གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་རྣམ་དག་མར་གྲགས་པའི་ཞལ་སྐོང་།

From Khyentse Lineage - A Tsadra Foundation Project
JKW-KABUM-16-MA-029-004
Wylie title gsung ngag rin po che'i brgyud 'debs rnam dag mar grags pa'i zhal skong JKW-KABUM-16-MA-029.pdf
Location mkhyen brtse'i bka' 'bum
Volume 16, sde tshan 29, Text 4, Pages 267-272 (Folios 6a2 to 8b6)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. gsung ngag rin po che'i brgyud 'debs rnam dag mar grags pa'i zhal skong. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 16: 267-272. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Lineage Supplications - brgyud 'debs
Colophon

།དེ་ལྟར་ངོར་ཆེན་རྡོ་རྗེ་འཆང་གིས་གནང་བའི་གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་རྣམ་དག་མར་གྲགས་པའི་ཞལ་སྐོང་དཔལ་ཨེ་ཝཾ་པའི་མཁན་རབས་ལྟར་མཛད་པའི་འཕྲོ་མཐུད་འདི་ཡང་། གོང་མ་རྣམས་མཛད་པ་པོ་སོ་སོ་ནས་བརྒྱུད་པའི་ལུང་རྒྱུན་འབད་པས་བཙལ་ཞིང་། མཇུག་གི་བླ་མ་གཉིས་ཀྱི་ཞབས་བརྟན་གསར་རྩོམ་བཅས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཕྱོགས་གཅིག་ཏུ་དག་པར་བསྒྲིགས་པའི་དགེ་བས་བདག་གཞན་གྱི་རྒྱུད་ལ་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཡེ་ཤེས་གཟིགས་པའི་བྱིན་བརླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།

de ltar ngor chen rdo rje 'chang gis gnang ba'i gsung ngag rin po che'i brgyud 'debs rnam dag mar grags pa'i zhal skong dpal e waM pa'i mkhan rabs ltar mdzad pa'i 'phro mthud 'di yang /__gong ma rnams mdzad pa po so so nas brgyud pa'i lung rgyun 'bad pas btsal zhing /__mjug gi bla ma gnyis kyi zhabs brtan gsar rtsom bcas bya bral ba 'jam dbyangs mkhyen brtse'i dbang pos phyogs gcig tu dag par bsgrigs pa'i dge bas bdag gzhan gyi rgyud la dpal ldan bla ma dam pa rnams kyi ye shes gzigs pa'i byin brlabs myur du 'jug pa'i rgyur gyur cig/__/sarba dA mang+ga laM b+ha ba tu/

1 Texts in this Section (sde tshan or chos tshan)

[edit]
གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་རྣམ་དག་མར་གྲགས་པའི་ཞལ་སྐོང་བཞུགས་སོ། ༀ་སྭ་སྟི། །གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་ཀྱི་ཞལ་སྐོང་ནི། །མཚུངས་མེད་ཉིན་བྱེད་དབང་པོར་གསོལ་བ་འདེབས། །ཞེས་པའི་མཚམས། །བྱམས་པ་ནམ་མཁའ་བསམ་འགྲུབ་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །རྨད་བྱུང་བློ་གྲོས་ནམ༷་མཁའི་ཁྱོན་ཡངས་པར། །ཐུགས་རྗེའི་ཆུ་འཛིན་དཔལ་གྱིས་ཆེར་གཏམས་ཤིང་། །བས༷མ་ཡས་ཕྲིན་ལས་བཟང་པོའི་ཆར་རྒྱུན་གྱིས། །ཐར་པའི་འབྲས་སྟེར་མཁས་གྲུབ༷་ལ་ཕྱག་འཚལ། །མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །གསང་བ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་བླ་མ་མཆོག །དཔ༷ལ་ལྡ༷ན་ཆོ༷ས་སྐྱོང༷་གྲགས་ལ་གསོལ་བ་འདེབས། །དུས་གསུམ་སང༷ས་རྒྱས༷་ཀུན་བདག་རྡོ་རྗེ་འཆང་། མཁས་གྲུབ་སངས་རྒྱས་དང་དཔལ་བཟང་ལ་བསྟོད་པ་བྱམས་པ་བསོད་ནམས་བཟང་པོས་མཛད་པ། །གསང་གསུམ་ཡོན་ཏན་མཛོད་འཛིན་འཁོར་ལོའི་མགོན། །ཟག་མེད་དགའ་བཞིའི་དཔ༷ལ་མངའ་ཧེ་རུ་ཀཿ །དབྱེར་མེད་འདྲེན་པ་བཟ༷ང་པོར་གསོལ་བ་འདེབས། །འཇམ་མགོན་བསོད་ནམས་ལྷུན་གྲུབ་ལ་བསྟོད་ལ་བྱམས་པ་བསོད་ནམས་བཟང་པོས་མཛད་པ། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་འཛིན་མ་ལ། །རབ་འཁྲུངས་བསོ༷ད་ནམ༷ས་ཡེ་ཤེས་ཡོངས་འདུའི་ལྗོན། །ལུང་རྟོགས་བྱེ་བའི་ཡོན་ཏན་ལྷུན་གྱིས་གྲུབ། །ཕྲིན་ལས་དཔལ་འབྱོར་བཟང་པོའི་ཞབས་ལ་འདུད། །རིན་ཆེན་མི་འགྱུར་རྒྱལ་མཚན་ལ་བསྟོད་པ་བྱམས་པ་བསོད་ནམས་བཟང་པོས་མཛད་པ། །ཚོགས་གཉིས་རིན་ཆེན་མཛེས་པའི་གསེར་གྱི་ཁྲིར། །སྲིད་ཞིའི་སྐྱབས་གཅིག་མི༷་འགྱུར་རྒྱལ༷་བའི་སྲས། །བསྟན་འགྲོ་ལྷར་བཅས་གདུལ་བྱའི་གཙུག་གི་ནོར། །ཕྲིན་ལས་དགེ་མཚ༷ན་འབུམ་ལྡན་ཞབས་ལ་འདུད། །སྲིད་ཞིའི་དགེ་ལེགས་ཀུན་གྱི་སྒོ་གཅིག་པུ། །བདེ་གཤེགས་བསྟན་པ་རིན་ཆེན་སྤེལ་བ་ལ། །བསམ་བཞིན་བྱོན་པའི་རྗེ་བཙུན་ཨེ་ཝཾ་པ། །སང༷ས་རྒྱས༷་ཡེ༷་ཤེས༷་ཞབས། །འཇམ་མགོན་སངས་རྒྱས་ཡེ་ཤེས་པ་བསྟོད་པ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་མཛད་པ། ལ་གསོལ་བ་འདེབས། །འཇམ་དབྱངས་དཀོན་མཆོག་གྲགས་པ་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །དཀོ༷ན་མཆོ༷ག་ཐུགས་རྗེའི་འོད་ཟེར་སྙིགས་དུས་ཀྱི། །འགྲོ་བའི་གདུང་སེལ་དགེ་ལེགས་པདྨོའི་ཚལ། །རྒྱས་མཛད་འཇམ་མགོན་བསྟན་པའི་ཉི་མ་མཆོག །ཆོས་ཀྱི་གྲག༷ས་པ༷ར་གྱུར་ལ་གསོལ་བ་འདེབས། ངག་དབང་ཆོས་སྐྱོང་བཟང་པོ་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །ང༷ག་གི་དབང་ཕྱུག་དམ་པའི་ཆོ་རིགས་ལས། །ལེགས་འཁྲུངས་ཆོས༷་ཚུལ་རྒྱ་མཚོའི་མངའ་བདག་མཆོག །བསྟན་དང་བསྟན་འཛིན་སྐྱོང༷་བའི་དེད་དཔོན་ཆེ། །བསྐལ་བཟ༷ང་སྐྱེ་དགུའི་མགོན་པོ༷ར་གསོལ་བ་འདེབས། །མཁྱེན་རབ་དཀྱིལ་འཁོར་། མཁས་གྲུབ་སངས་རྒྱས་གྲགས་པ་ལ་བསྟོད་པ་རྗེ་རང་ཉིད་ཀྱི་མཛད་པ། འོད་སྟོང་ཚ་ཟེར་གྱི། །ནུས་པས་སང༷ས་རྒྱས༷་ཀུན་གྱི་བསྟན་པ་མཆོག །གསལ་མཛད་གདུལ་བྱའི་དགའ་སྟོན་བཟང་པོའི་རྒྱུན། །སྤེལ་མཁས་ས་གསུམ་གྲག༷ས་པ༷་ཁྱོད་ཕྱག་འཚལ། །བྱམས་པ་ཕུན་ཚོགས་དོན་གྲུབ་ལ་བསྟོད་པ་ཁང་གསར་པ་ངག་དབང་བསོད་ནམས་བསྟན་འཛིན་གྱིས་མཛད་པ། །ཀུན་མཁྱེན་དགའ་བའི་ཐུགས་བསྐྱེད་ཕུན༷་སུམ༷་ཚོག༷ས། །དོན༷་ལྡན་མཛད་པས་ཅི་བསམ་ལྷུན་གྱིས་གྲུབ༷། །དྲི་མེད་བསྟན་པའི་སྲོལ་འཛིན་ཆོས་ཀྱི་རྗེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་གྲུབ་ཀུན་དགའ་བསོད་ནམས་ལ་བསྟོད་པ་ས་སྐྱ་པ་ངག་དབང་དཔལ་ལྡན་ཆོས་སྐྱོང་གིས་མཛད་པ། །ཀུན༷་མཁྱེན་ཨེ་ཝཾ་པ་ཡི་བསྟན་པ་ལ། །དག༷འ་ཆེན་དྲི་མ་མེད་པའི་མཛད་ཕྲིན་གྱིས། །བསོ༷ད་ནམ༷ས་འགྲོ་ལ་སྤེལ་མཁས་དྲིན་ཅན་རྗེ། །ངོར་ཆེན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བྱམས་པ་ནམ་མཁའ་འཆི་མེད་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །དམིགས་མེད་བྱམ༷ས་དང་སྙིང་རྗེ་ཆེར་ལྡན་པ༷ས། །ནམ༷་མཁ༷འ་དང་མཉམ་མ་གྱུར་འགྲོ་ཀུན་ལ། །སྐྱེ་འཆི༷་འགགས་མེ༷ད་སྨོན་ལམ་ཤུགས་བདོ་བ། །འཁོར་བ་ཇི་སྲིད་བཙན་ལ་གསོལ་བ་འདེབས། །ང༷ག་གི་དབ༷ང་ཕྱུག་མཁས་གྲུབ་ངག་དབང་དམ་ཆོས་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། རིགས་བརྒྱའི་འཁོར་ལོས་སྒྱུར། །ཁྱབ་བདག་རྡོ་རྗེ་སེམས་དཔའི་རྣམ་རོལ་གྱིས། །རྒྱལ་བ་ཀུན་གྱི་གསང་གསུམ་འཁོར་ལོའི་མཛོད། །འཛིན་མཁས་དམ༷་ཆོས༷་རྒྱལ་མཚན་ཞབས་ལ་འདུད། །སྟོབས་མཁན་ཆེན་བསོད་ནམས་དཔལ་འབྱོར་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། བཅུའི་དབང་ཕྱུག་ཟས་གཙང་སྲས་པོ་ཡི། །ལུང་དང་རྟོགས་པའི་དམ་ཆོས་བདུད་རྩིའི་རྒྱུན། །སྐལ་ལྡན་འགྲོ་བའི་བསོ༷ད་ནམ༷ས་ཞིང་མཆོག་ཏུ། །སྤེལ་མཁས་དཔ༷ལ་འབྱོར༷་བཟང་པོར་གསོལ་བ་འདེབས། །རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་བསྟོད་པ་ས་སྐྱ་པ་ཁྲི་ཆེན་པདྨ་བདུད་འདུལ་དབང་ཕྱུག་གིས་མཛད་པ། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་བྱམ༷ས་པའི༷་དཔ༷ལ། །གསང་ཆེན་གདམས་པའི་ཆུ་གཏེར་ཀུན༷་དག༷འི་དཔལ། །བསྟན༷་འཛི༷ན་ཡོངས་ལ་འཇོ་མཁས་ཆོས་ཀྱི་དཔལ། །དཔལ་ལྡན་བླ་མའི་ཞབས་ཟུང་རྟག་བརྟན་ཤོག །ང༷ག་དབ༷ང་ལྷ་རིགས་སྒྱུ་འཕྲུལ་རོལ་པའི་རྩེར། །བློ༷་གྲོས༷་མུན་སེལ་འགྲོ་བའི་མགོན་དུ་འཁྲུངས། །ཀུན་དགའི་རིང་ལུགས་ཆོས་བཞིན་སྐྱོང་བ་པོ། །བཟ༷ང་པོ༷འི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །ངག་དབང་བློ་གྲོས་བཟང་པོ་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །འཇམ་མགོན་དཔལ་ལྡན་དོན་གྲུབ་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །བསྐལ་བཟང་རྣམ་འདྲེན་བཞི་པའི་ལུང་རྟོགས་བསྟན། །ཡོངས་འཛིན་དཔལ༷་ལྡན༷་ཆོ༷ས་ཀྱི་རྒྱལ༷་མཚ༷ན་ཏེ༷། །འཇམ་དཔལ་ངུར་སྨྲིག་རྣམ་རོལ་དགེ་བའི་བཤེས། །དྲི་མེད་ལེགས་པའི་བློ་གྲོས་ཞབས་ལ་འདུད། །མཁྱེན་རབ་བྱམས་པ་དཔལ་ལྡན་བཟང་པོ་ལ་བསྟོད་པ་འཇམ་མགོན་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། ངག་གི་དབང་ཕྱུག་འཇམ་པའི་དབྱངས། །བྱམ༷ས་མགོན་བརྩེ་བའི་བདག་ཉིད་སྤྱན་རས་གཟིགས། །མཐུ་སྟོབས་ནུས་པ༷་རྨད་བྱུང་གསང་བའི་བདག །དཔ༷ལ་ལྡན༷་འདྲེན་པ་བཟ༷ང་པོ༷ར་གསོལ་བ་འདེབས། །ཕན་བདེ་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་ལ་བསྟོད་པ་འཇམ་མགོན་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། ཀུན་གྱི་འབྱུང་གནས་རྒྱལ་བའི་བསྟན། །འཛིན་མཁས་རྣལ༷་འབྱོར༷་དབང་ཕྱུག་ཆོས་ཀྱི་རྗེ། །འཇ༷མ་དཔ༷ལ་རྡོ་རྗེ་ཁྱབ་བདག་འཁོར་ལོའི་མགོན། །ཕྲིན་ལས་བཟ༷ང་པོ༷་བསྐལ་བརྒྱར་ཞབས་བརྟན་གསོལ། །ངག་དབང་བློ་གྲོས་བསྟན་འཛིན་ལ་བསྟོད་པ་འཇམ་མགོན་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། །གསུང་ང༷ག་རིན་ཆེན་གཏེར་ལ་དབ༷ང་འབྱོར་ཞིང་། །བློ༷་གྲོས༷་གཙུག་གི་ནོར་བུའི་གཟི་འོད་ཀྱིས། །བསྟ༷ན་དང་འགྲོ་བའི་ཕན་བདེའི་དཔལ་འཛིན་པ། །དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཁྱོད་ཕྱག་འཚལ། །རྡོ་རྗེ་ཀུན་དགའ་བསྟན་པའི་བློ་གྲོས་ལ་བསྟོད་པ། འཆང་དངོས་ཀུན༷་དག༷འ་བཟང་པོ་ཡི། །བཤད་སྒྲུབ་བསྟ༷ན་པ༷འི་རྒྱལ་མཚན་འཛིན་མཁས་པ། །བློ༷་གྲོས༷་མཚུངས་མེད་མཁྱེན་བརྩེ་ནུས་པའི་གཏེར། །ཁྱབ་བདག་དཔལ་ལྡན་བླ་མ་ཞབས་བརྟན་གསོལ། །བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལ་བསྟོད་པ། །བྱམ༷ས་པ༷འི་དཔལ་མངའ་དམིགས་མེད་ཐུགས་རྗེའི་གཏེར། །མཁས་ཀུན༷་དགའ༷་བའི་མཁྱེན་རབ་ཕ་མཐའ་ཡས། །ཡོངས་རྫོགས་བསྟན༷་པ༷འི་རྒྱལ༷་མཚན་འཛིན་མཛད་པ། །རིགས་བརྒྱའི་ཁྱབ་བདག་ཆེན་པོར་ཞབས་བརྟན་གསོལ། །ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་རྟ་ལྗང་གིས། །རྣམ་དཔྱོད་བརྩོན་པའི་མཁའ་ལ་ལེགས་དྲངས་ནས། །ཕན་བདེའི་པད་ཚལ་མ་ལུས་རྒྱས་མཛད་པ། །ཕྲིན་ལས་བཟང་པོ་འཇམ་དབྱངས་བླ་མར་འདུད། །བསྐྱེད་པ་ཕྱི་དབྱིབས་སོགས་སྦྲེལ་ལོ། །དེ་ལྟར་ངོར་ཆེན་རྡོ་རྗེ་འཆང་གིས་གནང་བའི་གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་རྣམ་དག་མར་གྲགས་པའི་ཞལ་སྐོང་དཔལ་ཨེ་ཝཾ་པའི་མཁན་རབས་ལྟར་མཛད་པའི་འཕྲོ་མཐུད་འདི་ཡང་། གོང་མ་རྣམས་མཛད་པ་པོ་སོ་སོ་ནས་བརྒྱུད་པའི་ལུང་རྒྱུན་འབད་པས་བཙལ་ཞིང་། མཇུག་གི་བླ་མ་གཉིས་ཀྱི་ཞབས་བརྟན་གསར་རྩོམ་བཅས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཕྱོགས་གཅིག་ཏུ་དག་པར་བསྒྲིགས་པའི་དགེ་བས་བདག་གཞན་གྱི་རྒྱུད་ལ་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཡེ་ཤེས་གཟིགས་པའི་བྱིན་བརླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ། ། ༈
[edit]

gsung ngag brgyud 'debs zhal skong / gsung ngag rin po che'i brgyud 'debs rnam dag mar grags pa'i zhal skong bzhugs so/__\u0f00 swa sti/__/gsung ngag rin po che'i brgyud 'debs kyi zhal skong ni/__/mtshungs med nyin byed dbang por gsol ba 'debs/__/zhes pa'i mtshams/__/byams pa nam mkha' bsam 'grub la bstod pa rje rang nyid kyis mdzad pa/__/rmad byung blo gros namaX mkha'i khyon yangs par/__/thugs rje'i chu 'dzin dpal gyis cher gtams shing /__/bsaXm yas phrin las bzang po'i char rgyun gyis/__/thar pa'i 'bras ster mkhas grubaX la phyag 'tshal/_/mkhan chen dpal ldan chos skyong la bstod pa rje rang nyid kyis mdzad pa/__/rgyal ba