ཤིས་བརྗོད།

From Khyentse Lineage - A Tsadra Foundation Project
JKW-KABUM-20-WA-001-058
Wylie title shis brjod JKW-KABUM-20-WA-001.pdf
Location mkhyen brtse'i bka' 'bum
Volume 20, sde tshan 1, Text 58, Pages 105-106 (Folios 53a2 to 53b5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. shis brjod. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 20: 105-106. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Invocation of Auspiciousness - bkra shis brjod pa
Colophon

།ཅེས་རབ་ཡིད་མཛེས་བྱེད་ལོར་འཇམ་མགོན་ས་སྐྱ་པའི་གདུང་སྲས་རིན་པོ་ཆེ་མཆེད་ཞལ་ཆོས་ཁྲི་ཆེན་མོར་མངའ་གསོལ་བའི་ལེགས་འབུལ་གྱི་སྔོན་འགྲོའི་ཤིས་བརྗོད་མེ་ཏོག་དཀར་པོའི་དོ་ཤལ་ཅེས་བྱ་བ་འདིའང་། བདག་ཆེན་འཇམ་པའི་དབྱངས་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱི་ཞལ་སྔ་ནས་ཚུལ་འདི་ལྟ་བུ་ཞིག་སྦྱོར་ཞིག་ཅེས་ཟིན་ཐོ་དང་བཅས་བཀའ་སྩལ་བ་ལྟར། རྒྱལ་ཁམས་ཉུལ་བའི་ད་རི་དྲྭ་མཁྱེན་བརྩེའི་མིང་གིས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོའི་ཕུན་ཚོགས་ཞབས་བརྟན་ལྷ་ཁང་དུ་བྲིས་པ་སརྦ་པྲ་ཛབྷྱསྶུཤྲེཡནྟུ།།

ces rab yid mdzes byed lor 'jam mgon sa skya pa'i gdung sras rin po che mched zhal chos khri chen mor mnga' gsol ba'i legs 'bul gyi sngon 'gro'i shis brjod me tog dkar po'i do shal ces bya ba 'di'ang /_bdag chen 'jam pa'i dbyangs ngag dbang kun dga' bkra shis kyi zhal snga nas tshul 'di lta bu zhig sbyor zhig ces zin tho dang bcas bka' stsal ba ltar/_rgyal khams nyul ba'i da ri drwa mkhyen brtse'i ming gis dpal sa skya'i chos grwa chen po'i phun tshogs zhabs brtan lha khang du bris pa sarba pra dzab+h+yas+sushreyan+tu/

1 Texts in this Section (sde tshan or chos tshan)

[edit]
མཉྫུནཱཐབྷཱུམིཤུཀླཔཊྭོ དྷརྨཙཀྲཡོབསནྟབརྟྟིཿ སྡེབ་སྦྱོར་རྨ་བྱའི་འགྲོས་སོ། །མཎྱམཱསནཾམནོམདྲཱིདཾ ཤཱནྟབྷཱབཡོཤུབྷསྥུཊབཱ། ཤིས་བརྗོད་སྒོ་གསུམ་པ་མཚན་གསུམ་དང་ལྡན་པའི་ཆོས་ཁྲི་རིན་པོ་ཆེ་དང་དམ་པའི་ཚུལ་དགུ་སྦྱར་བ། འཇམ་མགོན་ས་སྐྱ་པཎྜི་ཏའི། །ཆོས་ཀྱི་འཁོར་ལོས་བསྒྱུར་བའི་དཔྱིད། །ནོར་བུའི་ཁྲི་འཕང་མཐོན་པོ་འདིར། །སྲིད་ཞིའི་དགེ་མཚན་ཅིར་ཡང་དར། ༡ །རབ་འབྱམས་གཞུང་ལུགས་མང་དུ་ཐོས་དང་དེ་དོན་བསམ་པའི་འོད་རིས་ཅན། །རབ་འབྱམས་སྒོམ་སྤངས་གནས་ལུགས་མངོན་གྱུར་འཁོན་གདུང་ཉིན་མོར་བྱེད་པའི་ཕྲེང་། །རབ་འབྱམས་ལྷར་བཅས་སྐྱེ་རྒུའི་དབུས་ན་ཆོས༷་ཀྱི་ཁྲི༷་འདིར་ཞབས་བཀོད་པས། །རབ་འབྱམས་མཁ༷ས་པ༷འི་རྒྱུ་སྐར་ཚོགས་ཀུན་ཟི༷ལ་གྱིས་གནོན་པའི་གྲགས་པས་མཛེས། ༢ །སྙན་སྙན་ལེགས་བཤད་འཆད་པའི་འཁོ༷ར་ལོ༷ས་སྐལ་བཟང་རྣ་བར་བདུད་རྩིར་བྱེད། །གསལ་གསལ་འགལ་འབྲེལ་རྩོད་པའི་འཁོར་ལོས་ཕས་རྒོལ་སྙིང་ལ་གདུང་བ་སྦྱིན། །མཁས་མཁས་སྡེབ་ལེགས་རྩོམ་པའི་འཁོར་ལོས་རྒྱལ་བསྟན་ཡུན་རིང་རྒྱས་མཛད་པའི། །མང་མང་དམ་པའི་བགྱི་བ་གསུམ༷་ལྡ༷ན་དགེ་མཚན་རྒྱུན་མི་འཆད་པར་སྒྲོགས། ༣ །ཕུལ་བྱུང་མཁྱེན་པའི་ཡེ་ཤེས་སྒྲིབ་མེད་ཟླ་བ་ནོར་བུའི་ཐ༷ང་ཡངས་པར། །ཕུལ་བྱུང་ཟབ་མོ་སྟོང་པ་ཉིད་དང་བརྩེ་བའི་སྙིང་རྗེ་ཆེ༷་ལྡན་པའི། །ཕུལ་བྱུང་མཐུ་སྟོབས་ནུས་པའི་མངའ་བདག་མཚན་མཆོག་གསུམ་ལྡན་གདུང་རབས་ཀྱིས། །ཕུལ་བྱུང་དགེ་མཚན་ཕྲག་བརྒྱས་མཛེས་བྱས་རྡོ་རྗེའི་གདན་འདིར་དགེ་ལེགས་སྩོལ། ༤ །ཅེས་རབ་ཡིད་མཛེས་བྱེད་ལོར་འཇམ་མགོན་ས་སྐྱ་པའི་གདུང་སྲས་རིན་པོ་ཆེ་མཆེད་ཞལ་ཆོས་ཁྲི་ཆེན་མོར་མངའ་གསོལ་བའི་ལེགས་འབུལ་གྱི་སྔོན་འགྲོའི་ཤིས་བརྗོད་མེ་ཏོག་དཀར་པོའི་དོ་ཤལ་ཅེས་བྱ་བ་འདིའང་། བདག་ཆེན་འཇམ་པའི་དབྱངས་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱི་ཞལ་སྔ་ནས་ཚུལ་འདི་ལྟ་བུ་ཞིག་སྦྱོར་ཞིག་ཅེས་ཟིན་ཐོ་དང་བཅས་བཀའ་སྩལ་བ་ལྟར། རྒྱལ་ཁམས་ཉུལ་བའི་ད་རི་དྲྭ་མཁྱེན་བརྩེའི་མིང་གིས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོའི་ཕུན་ཚོགས་ཞབས་བརྟན་ལྷ་ཁང་དུ་བྲིས་པ་སརྦ་པྲ་ཛབྷྱསྶུཤྲེཡནྟུ།། །། ༈
[edit]

