རྒྱལ་པོའི་གླུད་བསྔོ་བསྡུས་པ།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-116
Wylie title rgyal po'i glud bsngo bsdus pa JKCL-KABUM-11-DA-116.pdf
Location chos kyi blo gros bka' 'bum
Volume 11, Text 116, Pages 553-554 (Folios 1a1 to 1b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rgyal po'i glud bsngo bsdus pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 553-554. Bir, H.P.: Khyentse Labrang, 2012.
Genre Ransom Rituals - glud
Colophon

ཞེས་པའང་ཆོས་ཀྱི་བློ་གྲོས་པས་ཤིང་རྟ་ཟླ་དགུ་ཚེས་ཉེར་བརྒྱད་ལ་བྲིས་པའོ།།

zhes pa'ang chos kyi blo gros pas shing rta zla dgu tshes nyer brgyad la bris pa'o//

1 Texts in this Section (sde tshan or chos tshan)

[edit]
རྒྱལ་པོའི་གླུད་བསྔོ་བསྡུས་པ་བཞུགས་སོ། ཧྱ་གྲཱི་ཝ་ལ་ན་མོ། ཕྱེ་གཙང་མར་མཁར་ཐབ་དམར་པོའི་རྩེར་གཏོར་མ་དཀར་ཟླུམ་བསང་ཕྱི་མཐེབ་རིལ་གྱིས་མཚན་པ་དང་། དམར་གཏོར་གྲུ་གསུམ་ཁྲག་ཀྱུས་བརྒྱན་པ་བཅས་དང་མདུན་དང་ཟུར་བཞིར་མར་མེ་རེ་ཤིང་ཐུར་ལ་འཛུགས། དར་ཟབ་སོགས་དཀོར་ཆ་ཅི་རིགས་དང་དཀར་དམར་སྐྱེམས་ཕུད་བཤམས། སྣོད་གཅིག་ཏུ་གླུད་གཟུགས་ཆེ་བ་གཅིག་ལ་གླུད་ཕྲན་གྲངས་མང་དང་ཆང་བུ། ཏིང་ལོ། གླུད་རྫས་སྣ་ཚོགས་བཀྲམ། །རང་རྟ་མགྲིན་ནམ་གུ་རུ་དྲག་པོའི་ས་མ་ཏི་ལ་གནས་པས། སྔགས་དྲུག་ཕྱག་དྲུག་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། རང་གི་ཐུགས་ནས་འདོད་པའི་རྒྱལ། །ལྕགས་ཀྱུ་ཐོགས་པ་མང་སྤྲོས་པས། །སྲིད་པའི་བདག་པོ་བེ་ཧར་སོགས། །རཱ་ཛ་འཁོར་དང་བཅས་པ་རྣམས། །སྐད་ཅིག་ཉིད་ལ་གཤེགས་སུ་གསོལ། ཀྱེ། །ང་བདག་འཛིན་པ་ལས་བྱུང་བའི། །དྲེགས་པའི་བདག་པོ་བེ་ཧ་ར། །ཚངས་པའི་བཀའ་ཉན་སྒྲོལ་གིང་ཆེ། །སྲིད་པ་གསུམ་གྱི་སྲོག་གི་བདག །སྲས་ཡུམ་བཙུན་བློན་སྐྱོ་སངས་དང་། །རུ་འདྲེན་གར་མཁན་འབག་སེང་སོགས། །སྤྲུལ་པ་ཡང་སྤྲུལ་འཁོར་བཅས་རྣམས། །དགྱེས་པའི་མཐུན་རྫས་འདི་བཞེས་ལ། །ཆོས་འཁོར་གཉན་པོའི་བསྟན་པ་སྐྱོངས། །དམ་སྲི་རྒྱལ་འགོང་གནོད་པ་བཟློག །འཁོར་ལ་བཀའ་ནན་མ་ཆུངས་ཤིག །ཁྱད་པར་སྙིགས་དུས་ང་རྒྱལ་གྱིས། །བསྐྱེད་པའི་ཤི་འདྲེ་རཱ་ཛའི་གཟུགས། །གཅོད་ལོག་སྔགས་པའི་ཚུལ་འཆང་རྣམས། །གླུད་དང་དཀོར་ཆ་སྔགས་རྒྱ་དང་། །ཏིང་ངེ་འཛིན་གྱིས་བྱིན་བརླབ་པ། །མི་འཛད་ནམ་མཁའི་མཛོད་སྤྲུལ་ནས། །སྦྱིན་གྱིས་དབང་པོ་དྲུག་ཚིམས་ནས། །ལན་ཆགས་བུ་ལོན་བྱང་གྱུར་ཅིག །གནོད་འཚེ་གདུག་པའི་སེམས་ཀུན་སྤོངས། །བྱང་ཆུབ་སེམས་དང་ལྡན་པར་ཤོག །ཁ་འབར་སྔགས་དང་མཚན་བཞི་བརྗོད། གྲངས་རྫོགས་ཆོས་ཀྱི་སྦྱིན་པ་བྱས། ཆོས་རྣམས་སོགས། སྐྱེམས་ཕུད་མཆོད་ཅིང་གཏོར་གླུད་རྣམས། ཆུ་བོའི་གཞུང་ལ་བསྐྱལ་བྱས་ཏེ། ཀྱེ། །ད་ནི་འདུག་པའི་གནས་མེད་ཀྱི། །རྒྱལ་ཆེན་རང་གི་གནས་སུ་གཤེགས། །འབྱུང་པོའི་ཚོགས་རྣམས་རྒྱ་མཚོའི་མཐར། །སོང་ཞིག་ནམ་ཡང་མ་ལྡོག་ཅིག །བཀའ་ལས་འདས་ན་རྡུལ་དུ་བརླག །གུ་གུལ་བདུག་ཅིང་ཐུན་གྱིས་བྲབ། །དྲག་པོའི་སྔགས་ཀྱིས་མཚམས་བཅད་དང་། །ཤེས་རབ་སྙིང་པོའི་མདོ་བཟློག་བྱ། །ཟབ་མོ་ལྟ་བའི་ངང་ལ་བཞག །དགེ་བསྔོ་བྱ་ཞིང་ཤིས་པ་བརྗོད། །དེས་ནི་རྟག་ཏུ་བདེ་བར་འགྱུར། ཞེས་པའང་ཆོས་ཀྱི་བློ་གྲོས་པས་ཤིང་རྟ་ཟླ་དགུ་ཚེས་ཉེར་བརྒྱད་ལ་བྲིས་པའོ།། །།

Footnotes

Other Information