kun gyi ye shes gcig bsdus pa/__/gsang ba gsum gyi bdag nyid rdo rje 'chang /__/dkyil 'khor rgya mtsho'i dbang phyug bla ma mchog__/dpaXl ldaXn choXs skyongaX grags la gsol ba 'debs/__/dus gsum sangaXs rgyasaX kun bdag rdo rje 'chang /__mkhas grub sangs rgyas dang dpal bzang la bstod pa byams pa bsod nams bzang pos mdzad pa/__/gsang gsum yon tan mdzod 'dzin 'khor lo'i mgon/__/zag med dga' bzhi'i dpaXl mnga' he ru kaH__/dbyer med 'dren pa bzaXng por gsol ba 'debs/__/'jam mgon bsod nams lhun grub la bstod la byams pa bsod nams bzang pos mdzad pa/__/phan bde'i 'byung gnas rgyal bstan 'dzin ma la/__/rab 'khrungs bsoXd namaXs ye shes yongs 'du'i ljon/__/lung rtogs bye ba'i yon tan lhun gyis grub/__/phrin las dpal 'byor bzang po'i zhabs la 'dud/__/rin chen mi 'gyur rgyal mtshan la bstod pa byams pa bsod nams bzang pos mdzad pa/__/tshogs gnyis rin chen mdzes pa'i gser gyi khrir/__/srid zhi'i skyabs gcig miX 'gyur rgyalaX ba'i sras/_/bstan 'gro lhar bcas gdul bya'i gtsug gi nor/__/phrin las dge mtshaXn 'bum ldan zhabs la 'dud/__/srid zhi'i dge legs kun gyi sgo gcig pu/__/bde gshegs bstan pa rin chen spel ba la/__/bsam bzhin byon pa'i rje btsun e waM pa/__/sangaXs rgyasaX yeX shesaX zhabs/__/'jam mgon sangs rgyas ye shes pa bstod pa sa skya pa ngag dbang kun dga' blo gros kyis mdzad pa/__la gsol ba 'debs/__/'jam dbyangs dkon mchog grags pa la bstod pa rje rang nyid kyis mdzad pa/__/dkoXn mchoXg thugs rje'i 'od zer snyigs dus kyi/__/'gro ba'i gdung sel dge legs pad+mo'i tshal/__/rgyas mdzad 'jam mgon bstan pa'i nyi ma mchog__/chos kyi gragaXs paXr gyur la gsol ba 'debs/__ngag dbang chos skyong bzang po la bstod pa rje rang nyid kyis mdzad pa/__/ngaXg gi dbang phyug dam pa'i cho rigs las/__/legs 'khrungs chosaX tshul rgya mtsho'i mnga' bdag mchog__/bstan dang bstan 'dzin skyongaX ba'i ded dpon che/__/bskal bzaXng skye dgu'i mgon poXr gsol ba 'debs/__/mkhyen rab dkyil 'khor /__mkhas grub sangs rgyas grags pa la bstod pa rje rang nyid kyi mdzad pa/__'od stong tsha zer gyi/__/nus pas sangaXs rgyasaX kun gyi bstan pa mchog__/gsal mdzad gdul bya'i dga' ston bzang po'i rgyun/__/spel mkhas sa gsum gragaXs paX khyod phyag 'tshal/__/byams pa phun tshogs don grub la bstod pa khang gsar pa ngag dbang bsod nams bstan 