སེང་གདོང་མའི་ཆ་ལག །པཎ་ཆེན་བི་མའི་བླ་སྒྲུབ།

From Khyentse Lineage - A Tsadra Foundation Project
JKCL-KABUM-09-TA-053
Wylie title seng gdong ma'i cha lag /paN chen bi ma'i bla sgrub JKCL-KABUM-09-TA-053.pdf
Location chos kyi blo gros bka' 'bum
Volume 9, Text 53, Pages 631-633 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People དྲི་མེད་བཤེས་གཉེན་ (Vimalamitra)
Citation 'jam dbyangs mkhyen brtse chos kyi blo gros. seng gdong ma'i cha lag paN chen bi ma'i bla sgrub. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 631-633. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Deity seng gdong ma

1 Texts in this Section (sde tshan or chos tshan)

[edit]
སེང་གདོང་མའི་ཆ་ལག །པཎ་ཆེན་བི་མའི་བླ་སྒྲུབ་བཞུགས་སོ། །སྔོན་འགྲོའི་རིམ་པ་སྤྱི་ལྟར་བྱ། ཨཿ སྟོང་པ་ཉིད་དང་སྙིང་རྗེ་ཆེ། །ཟུང་འཇུག་རིག་རྩལ་ཨ་དཀར་པོ། །མ་བཅོས་ལྷག་གེར་ཤར་བ་ཉིད། །སྐད་ཅིག་དྲན་རྫོགས་ཕྱག་རྒྱའི་སྐུ། །པད་དཀར་ཟླ་བ་རྒྱས་པའི་སྟེང་། དྲི་མེད་བཤེས་གཉེན་དཀར་ལྗང་འཚེར། །པཎྜི་ཏ་ཡི་ཆ་བྱད་ཅན། །ཤངས་རྩེར་སྐྱེ་མེད་ཨ་ཡིས་མཚན། །མཉམ་བཞག་བྷནྡྷ་ཚེ་བུམ་འཛིན། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །གནས་གསུམ་ཡིག་འབྲུ་གསུམ་འོད་མཚན། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །ཨཿཀ་དག་སྤྲོས་བྲལ་ཕོ་བྲང་ནས། །རིག་སྟོང་ཆོས་སྐུའི་བླ་མ་གཤེགས། །རང་བཞིན་འོད་གསལ་ཞིང་ཁམས་ནས། །ལྷུན་གྲུབ་ལོངས་སྐུའི་བླ་མ་གཤེགས། །ཐུགས་རྗེ་རིག་རྩལ་འགྲོ་འདུལ་ཞིང་། །གང་འདུལ་སྤྲུལ་སྐུའི་བླ་མ་གཤེགས། །ཁྱད་པར་རི་བོ་རྩེ་ལྔ་ནས། །དཔལ་མགོན་བླ་མ་གཤེགས་སུ་གསོལ། །མོས་པའི་བུ་ལ་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་ཆར་ལྟར་དབབ། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿཛཿཧཱུྃ་བྃ་ཧོཿས་མ་ཡ་ཏིཥྛ་ལྷན། ཨཿཡུལ་སྣང་གང་ཤར་མཆོད་པའི་སྤྲིན། །གཟུང་དང་འཛིན་པ་རྣམ་དག་པ། །སྤང་བླང་བསལ་བཞག་བྲལ་བའི་ངང་། །རང་གྲོལ་ཆེན་པོ་མཆོད་པར་བགྱི། །ཛྙཱ་ན་པཱུ་ཙ་ས་མ་ཡ་ཧོཿཨཿརྡོ་རྗེའི་སྐུ་ནི་སྐྱེ་འཆི་བྲལ། །ཚངས་པའི་གསུང་ནི་འགགས་པ་མེད། །ཟབ་ཞི་སྤྲོས་བྲལ་འོད་གསལ་ཐུགས། །འཆི་མེད་བི་མ་མི་ཏྲར་བསྟོད། བཟླས་པ་ནི། ཐུགས་དབུས་དབུ་མའི་ནང་ཁོངས་སུ། །ཀུན་བཟང་ཡབ་ཡུམ་རྒྱན་མེད་གསལ། །ཐུགས་དབུས་འོད་ལྔའི་ཐིག་ལེའི་ཀློང་། །གསལ་འཚེར་ལྷུན་སྟུགས་བརྟག་དཀའ་བའི། །དབུས་སུ་ཐུགས་སྲོག་ཨས་མཚན་གསལ། །སྐྱེ་མེད་རང་བྱུང་སྔགས་འདི་བཟླ། དོན་དམ་རྡོ་རྗེའི་བཟླས་པ་བྱ། །སྐབས་སུ་རླུང་གི་འབྱིན་འཇུག་དང་། །བསྟུན་ནས་ཨ་ཡི་བཟླས་པ་བྱ། །དེས་སྐྱོ་སྔགས་འདི་ཡང་ནི་བཟླ། ཨོཾ་ཨཱཿགུ་རུ་བཱི་མ་ལ་མི་ཏྲ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཀློང་དྲུག་སྔགས་ཀྱི་རྒྱལ་པོ་བཟླ། །འབུ་ཕྲག་བཅུ་སོགས་བསྙེན་པ་ལས། །བྱིན་རླབས་མཚན་མ་འབྱུང་བར་འགྱུར། །རྗེས་ལ་མཆོད་བསྟོད་དངོས་གྲུབ་བསྐུལ། ཨོཾ་ཨཱཿཧཱུྃ་ཧོཿ རིག་འཛིན་བླ་མའི་ཐུགས་དམ་དུས་ལ་བབ། །ཛབi་ཀྱི་གྲངས་ཐེམ་དངོས་གྲུབ་སྩོལ་བ་ཡི། །དུས་ལ་ཡལ་ཡོལ་དབྲི་བཀོལ་མི་མངའ་བས། །ཐུགས་རྗེ་ཆེན་པོས་ཉེ་བར་དགོངས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རིག་འཛིན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ དགའ་སྟོན་ཚོགས་ཀྱི་རིམ་པ་ཡང་། གཞན་ནས་འབྱུང་བ་ལྟར་སྦྱར་ཞིང་། མཐར་ནི་ལྷ་སྣང་འོད་གསལ་ངང་། །དབྱིངས་རིག་དབྱེར་མེད་དོན་ལ་བལྟ། །སླར་ཡང་ཡེ་ཤེས་སྒྱུ་མའི་སྐུ། །གང་འདུལ་འགྲོ་བའི་དཔལ་དུ་ཤར། ཨོཾ་ཨཱཿཧཱུྃ༔ དགེ་བསྔོ་ཤིས་བརྗོད་ཅི་རིགས་བྱ། །ཅེས་པའང་སེང་གདོང་མའི་ཆ་ལག་ཏུ་སྣྲོན་ཟླ་ཚེས་ཉེར་གཅིག་ལ་གཡག་ཟེ་གྲྭ་པ་རང་སློབ་འགྱུར་མེད་གྲགས་པས་ཁོང་ལ་མདངས་རྨི་ལམ་ཞིག་བྱུང་བས་དེ་འདྲ་ཞིག་ཡོད་ན་བྲི་རོགས་ཟེར་བས། ཡུད་ཙམ་ཞིག་ནས་ཡིད་ངོར་འཆར་བ་བཞིན་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །མངྒ་ལཾ།། །།
[edit]

