རྣམ་འཇོམས་བརྒྱུད་འདེབས་ཞལ་སྐོང་།

From Khyentse Lineage - A Tsadra Foundation Project
JKW-KABUM-16-MA-029-021
Wylie title rnam 'joms brgyud 'debs zhal skong JKW-KABUM-16-MA-029.pdf
Location mkhyen brtse'i bka' 'bum
Volume 16, sde tshan 29, Text 21, Pages 298-299 (Folios 21b4 to 22a3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. rnam 'joms brgyud 'debs zhal skong. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 16: 298-299. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Lineage Supplications - brgyud 'debs

1 Texts in this Section (sde tshan or chos tshan)

[edit]
རྡོ་རྗེ་རྣམ་པར་འཇོམས་པའི་བརྒྱུད་འདེབས་ཀྱི་ཞལ་སྐོང་ནི། །བརྩེ་ཆེན་སངས་རྒྱས་ཕུན་ཚོགས་ལ་གསོལ་བ་འདེབས། །ཞེས་པའི་མཚམས། བསྟ༷ན་འཛི༷ན་རྒྱ་མཚོའི་དབུས་ན་མངོན་མཐོ་ཞིང་། །གཞན་དོན་ཕྲིན་ལས་ལྷུན༷་གྲུབ༷་སྨྲ་བའི་དབང་། །མཐའ་ཀླས་བསྟན་དང་འགྲོ་བའི་སྐྱབས་གཅིག་པུ། །མཚུངས་མེད་དཔ༷ལ་ལྡ༷ན་ཆོ༷ས་སྐྱོང༷་ལ་གསོལ་བ་འདེབས། །ང༷ག་གི་དབ༷ང་ཕྱུག་ཆོ༷ས་བཞིན་འདོམ་མཁས་པས། །ལུང་རྟོགས་བསྟན་པ་སྐྱོང༷་མཛད་དཔལ་བཟ༷ང་པོ༷། །དམ་པའི་རིགས་འཁྲུངས་མཁྱེན་བརྩེ་ནུས་པའི་གཏེར། །ང༷ག་དབ༷ང་བསོ༷ད་ནམ༷ས་བསྟན༷་འཛི༷ན་ལ་གསོལ་བ་འདེབས། །མཁས་ཀུན་དགའ་སྐྱེད་མཁྱེན་པའི་ཡེ་ཤེས་དང་། །དམིགས་མེད་ཐུགས་རྗེའི་གཏེར་ཆེན་ཆོས་ཀྱི་རྗེ། །ཚུལ་གནས་གསན་བསམ་མཐར་སོན་ཐེག་མཆོག་གི། །བཤེས་གཉེན་ངག༷་དབ༷ང་བརྟ༷ན་པ༷་ལ་གསོལ་བ་འདེབས། །ང༷ག་ལ་དབ༷ང་འབྱོར་ཕྱི་ནང་རིག་གཞུང་གི །ལེ༷གས་བཤད་རྒྱ་མཚོ་སྨྲ་ལ་ཟླ་མེད་པ། །མཁས་བཙུན་གྲུབ༷་པའི་དཔལ་མངའ་རྡོ་རྗེ་འཛིན། །འཇམ་མགོན་ངག་དབང་ལེགས་གྲུབ་ལ་གསོལ་བ་འདེབས། །དུས་གསུམ་སངས་རྒྱས་ཀུན་གྱི་སོགས་སྦྲེལ་ལོ། ། ༈

Footnotes

Other Information