shis brjod/ many+dzunAthab+hUmishuklapaT+wo_d+harmatsakrayobasan+tabar+t+tiH_sdeb sbyor rma bya'i 'gros so/_/maN+yamAsanaMmanomadrIdaM_shAn+tab+hAbayoshub+has+phuTabA/_shis brjod sgo gsum pa mtshan gsum dang ldan pa'i chos khri rin po che dang dam pa'i tshul dgu sbyar ba/_'jam mgon sa skya paN+Di ta'i/_/chos kyi 'khor los bsgyur ba'i dpyid/_/nor bu'i khri 'phang mthon po 'dir/_/srid zhi'i dge mtshan cir yang dar/_1_/rab 'byams gzhung lugs mang du thos dang de don bsam pa'i 'od ris can/_/rab 'byams sgom spangs gnas lugs mngon gyur 'khon gdung nyin mor byed pa'i phreng /_/rab 'byams lhar bcas skye rgu'i dbus na chosaX kyi khriX 'dir zhabs bkod pas/_/rab 'byams mkhaXs paX'i rgyu skar tshogs kun ziXl gyis gnon pa'i grags pas mdzes/_2_/snyan snyan legs bshad 'chad pa'i 'khoXr loXs skal bzang rna bar bdud rtsir byed/_/gsal gsal 'gal 'brel rtsod pa'i 'khor los phas rgol snying la gdung ba sbyin/_/mkhas mkhas sdeb legs rtsom pa'i 'khor los rgyal bstan yun ring rgyas mdzad pa'i/_/mang mang dam pa'i bgyi ba gsumaX ldaXn dge mtshan rgyun mi 'chad par sgrogs/_3_/phul byung mkhyen pa'i ye shes sgrib med zla ba nor bu'i thaXng yangs par/_/phul byung zab mo stong pa nyid dang brtse ba'i snying rje cheX ldan pa'i/_/phul byung mthu stobs nus pa'i mnga' bdag mtshan mchog gsum ldan gdung rabs kyis/_/phul byung dge mtshan phrag brgyas mdzes byas rdo rje'i gdan 'dir dge legs stsol/_4_/ces rab yid mdzes byed lor 'jam mgon sa skya pa'i gdung sras rin po che mched zhal chos khri chen mor mnga' gsol ba'i legs 'bul gyi sngon 'gro'i shis brjod me tog dkar po'i do shal ces bya ba 'di'ang /_bdag chen 'jam pa'i dbyangs ngag dbang kun dga' bkra shis kyi zhal snga nas tshul 'di lta bu zhig sbyor zhig ces zin tho dang bcas bka' stsal ba ltar/_rgyal khams nyul ba'i da ri drwa mkhyen brtse'i ming gis dpal sa skya'i chos grwa chen po'i phun tshogs zhabs brtan lha khang du bris pa sarba pra dzab+h+yas+sushreyan+tu//___//__!

Footnotes

Other Information