seng gdong ma'i cha lag__/paN chen bi ma'i bla sgrub bzhugs so/__/sngon 'gro'i rim pa spyi ltar bya/__aHstong pa nyid dang snying rje che/__/zung 'jug rig rtsal a dkar po/__/ma bcos lhag ger shar ba nyid/__/skad cig dran rdzogs phyag rgya'i sku/__/pad dkar zla ba rgyas pa'i steng /__dri med bshes gnyen dkar ljang 'tsher/__/paN+Di ta yi cha byad can/__/shangs rtser skye med a yis mtshan/__/mnyam bzhag b+han+d+ha tshe bum 'dzin/__rdo rje'i skyil mo krung gis bzhugs/__/gnas gsum yig 'bru gsum 'od mtshan/__/ye shes sems dpa' spyan drangs thim/__/aHka dag spros bral pho brang nas/__/rig stong chos sku'i bla ma gshegs/__/rang bzhin 'od gsal zhing khams nas/__/lhun grub longs sku'i bla ma gshegs/__/thugs rje rig rtsal 'gro 'dul zhing /__/gang 'dul sprul sku'i bla ma gshegs/__/khyad par ri bo rtse lnga nas/__/dpal mgon bla ma gshegs su gsol/__/mos pa'i bu la byin gyis rlobs/__/mchog thun dngos grub char ltar dbab/__dz+nyA na a be sha ya a AHdzaHhU~M ba~M hoHsa ma ya tiSh+Tha lhan/__aHyul snang gang shar mchod pa'i sprin/__/gzung dang 'dzin pa rnam dag pa/__/spang blang bsal bzhag bral ba'i ngang /__/rang grol chen po mchod par bgyi/__/dz+nyA na pU tsa sa ma ya hoHaHrdo rje'i sku ni skye 'chi bral/__/tshangs pa'i gsung ni 'gags pa med/__/zab zhi spros bral 'od gsal thugs/__/'chi med bi ma mi trar bstod/__bzlas pa ni/__thugs dbus dbu ma'i nang khongs su/__/kun bzang yab yum rgyan med gsal/__/thugs dbus 'od lnga'i thig le'i klong /__/gsal 'tsher lhun stugs brtag dka' ba'i/__/dbus su thugs srog as mtshan gsal/__/skye med rang byung sngags 'di bzla/__don dam rdo rje'i bzlas pa bya/__/skabs su rlung gi 'byin 'jug dang /__/bstun nas a yi bzlas pa bya/__/des skyo sngags 'di yang ni bzla/__oM AHgu ru bI ma la mi tra sarba sid+d+hi pha la hU~M/__klong drug sngags kyi rgyal po bzla/__/'bu phrag bcu sogs bsnyen pa las/__/byin rlabs mtshan ma 'byung bar 'gyur/__/rjes la mchod bstod dngos grub bskul/__oM AHhU~M hoHrig 'dzin bla ma'i thugs dam dus la bab/__/dzab[i] kyi grangs them dngos grub stsol ba yi/__/dus la yal yol dbri bkol mi mnga' bas/__/thugs rje chen pos nye bar dgongs nas kyang /__/sku gsung thugs kyi dngos grub stsal du gsol/__/rig 'dzin khyed dang mnyam par byin gyis rlobs/__sngags mthar/__kA ya wA ka tsit+ta sarba sid+d+hi pha la hoHdga' ston tshogs kyi rim pa yang /__gzhan nas 'byung ba ltar sbyar zhing /__mthar ni lha snang 'od gsal ngang /__/dbyings rig dbyer med don la blta/__/slar yang ye shes sgyu ma'i sku/__/gang 'dul 'gro ba'i dpal du shar/__oM AHhU~M:__dge bsngo shis brjod ci rigs bya/__/ces pa'ang seng gdong ma'i cha lag tu snron zla tshes nyer gcig la g.yag ze grwa pa rang slob 'gyur med grags pas khong la mdangs rmi lam zhig byung bas de 'dra zhig yod na bri rogs zer bas/__yud tsam zhig nas yid ngor 'char ba bzhin bris pa don dang ldan par gyur cig__/mang+ga laM//__//

Footnotes

Other Information