JKW-KABUM-01-KA-002-104

From Khyentse Lineage - A Tsadra Foundation Project

མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་གསོལ་བ་འདེབས་པ་བྱིན་རླབས་གྲུབ་སྟེར།
Wylie title mkhan chen rdo rje 'chang byams pa kun dga' bstan 'dzin la gsol ba 'debs pa byin rlabs grub ster JKW-KABUM-01-KA-002.pdf
Location mkhyen brtse'i bka' 'bum
Volume 2, sde tshan 2, Text 104, Pages 341- (Folios 142a6 to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Associated People བྱམས་པ་ཀུན་དགའ་བསྟན་འཛིན་ (byams pa kun dga' bstan 'dzin)
Citation 'jam dbyangs mkhyen brtse'i dbang po. mkhan chen rdo rje 'chang byams pa kun dga' bstan 'dzin la gsol ba 'debs pa byin rlabs grub ster. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 1: 341-. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Supplications - gsol 'debs
Colophon

།ཞེས་པའང་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་བཀའ་སྩལ་རིན་པོ་ཆེའི་ཕྲེང་བ་ལྷ་རྫས་ཀྱི་མེ་ཏོག་དང་བཅས་སྤྱི་བོར་སྩལ་བ་གུས་པས་མཆོད་དེ། བསྟོད་ཡུལ་དམ་པའི་ལེགས་གསུང་བདུད་རྩིས་འཚོ་བའི་བཀའ་འབངས་ཀྱི་ཐ་ཤལ་དུ་འཁོད་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྙིང་ནས་གུས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།།

zhes pa'ang skyabs mgon thams cad mkhyen cing gzigs pa chen po byams pa kun dga' bstan pa'i rgyal mtshan gyis bka' stsal rin po che'i phreng ba lha rdzas kyi me tog dang bcas spyi bor stsal ba gus pas mchod de/_bstod yul dam pa'i legs gsung bdud rtsis 'tsho ba'i bka' 'bangs kyi tha shal du 'khod pa 'jam dbyangs mkhyen brtse'i dbang pos snying nas gus pas gsol ba btab pa sid+d+hi rastu

Notes The pecha seems to be missing a page. This work begins on page 341, but the next page, 342, does not contain the rest of this text, but rather begins part way through the following text.

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་གསོལ་བ་འདེབས་པ་བྱིན་རླབས་གྲུབ་སྟེར། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་གསོལ་བ་འདེབས་པ་བྱིན་རླབས་གྲུབ་སྟེར་ཅེས་བྱ་བ་བཞུགས་སོ། །བྱ༷མས་ཆེན་འཇམ་པའི་དབྱངས་དངོས་མཁྱེན་པ༷་དང་། །འགྲོ་ཀུན་ཕན་བདེས་དག༷འ་མཛད་བརྩེ་བའི་གཏེར། །བཤད་སྒྲུབ་བསྟན༷་པའི་མངའ་བདག་རྡོ་རྗེ་འཛི༷ན། །སྐྱབས་ཀུན་འདུས་ཞལ་མཆོག་ལ་གསོལ་བ་འདེབས། །ཚུལ་གནས་གསན་བསམ་སྒོམ་པའི་མཐར་སོན་ཅིང་། །རྨད་བྱུང་འཆད་རྩོད་རྩོམ་པའི་ཕྲིན་ལས་ཅན། །མཁས་བཙུན་བཟང་པོའི་ཁྱུ་མཆོག་ཐམས་ཅད་མཁྱེན། །ས་གསུམ་འགྲན་ཟླ་བྲལ་བ་ཁྱོད་ལ་འདུད། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །བདག་གཞན་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །དཔལ་ལྡན་བླ་མས་འབྲལ་མེད་རྗེས་བཟུང་ནས། །དོན་གཉིས་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །ཞེས་པའང་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་བཀའ་སྩལ་རིན་པོ་ཆེའི་ཕྲེང་བ་ལྷ་རྫས་ཀྱི་མེ་ཏོག་དང་བཅས་སྤྱི་བོར་སྩལ་བ་གུས་པས་མཆོད་དེ། བསྟོད་ཡུལ་དམ་པའི་ལེགས་གསུང་བདུད་རྩིས་འཚོ་བའི་བཀའ་འབངས་ཀྱི་ཐ་ཤལ་དུ་འཁོད་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྙིང་ནས་གུས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །། ༈
[edit]

mkhan chen rdo rje 'chang byams pa kun dga' bstan 'dzin la gsol ba 'debs pa byin rlabs grub ster/ mkhan chen rdo rje 'chang byams pa kun dga' bstan 'dzin la gsol ba 'debs pa byin rlabs grub ster ces bya ba bzhugs so/_/byaXms chen 'jam pa'i dbyangs dngos mkhyen paX dang /_/'gro kun phan bdes dgaX' mdzad brtse ba'i gter/__/bshad sgrub bstanaX pa'i mnga' bdag rdo rje 'dziXn/__/skyabs kun 'dus zhal mchog la gsol ba 'debs/__/tshul gnas gsan bsam sgom pa'i mthar son cing /__/rmad byung 'chad rtsod rtsom pa'i phrin las can/__/mkhas btsun bzang po'i khyu mchog thams cad mkhyen/__/sa gsum 'gran zla bral ba khyod la 'dud/__/de ltar mi phyed gus pas gsol btab mthus/__/bdag gzhan 'gro kun deng nas byang chub bar/__/dpal ldan bla mas 'bral med rjes bzung nas/__/don gnyis dge mtshan rgyas par byin gyis rlobs/__/zhes pa'ang skyabs mgon thams cad mkhyen cing gzigs pa chen po byams pa kun dga' bstan pa'i rgyal mtshan gyis bka' stsal rin po che'i phreng ba lha rdzas kyi me tog dang bcas spyi bor stsal ba gus pas mchod de/_bstod yul dam pa'i legs gsung bdud rtsis 'tsho ba'i bka' 'bangs kyi tha shal du 'khod pa 'jam dbyangs mkhyen brtse'i dbang pos snying nas gus pas gsol ba btab pa sid+d+hi rastu//__//__!

Footnotes

Other Information