད་རྩི་ཆ་ཤས་རེ་རེས་ཀྱང་། །སྲིད་ཞིའི་གྲུབ་པ་སྟེར་མཛད་བི༷ལྦ༷འི་འབྲ༷ས། །འཕགས་དང་མཁས་པ་ཀུན་གྱིས་ལྷན་ཅིག་ཏུ། །དཔལ་སྟུག་ཡོངས་ཀྱི་བཀའ་བཞིན་སྤྱི་བོས་ནོད། ༥ །ཁྱོད་ཐུགས་མཁྱེན་གཉིས་ཆུ་གཏེར་ལས་བྱུང་བའི། །ཡོན་ཏན་བསྔགས་པ་མཐའ་ཡས་གཡ༷ས་འཁྱི༷ལ་དུང༷་། །སྙན་པ་ཕྱོགས་མཐར་འགྲོ་བའི་ཕྲིན་ལས་ཀྱིས། །སྲིད་ན་ཀུན་མཁྱེན་གཉིས་པའི་གྲགས་དཀར་ལེན། ༦ །དེ་ལྟའི་གསང་གསུམ་འཚོ་གཞེས་བརྟན་པ་ནས། །བྱིན་རླབས་ལི༷་ཁྲི༷འི་ཐི༷ག་ལེ༷་མཛེས་འབར་བའི། །བཀའ་ཡི་སྤྲིང་ཡིག་སྤྱི་བོར་སོན་པའི་མོད། །དད་སྤྲོའི་དགའ་བ་གཟུགས་ཅན་བཞིན་དུ་གྱུར། ༧ །འདིར་ཡང་མགོན་པོ་གང་གི་ཐུགས་རྗེའི་མཐུ། །གྲུབ་པའི༷་ཉུང༷ས་ཀ༷ར་སྙེ་མ༷ས་བསྲུང་བ་ལས། །ཉེར་འཚེའི་གདུང་བ་བྲལ་དང་ཆབ་གཅིག་པར། །གསོལ་འདེབས་མགྲིན་པའི་རྒྱུད་མངའ་ཁྲོལ་བཞིན་མཆིས། ༨ །མཚམས་ཞུས། སླད་མའི་དུས་ཀྱང་གྲགས་པའི་གདུ༷གས་དཀ༷ར་པོ། །བཟུང་བ་མེད་པར་སྲིད་ཞིའི་བླར་བརྗིད་པས། །ཤེས་རབ་གསུམ་གྱི་མིག་ལྡན་གསེ༷ར་ཉའི༷་ཚོགས། །མོས་གུས་ཆུ་གཏེར་དྭངས་པར་དབུགས་འབྱིན་བཞིན། ༡ །བསོད་ནམས་བྱེ་བའི་མཚན་དཔེའི་བུམ༷་བཟ༷ང་གི། །ཞབས་སེན་པ༷དྨ༷་དཀར་པོ་བཞད་པའི་འཛུམ། །འཚོ་གཞེས་བསྐལ་བརྒྱར་བརྟན་པའི་དུ༷ང་གི་སྒྲས། །རྒུད་པ་ཕོངས་པའི་རིམས་ནད་འཇིལ་དང་བཅས། ༢ །ཐུགས་རྗེའི་དཔ༷ལ་གྱི་བེ༷འུར་དམན་བདག་ཀྱང་། །བརྩེ་ཆེན་ཡེ་ཤེས་གཟིགས་པས་བཅུག་པ་ལས། །མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ༷་མཚ༷ན་གྱིས། །ཕན་བདེའི་འཁོ༷ར་ལོ༷ས་སྒྱུར་བའི་བཀྲ་ཤིས་སྩོལ། ༣ །ཅེས་དགེ་ལེགས་ཤིས་པའི་ཚིག་གིས་གསོལ་བ་འདེབས་རྟེན་མཚོན་བྱེད་ཙམ་དུ་རྣམ་པར་དཀར་བའི་ལྷ་རེག །ཁྱད་པར་འཕགས་པའི་དམ་རྫས་བཀྲ་ཤིས་པའི་གྲངས་ལྡན། རིན་ཆེན་དཀར་པོ་སྲང་འཁོར་རྩེ་མོའི་གྲངས་བཅས་མདོ་ཁམས་སྡེ་དགེ་ལྷུན་གྲུབ་སྟེང་ནས་ལྕགས་སྤྲེལ་ཁྲུམས་ཟླའི་༨ཡར་ཚེས་༡༠དགེ་བར་སྐྱབས་འོག་ཐ་ཆུང་པ་ཐར་རྩེ་སྤྲུལ་མིང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གུས་པ་ཆེན་པོའི་ཕྱག་དང་བཅས་ཏེ་ཕུལ་བའི་ཞུ་ཡིག། །། ༈
[edit]

ts+tshan+den+d+ra badz+ra nA mas+ya prastA re/__zhes pa'i dbu can/ ts+tshan+den+d+rabadz+ranAmas+yaprastAre/_lak+Sh+mIshataMpuN+yasutedzarasmi/_b+hAbeShumok+ShaMsukhab+hutidAdepAdashrayAdaR+shamaNes+sumUlaM/_/dge legs bye ba'i snying po gcig gyur pa/_/phun tshogs bsod nams phrag brgya'i gzi 'od can/_/srid na thar bde'i 'byor pa sbyin mdzad pa'i/_/zhabs sen nor bu'i meX loXng mchog gi drung /_1_/mos gus giX'uX waXM bcud kyis rab brlan pa'i/_/dad ldan gnyis 'thung dul ba'i ngang tshul gyis/_/'jam mgon mkhyen pa'i dpyid dpal la chags pas/_/zhu gsol tshig gi me tog cung zad 'thor/_2_/gzod nas gzhan don kho na'i rjes song ba'i/_/thugs bskyed zhoX yiX snyingaX poX ltar dkar bas/_/'du mi mdzad bzhin lhun gyis grub pa yi/_/'phags bzhi'i sprul pa'i sgyu 'phrul cir yang ston/_3_/lhag par grub pa'i rigs kyi dga' tshal du/_/mtshan dpe'i dUrbaX'i 'khri shing bskyed bsrings pas/_/gang du bsnyen pa'i mod nas phan dang bde'i/_/'chi med dga' ston sbyin pa'i ngo mtshar dang /_4_/gsung gi bdud rtsi cha shas re res kyang /_/srid zhi'i grub pa ster mdzad biXlbaX'i 'braXs/_/'phags dang mkhas pa kun gyis lhan cig tu/_/dpal stug yongs kyi bka' bzhin spyi bos nod/_5_/khyod thugs mkhyen gnyis chu gter las byung ba'i/_/yon tan bsngags pa mtha' yas g.yaXs 'khyiXl dungaX /_/snyan pa phyogs mthar 'gro ba'i phrin las kyis/_/srid na kun mkhyen gnyis pa'i grags dkar len/_6_/de lta'i gsang gsum 'tsho gzhes brtan pa nas/_/byin rlabs liX khriX'i thiXg leX mdzes 'bar ba'i/_/bka' yi spring yig spyi bor son pa'i mod/_/dad spro'i dga' ba gzugs can bzhin du gyur/_7_/'dir yang mgon po gang gi thugs rje'i mthu/_/grub pa'iX nyungaXs kaXr snye maXs bsrung ba las/_/nyer 'tshe'i gdung ba bral dang chab gcig par/_/gsol 'debs mgrin pa'i rgyud mnga' khrol bzhin mchis/_8_/mtshams zhus/_slad ma'i dus kyang grags pa'i gduXgs dkaXr po/_/bzung ba med par srid zhi'i blar brjid pas/_/shes rab gsum gyi mig ldan gseXr nya'iX tshogs/_/mos gus chu gter dwangs par dbugs 'byin bzhin/_1_/bsod nams bye ba'i mtshan dpe'i bumaX bzaXng gi/_/zhabs sen paXd+maX dkar po bzhad pa'i 'dzum/_/'tsho gzhes bskal brgyar brtan pa'i duXng gi sgras/_/rgud pa phongs pa'i rims nad 'jil dang bcas/_2_/thugs rje'i dpaXl gyi beX'ur dman bdag kyang /_/brtse chen ye shes gzigs pas bcug pa las/_/mi mthun phyogs las rgyal ba'i rgyalaX mtshaXn gyis/_/phan bde'i 'khoXr loXs sgyur ba'i bkra shis stsol/_3_/ces dge legs shis pa'i tshig gis gsol ba 'debs rten mtshon byed tsam du rnam par dkar ba'i lha reg_/khyad par 'phags pa'i dam rdzas bkra shis pa'i grangs ldan/_rin chen dkar po srang 'khor rtse mo'i grangs bcas mdo khams sde dge lhun grub steng nas lcags sprel khrums zla'i 8yar tshes 10dge bar skyabs 'og tha chung pa thar rtse sprul ming 'jam dbyangs mkhyen brtse'i dbang pos gus pa chen po'i phyag dang bcas te phul ba'i zhu yig/__//_!

Footnotes

Other Information