སྙན་བརྒྱུད་བདུད་རྩི་མཆོག་ཏིག་གི་བརྒྱུད་འདེབས།

From Khyentse Lineage - A Tsadra Foundation Project
JKW-KABAB-20-WA-002
Wylie title snyan brgyud bdud rtsi mchog tig gi brgyud 'debs JKW-KABAB-20-WA-002.pdf
Location mkhyen brtse'i bka' babs
Volume 20, Text 2, Pages 25 (Folios 1a1 to 1a5)
Author ཕུན་ཚོགས་རྣམ་རྒྱལ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation Phun tshogs rnam rgyal. snyan brgyud bdud rtsi mchog tig gi brgyud 'debs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 20: 25. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Lineage Supplications - brgyud 'debs
Cycle ཡོན་ཏན་བདུད་རྩིའི་མཆོག་ཏིག་ (yon tan bdud rtsi'i mchog tig)
Deity che mchog he ru ka
Karchag page JKW-KABAB-Volume-20-WA-Karchag
Colophon

།ཅེས་པའང་ཕུན་ཚོགས་རྣམ་རྒྱལ་པས་གསོལ་བ་བཏབ་པའོ།

ces pa'ang phun tshogs rnam rgyal pas gsol ba btab pa'o

[edit]
༄༅། །སྙན་བརྒྱུད་བདུད་རྩི་མཆོག་ཏིག་གི་བརྒྱུད་འདེབས་བཞུགས་སོ། །འཁོར་འདས་ཀུན་ཁྱབ་ཆོས་སྐུ་ཀུན་ཏུ་བཟང༌། །འགགས་མེད་རིག་རྩལ་ལོངས་སྐུ་རྡོ་རྗེ་སེམས། །དབྱེར་མེད་ཆེ་མཆོག་ཧེ་རུ་ཀ་པ་ལ། །གསོལ་བ་འདེབས་སོ་བདུད་རྩི་མཆོག་འགྲུབ་མཛོད། །ཡོན་ཏན་བདུད་རྩིའི་བཀའ་བབས་བི་མ་ལ། །བདུད་རྩི་གྲུབ་པ་པདྨ་སཾ་བྷའི་ཞབས། །བཀའ་ཡི་སྡུད་པོ་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་བདུད་རྩི་མཆོག་འགྲུབ་མཛོད། །ཁྱབ་བདག་འོད་གསལ་སྤྲུལ་པའི་རྡོ་རྗེ་དང༌། །གང་གིས་རྗེས་བཟུང་བློ་གྲོས་མཐའ་ཡས་སོགས། །བརྒྱུད་འཛིན་མཁས་གྲུབ་རིམ་པར་བྱོན་རྣམས་ལ། །གསོལ་བ་འདེབས་སོ་བདུད་རྩི་མཆོག་འགྲུབ་མཛོད། །དོན་གྱི་བདུད་རྩི་ཡེ་ཤེས་མངོན་དུ་གྱུར། །རྟགས་ཀྱི་བདུད་རྩི་རིགས་མཆོག་ལྔ་རུ་ཤར། །རྫས་ཀྱི་བདུད་རྩྀ་གྲུབ་པ་མཐར་ཕྱིན་ཏེ། །ཁམས་གསུམ་འགྲོ་བའི་དད་དཔོན་བྱེད་པར་ཤོག །ཅེས་པའང་ཕུན་ཚོགས་རྣམ་རྒྱལ་པས་གསོལ་བ་བཏབ་པའོ།

Footnotes

Other Information