ཡེ་ཤེས་ཆེན་པོ་མཆོག་ཏུ་རྒྱས་པ་ལས་ཞེས་རྒྱལ་ཚབ་དང་ངག་དབང་ཆོས་གྲགས་ལ།

From Khyentse Lineage - A Tsadra Foundation Project
Wylie title ye shes chen po mchog tu rgyas pa las zhes rgyal tshab dang ngag dbang chos grags la JKCL-KABUM-12-NA-001.pdf
Location chos kyi blo gros bka' 'bum
Volume 12, Text 1, Pages 1-6 (Folios 1a1 to 3b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. ye shes chen po mchog tu rgyas pa las zhes rgyal tshab dang ngag dbang chos grags la. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 1-6. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
ཡེ་ཤེས་ཆེན་པོ་མཆོག་ཏུ་རྒྱས་པ་ལས། །མཁས་པ་ཆེན་པོ་ཐུབ་བསྟན་མཛེས་པའི་རྒྱན། །ཤེས་རབ་ཆེན་པོའི་འོད་ཟེར་འབུམ་ཕྲག་གིས། །ས་གསུམ་མུན་སེལ་དཔལ་ལྡན་བླ་མའི་དྲུང་། །བློ་གྲོས་རབ་དགའི་ཆུ་གཏེར་དེར། །དབྱངས་ཅན་དགྱེས་པའི་ཁྲུང་ཁྲུང་གི །ཟློས་གར་རྟག་ཏུ་བསྒྱུར་བ་དང་། །གསུང་སྙན་སྒྲོགས་ལ་མངོན་པར་ཕྱོགས། །བསླབ་གསུམ་དབང་ཕྱུག་གསེར་གྱི་ལྷུན་པོ་ལ། །མཁས་མང་རི་མཚོ་བདུན་གྱིས་ཡོངས་བསྐོར་ཞིང་། །སྡེ་སྣོད་བཞི་ཡི་བང་རིམ་མངོན་མཐོའི་སྟེང་། །ཐེག་རྩེ་རྣམ་པར་རྒྱལ་བའི་ཁང་བཟང་མཛེས། །ཕྱོགས་དུས་མུ་མཐའ་མེད་པའི་མཁའ་དབྱིངས་དོགས། །འོད་གསལ་རྡོ་རྗེའི་རོལ་མོ་འབྱམས་ཀླས་པ། །དྲི་མེད་འོད་ཟེར་སྲིད་གསུམ་འགྲོ་བའི་མགོན། །སླར་ཡང་མི་ཡི་བརྫུ་ལ་ཞུགས་སམ་སྙམ། །ཁྱོད་ཀྱི་རྣམ་པར་དཔྱོད་པའི་བློ་གྲོས་དེ། །གཟུགས་སུ་མཆིས་ན་འཛིན་མའི་ཁྱོན་ཆེན་གྱི། །འདེགས་པར་དཀའ་བའི་རང་བཞིན་ཅན་དེ་ནི། །རྩོད་དུས་ཆོས་ཀྱི་རྒྱལ་པོ་ཉིད་དུ་ངེས། །སྔ་འགྱུར་རྡོ་རྗེ་ཐེག་པར་སྡང་ཤུགས་ཀྱི། །སྨྲ་བ་ངན་པས་རྣམ་པར་གཤུངས་བའི་ཚེ། །མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷས། །རྒྱ་མཚོའི་བར་དུ་ཆེས་ཆེར་རྒྱས་པར་སྤེལ། །དེ་ཡི་བསྐྲུན་པའི་ནོར་བུ་ཆུ་ཤེལ་གྱི། །བུམ་བཟང་འཆི་མེད་བདུད་རྩིའི་བཀང་བ་དེ། །ཇི་བཞིན་མྱོང་བ་ཁྱོད་ཅིག་ཉིད་གྱུར་པ། །དེ་ལ་བདག་གི་དད་པས་ཕྱག་བགྱིའོ། །བཀྲ་ཤིས་ཀུན་གྱི་དཔལ་དམ་པའི། །བཀྲ་ཤིས་བཟང་པོའི་ཅོད་པན་ནི། །ཁྱོད་ཀྱི་གཙུག་ཏུ་བཅིངས་པ་དང་། །བཀྲ་ཤིས་དབང་བསྐུར་མཆོག་དེ་སྦྱིན། །གང་ཐུགས་བརྩེ་བའི་འདབ་བརྒྱ་གྲོལ་བ་ན། །མཁྱེན་པའི་ཡེ་ཤེས་ཟེའུ་འབྲུ་རྒོད་པ་དང་། །ལྷན་ཅིག་པདྨའི་རྩ་ལག་ལྟར་མཉེན་པས། །དངོས་པོའི་གནང་སྐྱེས་གྱ་ནོམ་ཕུལ་བྱུང་སྩལ། །གསུང་གསང་ཀ་ལ་པིངྐའི་གདངས་ལས་ཀྱང་། །སྙན་པའི་གླིང་བུ་འཕྲིན་དུ་བསྒྱུར་བ་དག །བྱམས་མགོན་གཞོན་ནུའི་མཆུ་ཡི་འདབ་སྒྲོས་ཀྱི། །ལེགས་པར་གསུངས་པ་རྣ་བའི་བཅུད་དུ་སྨིན། །དེ་ཚེ་མདངས་མཐའ་བརྒྱ་བའི་ཚོགས། །དབྱར་རྔས་བསྐུལ་བ་ཇི་བཞིན་དུ། །དགའ་ཞིང་སྤྲོ་བས་ལུས་སེམས་འདི། །ནམ་མཁར་སྤྱོད་པ་ལྟ་བུར་གྱུར། །འདིར་གནས་ཀུན་རྨོངས་སྲིད་པའི་དོ་ར་རུ། །རྣམ་པར་ཆད་ཅིང་སྲིད་པས་དམ་བཅིངས་པ། །དགྲ་བཅོམ་སྤྱོད་པའི་ཚུལ་ལས་འདའ་བཞིན་དུ། །སྒོ་གསུམ་ལྷོད་པོར་གནས་པའི་ཚུལ་ལ་ཞུགས། །མ་བཅོས་ཇི་བཞིན་བཞག་པའི་བསམ་གཏན་དང་། །མ་སྒྲིམ་ཅི་བདེར་གནས་པའི་ལུས་སེམས་ཚོགས། །མ་བསྐྱེད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེར། །མ་འབད་བདེ་བ་ཆེན་པོའི་རོལ་རྩེད་ངོམ། །དེ་ལྟ་ནའང་རྟོག་པའི་དྲིས། །གོས་པར་གྱུར་པ་དེ་སྲིད་དུ། །འབར་བའི་མི་མོས་འཁྱུད་གྱུར་ཀྱང་། །སྒྱུ་མས་སྒྱུ་མར་གནོད་པ་བྲལ། །མཚན་ཉིད་དེ་བཞིན་ལེགས་རྟོགས་ན། །སྡིག་སྦྱོངས་ཀུན་གྱི་རྒྱལ་པོར་བསྔགས། །འཁོར་འདས་མཉམ་ཉིད་རོ་གཅིག་ཏུ། །མངོན་གྱུར་བྱིན་གྱིས་རློབས་ཤིག་ཀྱཻ། །བདག་གི་རྩོམ་པ་ལོག་པར་མི་འཕྱན་ཅིང་། །གཞན་དོན་རྒྱ་ཆེར་འགྲུབ་པའི་སེམས་སྟོབས་ཀྱི། །རྡོ་རྗེའི་ཡ་ལད་རྣམ་པར་བགོས་པ་བཞིན། །འགྲུབ་པའི་མཐན་འགྱུར་དྲང་སྲོང་ཆེ་ཁྱོད་མཁྱེན། །སླར་ཡང་། པདྨའི་མཆོག་བསྟན་འཛིན་པའི་སྐྱེས་བུ་མཆོག །ཞབས་པད་ཆོས་ཀྱི་ཁྲི་ལ་གཡོ་མེད་པར། །བརྒྱ་ཕྲག་ལྷག་པར་བཞུགས་ནས་མཁས་ཚུལ་གསུམ། །ཉིན་བྱེད་དབང་པོ་བཞིན་དུ་གསལ་གྱུར་ཅིག །ཀུན་ཏུ་འཐིབས་བའི་དྲྭ་བ་རྣམ་པར་བྲལ། །བདག་མེད་རྟོགས་པའི་ཤེས་རབ་མཚོན་ཆེན་པོ། །སྲིད་དང་ཞི་བའི་མཁའ་ལ་འཕྱར་བ་ཡི། །བདག་རྟོག་གཡུལ་ལས་རྣམ་པར་རྒྱལ་བར་སྨོན། །དེ་སྐད་གསོལ་བའི་ཞུ་ཆུང་ནི། །ལྷ་རྫས་བཟང་པོས་ཀླུབས་པ་དང་། །མཆོད་པའི་མེ་ཏོག་ཕྲ་མོ་བཅས། །དགྱེས་སྤྱན་བུང་བ་གཡོ་ཕྱིར་འབུལ། ། ༈ སྔ་འགྱུར་བསྟན་པའི་དཔལ་ལས་འཁྲུངས་པ་ཡི། །སུམ་ལྡན་རྡོ་རྗེ་འཛིན་པ་ཀུན་གྱི་རྒྱན། །མཁས་དང་བཙུན་པའི་ཡོན་ཏན་མཆོག་མངའ་བ། །ངག་དབང་ཆོས་ཀྱི་གྲགས་པའི་ཞབས་ཁྲིའི་དྲུང་། །གུས་ཤིང་དྭངས་བའི་འོ་མའི་རྫིང་བུ་ལ། །རྣམ་དཀར་ངང་མོའི་གར་གྱི་རྩེན་པ་ལས། །བྱུང་བའི་མགྲིན་པའི་གླུ་དབྱངས་སྙན་སྒྲོགས་པའི། །ཚིག་གི་མཆོད་སྤྲིན་ཉུང་ངུར་སྟོབས་ལ་བྲེལ། །གང་ཐུགས་བསྐལ་མང་གོང་ནས་བྱང་ཆུབ་ཀྱི། །ཐུགས་བསྐྱེད་ལྗོན་བཟང་རབ་ཏུ་བརྟན་པ་ལས། །དེངས་དུས་བསླབ་གསུམ་སྐུ་བརྗིད་ཡལ་འདབ་རྒྱས། །མཚན་དཔེའི་འབྲས་བཟང་གོང་བུས་རྣམ་པར་བརྗིད། །ཨོ་རྒྱན་མཁན་པོའི་རིང་ལུགས་རྫོགས་པ་ཆེ། །བསྐྱེད་དང་རྫོགས་པའི་ནོར་བུའི་ཤིང་རྟ་ལ། །དབང་བསྒྱུར་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པའི། །གྲགས་སྙན་འཇིག་རྟེན་གསུམ་ན་མངོན་པར་གསལ། །རྩོད་དུས་དམ་བཅའ་རྡོ་བ་ལྟར་བརྟན་ཅིང་། །བསྟན་པའི་རྒྱལ་མཚན་མཁྱེན་དཔྱོད་དཔུང་པས་སྒྲེངས། །བཤད་སྒྲུབ་ནོར་བུའི་རྔ་ཡབ་དཀར་པོ་གཡོ། །བཀྲ་ཤིས་རཏྣའི་ཆར་རྒྱུན་འབེབས་གྱུར་ཅིག །ཅེས་པས་དགེ་ལེགས་སུ་བྱས་ཏེ། ད་ལམ་རྒྱལ་སྲས་རྒྱལ་བའི་ཁྱུ་མཆོག་ངུར་སྨྲིག་འཆང་བ་ཆེན་པོ་གང་ཉིད་མ་ཧཱ་ཙཱི་ནའི་ལྗོངས་སུ་བསྟན་འགྲོའི་དོན་རླབས་ཆེན་སྒྲུབ་པའི་ཕེབས་དོན་ལེགས་འགྲུབ་དང་འབྲེལ། འདི་གར་ཞབས་སེན་པདྨས་བརྒྱན་པ་ཆེད་དུ་བཀོད་དེ་ཕྲན་ལ་བོང་བ་གསེར་གཟིགས་ཀྱི་བཀའ་ཆོས་གསན་གཞེས་དང་། ལུགས་གཉིས་ཀྱི་གསུང་གླེང་སྨྲར་རྒྱས། ཁྱད་པར་རིང་འཚོའི་བཀྲ་ཤིས་ཚེ་ཡི་དབང་དང་། ནོར་ལྷ་བྱེ་བའི་བདག་པོ་གནོད་སྦྱིན་ཆེན་པོ་ཞང་བློན་གྱི་བཀའ་གཏད་ཟབ་མོ། སྔ་ཕྱིར་དངོས་པོའི་གནང་སྦྱིན་རྒྱ་ཆེར་སྩལ་བ་སོགས་བཀའ་དྲིན་བརྗོད་པའི་མཐའ་ལས་འདས་ཤིང་། དགའ་སྟོན་མཎྜལ་ལེགས་འབུལ་མཚོན་བྱེད། བཀྲ་ཤིས་པའི་ལྷ་རེག་ཉིན་མོ་བདེ་ལེགས། གསང་གསུམ་པདྨ་ཀ་རའི་ངོ་བོར་འཚོ་གཞེས་རྟེན། སྐུ་རྟེན་དུ་ཚེ་དཔག་མེད་ཀྱི་སྣང་བརྙན་ལི་མ། གསུང་རྟེན་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་གླེགས་བམ། ཐུགས་རྟེན་རྡོར་དྲིལ་རྙིང་ལེགས། གོས་སེར་གཡུང་དྲུང་ཁ་བཅུ་གསུམ། རྔམ་འཐག་སྔོ་ནག་གསེར་མ་བལྡ་སྒྲིལ་གཅིག །དམར་པོ་རྟགས་བརྒྱད་རིས་བལྡ་སྒྲིལ་གཅིག །ད་ཁྲུས་དམར་པོ་ཁ་ལྔ། བཟང་གོས་སྨུག་ནག་ཁ་བཅུ། གཟིག་ལྤགས་གཅིག །རྟ་ཕོ་གཅིག་དབུལ་ཨཾ་བྷན་དྷིལ་ཚད་གཅིག །རས་དཀར་བཅས་བཅུ་གསུམ་ས་ཡི་གྲངས་ལྡན་བཅས་ཕུལ་བས་སྐྲ་རྩེས་གཞལ་བའི་ཆུ་ཐིག་གི་ཟེག་མ་ཙམ་ལས་མ་མཆིས་ཀྱང་བླ་སློབ་ཐུགས་ཡིད་གཅིག་འདྲེས་ཀྱི་ནང་བརྩེས་དགྱེས་ཞེས་གྲུབ་པ་དང་། སླད་ཀྱི་ཆར་ཡང་ངག༵་གི་འདོད་པ་འཇོ་བའི་མཁྱེན་གཏེར་ཆེ། །སྨྲ་བའི་སེངྒེ་ཆོས་ཀྱི་དབ༵ང་ཕྱུག་ནི། །ཆོས༵་ཀྱི་གྲག༵ས་པ་བཞིན་དུ་ཕྱོགས་ལས་རྒྱལ། །འཇིགས་བྲལ་གདོང་ལྔའི་ཁྲི་ལ་རྟག་བཞུགས་གསོལ། །བཀའ་གཏེར་གསང་ཆེན་སྨིན་ཅིང་གྲོལ་བའི་གླིང་། །ངེས་དོན་ཆོས་ཀྱི་རྒྱལ་ཁབ་ཆེན་པོ་ཡི། །བསྟན་པ་འཛིན་པའི་སྐུ་མཆོག་རླབས་པོ་ཆེ། །འགྱུར་མེད་རྡོ་རྗེའི་ངོ་བོར་བཞུགས་གསོལ་འདེབས། །བཀྲ་ཤིས་སྲིད་དང་ཞི་བའི་ལེགས་བྱས་བསོད་ནམས་བརྒྱ་ཕྲག་མཐུས་སྨིན་པ། །རྟགས་མཆོག་བརྒྱད་དང་ཀུན་ཏུ་དགེ་བའི་རྫས་བརྒྱད་རིན་ཆེན་རྣམ་བདུན་གྱིས། །དུས་ཀུན་དགེ་ལེགས་གཡུང་དྲུང་དཔལ་གྱི་དགའ་བ་འཁྱིལ་བས་རྟག་ཁྱབ་ཤོག །སརྦ་དཱ་ཀ་ལྱ་ཎཾ་སུ་ཤྲེ་ཡོ་བྷ་ཝ་ཏུ།། །།
[edit]