'dzin gyis mdzad pa/__/kun mkhyen dga' ba'i thugs bskyed phunaX sumaX tshogaXs/__/donaX ldan mdzad pas ci bsam lhun gyis grubaX/__/dri med bstan pa'i srol 'dzin chos kyi rjer/__/gsol ba 'debs so bdag rgyud byin gyis rlobs/__/mkhas grub kun dga' bsod nams la bstod pa sa skya pa ngag dbang dpal ldan chos skyong gis mdzad pa/__/kunaX mkhyen e waM pa yi bstan pa la/__/dgaX' chen dri ma med pa'i mdzad phrin gyis/__/bsoXd namaXs 'gro la spel mkhas drin can rje/__/ngor chen rdo rje 'chang la gsol ba 'debs/__/byams pa nam mkha' 'chi med la bstod pa rje rang nyid kyis mdzad pa/__/dmigs med byamaXs dang snying rje cher ldan paXs/__/namaX mkhaX' dang mnyam ma gyur 'gro kun la/__/skye 'chiX 'gags meXd smon lam shugs bdo ba/__/'khor ba ji srid btsan la gsol ba 'debs/__/ngaXg gi dbaXng phyug mkhas grub ngag dbang dam chos la bstod pa rje rang nyid kyis mdzad pa/__rigs brgya'i 'khor los sgyur/__/khyab bdag rdo rje sems dpa'i rnam rol gyis/__/rgyal ba kun gyi gsang gsum 'khor lo'i mdzod/__/'dzin mkhas dmaX chosaX rgyal mtshan zhabs la 'dud/__/stobs mkhan chen bsod nams dpal 'byor la bstod pa rje rang nyid kyis mdzad pa/__bcu'i dbang phyug zas gtsang sras po yi/__/lung dang rtogs pa'i dam chos bdud rtsi'i rgyun/__/skal ldan 'gro ba'i bsoXd namaXs zhing mchog tu/__/spel mkhas dpaXl 'byoraX bzang por gsol ba 'debs/__/rdo rje 'chang byams pa kun dga' bstan 'dzin la bstod pa sa skya pa khri chen pad+ma bdud 'dul dbang phyug gis mdzad pa/__/rgyud sde rgya mtsho'i mnga' bdag byamaXs pa'iX dpaXl/__/gsang chen gdams pa'i chu gter kunaX dgaX'i dpal/__/bstanaX 'dziXn yongs la 'jo mkhas chos kyi dpal/__/dpal ldan bla ma'i zhabs zung rtag brtan shog__/ngaXg dbaXng lha rigs sgyu 'phrul rol pa'i rtser/__/bloX grosaX mun sel 'gro ba'i mgon du 'khrungs/__/kun dga'i ring lugs chos bzhin skyong ba po/__/bzaXng poX'i zhabs la spyi bos phyag 'tshal lo/__/ngag dbang blo gros bzang po la bstod pa rje rang nyid kyis mdzad pa/__/'jam mgon dpal ldan don grub la bstod pa rje rang nyid kyis mdzad pa/__/bskal bzang rnam 'dren bzhi pa'i lung rtogs bstan/__/yongs 'dzin dpalaX ldanaX choXs kyi rgyalaX mtshaXn teX/__/'jam dpal ngur smrig rnam rol dge ba'i bshes/__/dri med legs pa'i blo gros zhabs la 'dud/__/mkhyen rab byams pa dpal ldan