ཡང་གཏེར་ཕག་མོ་དཀར་མོའི་ཐུགས་ཏིག་ཡེ་ཤེས་འཁོར་ལོའི་བརྒྱུད་འདེབས།

From Khyentse Lineage - A Tsadra Foundation Project
JKW-KABAB-10-THA-002
Wylie title yang gter phag mo dkar mo'i thugs tig ye shes 'khor lo'i brgyud 'debs JKW-KABAB-10-THA-002.pdf
Location mkhyen brtse'i bka' babs
Volume 10, Text 2, Pages 95 (Folios 1a1 to 1a6)
Author འཇམ་མགོན་ཀོང་སྤྲུལ་
Less details More details
Tertön གར་དབང་ལས་འཕྲོ་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (gar dbang las 'phro gling pa, 'jam dbyangs mkhyen brtse'i dbang po)
Citation 'jam mgon kong sprul. yang gter phag mo dkar mo'i thugs tig ye shes 'khor lo'i brgyud 'debs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 10: 95. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Lineage Supplications - brgyud 'debs
Cycle ཕག་དཀར་ཡེ་ཤེས་འཁོར་ལོ་གསང་ཆེན་ཐུགས་ཏིག་ (phag dkar ye shes 'khor lo gsang chen thugs tig)
Deity phag dkar
Karchag page JKW-KABAB-Volume-10-THA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-CI-013
Colophon

།ཅེས་པའང་ཟབ་ཆོས་འདིའི་ཐོག་མའི་སྣོད་ལྡན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།།

ces pa'ang zab chos 'di'i thog ma'i snod ldan blo gros mtha' yas kyis bgyis pa dge legs 'phel

[edit]
༄༅༅། །ཡང་གཏེར་ཕག་མོ་དཀར་མོའི་ཐུགས་ཏིག་ཡེ་ཤེས་འཁོར་ལོའི་བརྒྱུད་འདེབས་བཞུགས། །ཆོས་སྐུ་མཁའ་ཁྱབ་ཀུན་བཟང་རྡོ་རྗེ་འཆང༌། །ལོངས་སྐུ་དཔལ་ལྡན་འཁོར་ལོ་བདེ་བའི་མཆོག །སྤྲུལ་སྐུ་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མ། །མཁའ་འགྲོ་ལས་ཀྱི་དབང་མོར་གསོལ་བ་འདེབས། །ཨོ་རྒྱན་པདྨ་བཛྲ་མཚོ་རྒྱལ་ཡུམ། །མངའ་བདག་རྗེ་འབངས་མཆོག་གི་འདུས་པའི་ཚོགས། །ཁྱུང་པོ་དཔལ་དགེ་ཁ་རག་བདེ་ཆེན་གླིང༌། །མཆོག་ལྡན་མདོ་སྔགས་གླིང་པར་གསོལ་བ་འདེབས། །ཟབ་གསང་སྒོ་འབྱེད་གར་དབང་ལས་འཕྲོ་གླིང༌། །བཀའ་བབས་བདུན་ལྡན་གྲུབ་པའི་འཁོར་ལོས་སྒྱུར། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །རྩ་བརྒྱུད་རིག་འཛིན་བླ་མར་གསོལ་བ་འདེབས། །རྒྱལ་ཀུན་སྐྱེད་ཡུམ་བཛྲ་ཝཱ་ར་ཧཱི། །བདེ་སྟོང་སྒྱུ་འཕྲུལ་རྩ་གསུམ་རབ་འབྱམས་ལྷ། །རང་བྱུང་རང་ཤར་ཡེ་ཤེས་འཁོར་ལོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མི་ཟད་རྒྱན་འཁོར་ལྔ་པོ་ལམ་ཁྱེར་བའི། །ཏིང་འཛིན་རྩལ་རྫོགས་གཟུང་འཛིན་ཐུག་ཕྲད་གཅོད། །ལྷ་དང་བདེ་ཆེན་བྱང་སེམས་དབྱེར་མེད་པ། །དྷཱུ་ཏིར་རབ་སྨིན་དངོས་གྲུབ་གཉིས་ཐོབ་ཤོག །ཅེས་པའང་ཟབ་ཆོས་འདིའི་ཐོག་མའི་སྣོད་ལྡན་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།

Footnotes

Other Information