ye shes chen po mchog tu rgyas pa las/__/mkhas pa chen po thub bstan mdzes pa'i rgyan/__/shes rab chen po'i 'od zer 'bum phrag gis/__/sa gsum mun sel dpal ldan bla ma'i drung /__/blo gros rab dga'i chu gter der/__/dbyangs can dgyes pa'i khrung khrung gi__/zlos gar rtag tu bsgyur ba dang /__/gsung snyan sgrogs la mngon par phyogs/__/bslab gsum dbang phyug gser gyi lhun po la/__/mkhas mang ri mtsho bdun gyis yongs bskor zhing /__/sde snod bzhi yi bang rim mngon mtho'i steng /__/theg rtse rnam par rgyal ba'i khang bzang mdzes/__/phyogs dus mu mtha' med pa'i mkha' dbyings dogs/__/'od gsal rdo rje'i rol mo 'byams klas pa/__/dri med 'od zer srid gsum 'gro ba'i mgon/__/slar yang mi yi brdzu la zhugs sam snyam/__/khyod kyi rnam par dpyod pa'i blo gros de/__/gzugs su mchis na 'dzin ma'i khyon chen gyi/__/'degs par dka' ba'i rang bzhin can de ni/__/rtsod dus chos kyi rgyal po nyid du nges/__/snga 'gyur rdo rje theg par sdang shugs kyi/__/smra ba ngan pas rnam par gshungs ba'i tshe/__/mi pham phyogs las rnam par rgyal ba'i lhas/__/rgya mtsho'i bar du ches cher rgyas par spel/__/de yi bskrun pa'i nor bu chu shel gyi/__/bum bzang 'chi med bdud rtsi'i bkang ba de/__/ji bzhin myong ba khyod cig nyid gyur pa/__/de la bdag gi dad pas phyag bgyi'o/__/bkra shis kun gyi dpal dam pa'i/__/bkra shis bzang po'i cod pan ni/__/khyod kyi gtsug tu bcings pa dang /__/bkra shis dbang bskur mchog de sbyin/__/gang thugs brtse ba'i 'dab brgya grol ba na/__/mkhyen pa'i ye shes ze'u 'bru rgod pa dang /__/lhan cig pad+ma'i rtsa lag ltar mnyen pas/__/dngos po'i gnang skyes gya nom phul byung stsal/__/gsung gsang ka la ping+ka'i gdangs las kyang /__/snyan pa'i gling bu 'phrin du bsgyur ba dag__/byams mgon gzhon nu'i mchu yi 'dab sgros kyi/__/legs par gsungs pa rna ba'i bcud du smin/__/de tshe mdangs mtha' brgya ba'i tshogs/__/dbyar rngas bskul ba ji bzhin du/__/dga' zhing spro bas lus sems 'di/__/nam mkhar spyod pa lta bur gyur/__/'dir gnas kun rmongs srid pa'i do ra ru/__/rnam par chad cing srid pas dam bcings pa/__/dgra bcom spyod pa'i tshul las 'da' bzhin du/__/sgo gsum lhod por gnas pa'i tshul la zhugs/__/ma bcos ji bzhin bzhag pa'i bsam gtan dang /__/ma sgrim ci bder gnas pa'i lus sems tshogs/__/ma bskyed lhun gyis grub pa'i dkyil 'khor cher/__/ma 'bad