bzang po la bstod pa 'jam mgon dpal ldan don grub kyis mdzad pa/__ngag gi dbang phyug 'jam pa'i dbyangs/__/byamaXs mgon brtse ba'i bdag nyid spyan ras gzigs/__/mthu stobs nus paX rmad byung gsang ba'i bdag___/dpaXl ldanaX 'dren pa bzaXng poXr gsol ba 'debs/__/phan bde byams pa rnal 'byor 'jam dpal bzang po la bstod pa 'jam mgon dpal ldan don grub kyis mdzad pa/__kun gyi 'byung gnas rgyal ba'i bstan/__/'dzin mkhas rnalaX 'byoraX dbang phyug chos kyi rje/__/'jaXm dpaXl rdo rje khyab bdag 'khor lo'i mgon/__/phrin las bzaXng poX bskal brgyar zhabs brtan gsol/__/ngag dbang blo gros bstan 'dzin la bstod pa 'jam mgon dpal ldan don grub kyis mdzad pa/__/gsung ngaXg rin chen gter la dbaXng 'byor zhing /__/bloX grosaX gtsug gi nor bu'i gzi 'od kyis/__/bstaXn dang 'gro ba'i phan bde'i dpal 'dzin pa/__/dkyil 'khor rgya mtsho'i mnga' bdag khyod phyag 'tshal/__/rdo rje kun dga' bstan pa'i blo gros la bstod pa/__'chang dngos kunaX dgaX' bzang po yi/__/bshad sgrub bstaXn paX'i rgyal mtshan 'dzin mkhas pa/__/bloX grosaX mtshungs med mkhyen brtse nus pa'i gter/__/khyab bdag dpal ldan bla ma zhabs brtan gsol/__/byams pa kun dga' bstan pa'i rgyal mtshan la bstod pa/__/byamaXs paX'i dpal mnga' dmigs med thugs rje'i gter/__/mkhas kunaX dga'aX ba'i mkhyen rab pha mtha' yas/__/yongs rdzogs bstanaX paX'i rgyalaX mtshan 'dzin mdzad pa/__/rigs brgya'i khyab bdag chen por zhabs brtan gsol/__/ye shes dkyil 'khor thugs rje'i rta ljang gis/__/rnam dpyod brtson pa'i mkha' la legs drangs nas/__/phan bde'i pad tshal ma lus rgyas mdzad pa/__/phrin las bzang po 'jam dbyangs bla mar 'dud/__/bskyed pa phyi dbyibs sogs sbrel lo/__/de ltar ngor chen rdo rje 'chang gis gnang ba'i gsung ngag rin po che'i brgyud 'debs rnam dag mar grags pa'i zhal skong dpal e waM pa'i mkhan rabs ltar mdzad pa'i 'phro mthud 'di yang /__gong ma rnams mdzad pa po so so nas brgyud pa'i lung rgyun 'bad pas btsal zhing /__mjug gi bla ma gnyis kyi zhabs brtan gsar rtsom bcas bya bral ba 'jam dbyangs mkhyen brtse'i dbang pos phyogs gcig tu dag par bsgrigs pa'i dge bas bdag gzhan gyi rgyud la dpal ldan bla ma dam pa rnams kyi ye shes gzigs pa'i byin brlabs myur du 'jug pa'i rgyur gyur cig/__/sarba dA mang+ga laM b+ha ba tu/___/__!__

Footnotes

Other Information