bde ba chen po'i rol rtsed ngom/__/de lta na'ang rtog pa'i dris/__/gos par gyur pa de srid du/__/'bar ba'i mi mos 'khyud gyur kyang /__/sgyu mas sgyu mar gnod pa bral/__/mtshan nyid de bzhin legs rtogs na/__/sdig sbyongs kun gyi rgyal por bsngags/__/'khor 'das mnyam nyid ro gcig tu/__/mngon gyur byin gyis rlobs shig kyai/__/bdag gi rtsom pa log par mi 'phyan cing /__/gzhan don rgya cher 'grub pa'i sems stobs kyi/__/rdo rje'i ya lad rnam par bgos pa bzhin/__/'grub pa'i mthan 'gyur drang srong che khyod mkhyen/__/slar yang /__pad+ma'i mchog bstan 'dzin pa'i skyes bu mchog__/zhabs pad chos kyi khri la g.yo med par/__/brgya phrag lhag par bzhugs nas mkhas tshul gsum/__/nyin byed dbang po bzhin du gsal gyur cig__/kun tu 'thibs ba'i drwa ba rnam par bral/__/bdag med rtogs pa'i shes rab mtshon chen po/__/srid dang zhi ba'i mkha' la 'phyar ba yi/__/bdag rtog g.yul las rnam par rgyal bar smon/__/de skad gsol ba'i zhu chung ni/__/lha rdzas bzang pos klubs pa dang /__/mchod pa'i me tog phra mo bcas/__/dgyes spyan bung ba g.yo phyir 'bul/__/_!__snga 'gyur bstan pa'i dpal las 'khrungs pa yi/__/sum ldan rdo rje 'dzin pa kun gyi rgyan/__/mkhas dang btsun pa'i yon tan mchog mnga' ba/__/ngag dbang chos kyi grags pa'i zhabs khri'i drung /__/gus shing dwangs ba'i 'o ma'i rdzing bu la/__/rnam dkar ngang mo'i gar gyi rtsen pa las/__/byung ba'i mgrin pa'i glu dbyangs snyan sgrogs pa'i/__/tshig gi mchod sprin nyung ngur stobs la brel/__/gang thugs bskal mang gong nas byang chub kyi/__/thugs bskyed ljon bzang rab tu brtan pa las/__/dengs dus bslab gsum sku brjid yal 'dab rgyas/__/mtshan dpe'i 'bras bzang gong bus rnam par brjid/__/o rgyan mkhan po'i ring lugs rdzogs pa che/__/bskyed dang rdzogs pa'i nor bu'i shing rta la/__/dbang bsgyur chos kyi rgyal po smin gling pa'i/__/grags snyan 'jig rten gsum na mngon par gsal/__/rtsod dus dam bca' rdo ba ltar brtan cing /__/bstan pa'i rgyal mtshan mkhyen dpyod dpung pas sgrengs/__/bshad sgrub nor bu'i rnga yab dkar po g.yo/__/bkra shis rat+na'i char rgyun 'bebs gyur cig__/ces pas dge legs su byas te/__da lam rgyal sras rgyal ba'i khyu mchog ngur smrig 'chang ba chen po gang nyid ma hA tsI na'i ljongs su bstan 'gro'i don rlabs chen sgrub pa'i phebs don legs 'grub dang 'brel/__'di gar zhabs sen pad+mas brgyan pa ched du bkod de phran la bong ba gser gzigs kyi bka' chos gsan gzhes dang /__lugs gnyis kyi gsung gleng smrar rgyas/__khyad par ring 'tsho'i bkra shis tshe yi dbang dang /__nor lha bye ba'i bdag po gnod sbyin chen po zhang blon gyi bka' gtad zab mo/__snga phyir dngos po'i gnang sbyin rgya cher stsal ba sogs bka' drin brjod pa'i mtha' las 'das shing /__dga' ston maN+Dal legs 'bul mtshon byed/__bkra shis pa'i lha reg nyin mo bde legs/__gsang gsum pad+ma ka ra'i ngo bor 'tsho gzhes rten/__sku rten du tshe dpag med kyi snang brnyan li ma/__gsung rten 'jam dpal sgyu 'phrul drwa ba'i rgyud kyi glegs bam/__thugs rten rdor dril rnying legs/__gos ser g.yung drung kha bcu gsum/__rngam 'thag sngo nag gser ma blda sgril gcig__/dmar po rtags brgyad ris blda sgril gcig__/da khrus dmar po kha lnga/__bzang gos smug nag kha bcu/__gzig lpags gcig__/rta pho gcig dbul aM b+han d+hil tshad gcig__/ras dkar bcas bcu gsum sa yi grangs ldan bcas phul bas skra rtses gzhal ba'i chu thig gi zeg ma tsam las ma mchis kyang bla slob thugs yid gcig 'dres kyi nang brtses dgyes zhes grub pa dang /__slad kyi char yang ngaga~X gi 'dod pa 'jo ba'i mkhyen gter che/__/smra ba'i seng+ge chos kyi dba~Xng phyug ni/__/chosa~X kyi graga~Xs pa bzhin du phyogs las rgyal/__/'jigs bral gdong lnga'i khri la rtag bzhugs gsol/__/bka' gter gsang chen smin cing grol ba'i gling /__/nges don chos kyi rgyal khab chen po yi/__/bstan pa 'dzin pa'i sku mchog rlabs po che/__/'gyur med rdo rje'i ngo bor bzhugs gsol 'debs/__/bkra shis srid dang zhi ba'i legs byas bsod nams brgya phrag mthus smin pa/__/rtags mchog brgyad dang kun tu dge ba'i rdzas brgyad rin chen rnam bdun gyis/__/dus kun dge legs g.yung drung dpal gyi dga' ba 'khyil bas rtag khyab shog__/sarba dA ka l+ya NaM su shre yo b+ha wa tu//___//

Footnotes

Other Information