རིག་འཛིན་རྩ་རྒྱུད་སྒྱུ་འཕྲུལ་དྲྭ་བ།

From Khyentse Lineage - A Tsadra Foundation Project
Wylie title rig 'dzin rtsa rgyud sgyu 'phrul drwa ba JKCL-KABUM-09-TA-020.pdf
Location chos kyi blo gros bka' 'bum
Volume 9, Text 20, Pages 411-417 (Folios 1a to 4a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rig 'dzin rtsa rgyud sgyu 'phrul drwa ba. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 411-417. Bir, H.P.: Khyentse Labrang, 2012.
Genre
Colophon

ཅེས་པའང་རིག་འཛིན་པདྨའི་ཐུགས་རྗེ་དང་། ཌཱ་ཀིའི་བརྡ་ཡི་རྐྱེན་ལས་གཏན་ལ་ཕབ་པའོ།།

ces pa'ang rig 'dzin pad+ma'i thugs rje dang /__DA ki'i brda yi rkyen las gtan la phab pa'o//

1 Texts in this Section (sde tshan or chos tshan)

[edit]
༄༅། །རིག་འཛིན་རྩ་རྒྱུད་སྒྱུ་འཕྲུལ་དྲྭ་བ་བཞུགས། ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཀུན་བཟང་འོད་མི་འགྱུར། །ཆོས་དབྱིངས་ཁྱབ་བརྡལ་ཆེན་པོ་ཆེ། །ཞིང་ཁམས་འབྱམས་ལས་འདས་པའི་དབུས། །རང་སྣང་ཤེས་རིག་འཁོར་དང་བཅས། །དུས་བཞི་མཉམ་པའི་དུས་དེ་ན། །སྒྲ་ཚིག་བརྗོད་ལས་འདས་པའི་གསུང་། །ཞིང་ཁམས་ཀུན་ཏུ་ཁྱབ་པར་འཕྲོ། རྒྱལ་བ་རྣམས་ནི་དགོངས་པས་བརྒྱུད། །སེམས་དཔའ་རྣམས་ལ་བརྡ་ཡི་བརྒྱུད། །རྣལ་འབྱོར་རིག་འཛིན་སྒྲ་ཚིག་གི །དུ་མ་ཉིད་དུ་སོ་སོར་གོ །དོན་དམ་ཉིད་ལ་དབྱེར་མེད་ཅིང་། །ཆོས་སྐུའི་དགོངས་པར་གཅིག་པའོ། །གླེང་གཞི་སྟེ་དང་པོའོ། །དེ་ནས་སྟོན་པ་འོད་མི་འགྱུར། །ཀུན་ཏུ་བཟང་པོ་དང་སྦྱོར་བའི། །ཡེ་ཤེས་སྐུ་ནི་རྣམ་པར་སྟོན། །དེ་ཚེ་རྡོ་རྗེ་སེམས་དཔའ་ཡི། །མཆོད་ཅིང་བསྟོད་དེ་གླེང་བསླང་གསོལ། །གླེང་བསླངས་བ་སྟེ་གཉིས་པའོ། །སྟོན་པ་མི་གསུང་དགྱེས་པར་བཞུགས། །ཟག་མེད་བདེ་བ་ཆེན་པོའི་སྒྲ། །ཕྱོགས་བཅུ་ཀུན་ཏུ་འཕྲོས་པ་ཉིད། །ཉིད་ཀྱི་ཐུགས་ཀར་བསྡུ་བྱས་ཏེ། །ཆོས་ཉིད་བྱ་རྩོལ་བྲལ་བའི་སྒྲས། །དེ་བཞིན་ཉིད་དུ་བཀའ་སྩལ་ཏོ། །འདས་དང་མ་འོངས་དེ་བཞིན་གཤེགས། །ཀུན་གྱི་དགོངས་པ་འདི་ཡིན་ཏེ། །རང་རིག་མ་བཅོས་བདེ་བ་ཆེ། །ཀ་ན་དག་ཅིང་མཐའ་དགུས་བྲལ། །གསལ་དང་སྟོང་པ་ཟུང་འཇུག་པའི། །རང་བྱུང་ཡེ་ཤེས་ཐོག་མཐའ་མེད། །གཞི་མེད་རྩ་བ་བྲལ་བའོ། །ཕོ་མོ་མ་ཡིན་ཁ་དོག་མེད། །མཚན་དང་མཚན་ཉིད་མཚན་བརྗོད་མེད། །ཐིག་ལེ་ཉག་གཅིག་འོད་ལྔའི་ཀློང་། །གཞོམ་དུ་མེད་ཅིང་བཅད་པ་དང་། །ཚིག་པར་བྱ་བ་ཡོངས་མེད་ཅིང་། །ནམ་མཁའི་རང་བཞིན་ཡེ་ཤེས་སྲོག །དངོས་པོ་དངོས་མེད་ཕྲ་རབ་ཀྱི། །རྡུལ་གྱི་ཆོས་འདས་རྣམ་པར་འདས། །བསམ་གྱིས་མི་ཁྱབ་ཕྱག་རྒྱ་ཆེ། །བརྟན་གཡོ་ཀུན་ལ་ཁྱབ་པར་གནས། །གཞི་ཡི་རྒྱུད་ཀྱི་སྐབས་ཏེ་གསུམ་པའོ། །ཐབས་ཀྱིས་ཟིན་དང་མ་ཟིན་ལས། །རིག་དང་མ་རིག་གཉིས་སུ་སྣང་། །མ་རིག་སེམས་ཅན་འཁོར་བར་འཁྲུལ། །རིག་ན་ཐམས་ཅད་དག་པ་སྟེ། །མ་དག་བཙལ་ཡང་མི་རྙེད་དོ། །འོན་ཀྱང་དྲི་མ་གློ་བུར་བ། །སྦྱོང་བྱེད་རིམ་གཉིས་ཏིང་འཛིན་བསྒོམ། །རྒྱུད་དག་ཤེས་རབ་མན་ངག་ལྡན། །ལྟ་དགོངས་དྲོད་ཐོབ་སློབ་དཔོན་གྱིས། །དབང་གི་ཆོ་གས་སྨིན་བྱས་པས། །རྡོ་རྗེ་བཞི་ཡི་ས་བོན་ཐེབས། །དེ་ཉིད་གོམས་པར་བྱེད་པ་ཡི། །བསྐྱེད་རིམ་བླ་མའི་དཀྱིལ་འཁོར་ནི། །བསྙེན་དང་ཉེ་བསྙེན་སྒྲུབ་པ་དང་། །སྒྲུབ་པ་ཆེན་པོའི་ཚུལ་གྱིས་ནི། །བསྐྱེད་དང་སྔགས་བཟླས་ཉེར་བསྡུ་ཡི། །རྣལ་འབྱོར་ཆུ་བོའི་རྒྱུན་བཞིན་བརྩོན། །ལམ་བསྐྱེད་པའི་སྐབས་ཏེ་བཞི་པའོ། །བསྐྱེད་པའི་སྣང་ཞེན་བཟློག་པའི་ཕྱིར། །རྫོགས་རིམ་རྣལ་འབྱོར་ཟབ་མོ་ནི། །ལུས་བསྲངས་རླུང་གི་དུག་བསལ་ནས། །སྐུ་ཡི་སྟངས་ར་རིག་འཛིན་གྱི། །བསྐྱེད་པ་ལེགས་པར་གསལ་བཏབ་ནང་། །སྟོང་ཆེན་སྒྲིབ་ཐོག་བྲལ་བ་ཡི། །དབུས་སུ་རྩ་ཡི་གཙོ་མོ་གསུམ། །འཁོར་ལོ་བཞི་ཡི་བརྒྱན་པ་དང་། །མས་སྣར་གཏུམ་མོ་རྃ་དམར་པོ། །རིལ་མ་ཙམ་དུ་བསྒོམ་པ་དང་། །ཡར་སྣར་ཐིག་ལེ་ཧྃ་ཡིག་གཟུགས། །རླུང་བསྐུར་མེ་འབར་རྩ་འཁོར་བསྲེགས། །མེ་ཡི་འོད་ཀྱིས་དྲོས་པ་ཡི། །དྲོད་དང་ཧྃ་ལས་བདུད་རྩིའི་རྒྱུན། །འཛགས་པས་བདེ་བའི་ཡེ་ཤེས་ཏེ། །ལྟེ་བར་དཀར་དམར་ཞལ་སྦྱོར་གྱི། །མི་རྟོགས་ཡེ་ཤེས་དྲངས་པ་ཡི། །ཐབས་ལ་གོམས་པས་གཞན་ལུས་ཀྱི། །ཕྱག་རྒྱ་བསྟེན་ལ་དབབ་ལྡོག་པའི། །ཡེ་ཤེས་དགའ་བ་ངོས་བཟུང་བས། །རྩ་མདུད་གྲོལ་ཞིང་ཐིག་ལེ་དང་། །རླུང་གི་དབུ་མར་སྡུད་པ་ལས། །ས་ཡི་ཡོན་ཏན་རྫོགས་པར་འགྱུར། །རྫོགས་རིམ་མཚན་བཅས་ཀྱི་སྐབས་ཏེ་ལྔ་པའོ། །ཐབས་ཀྱི་ཞུ་བདེས་དྲངས་པ་ལས། །མཚན་མ་མེད་པའི་ཡེ་ཤེས་སྙེད། །རྡུལ་བྲལ་ནམ་མཁའ་དྭངས་པ་ལ། །འོད་གསལ་ཉི་ཟླའི་དཀྱིལ་འཁོར་འཆར། །ཀ་ཏིའི་ལམ་བརྒྱུད་རང་རིག་གི །རང་གི་ཡེ་ཤེས་མངོན་སུམ་མཐོང་། །གཉིས་སུ་མེད་པའི་བློ་ཡི་ནི། །གཉིས་མེད་ཡེ་ཤེས་མངོན་དུ་བྱེད། །ལུས་ཀྱི་འབྱུང་བ་རང་དག་ཅིང་། །འཁྲུལ་པའི་རྟོག་ཚོགས་དབྱིངས་སུ་དག །གཟུང་དང་འཛིན་པ་ལས་གྲོལ་བའི། །ཆོས་སྐུའི་བཙན་ས་ཟིན་པར་འགྱུར། །རྫོགས་པ་མཚན་མེད་ཀྱི་སྐབས་ཏེ་དྲུག་པའོ། །ལམ་གྱི་ཡན་ལག་རྨི་ལམ་དང་། །སྒྱུ་ལུས་འོད་གསལ་འཕོ་བ་དང་། །བར་དོ་དག་ཀྱང་སྒོམ་པར་བྱ། །དྲན་དང་འདུན་པ་མི་གཡོ་བའི། །ཏིང་འཛིན་ཤིན་ཏུ་གསལ་བ་དང་། །དམ་ཚིག་རྣམ་པར་དག་པར་བྱ། །བླ་མར་མོས་བསྐྱེད་ཉམས་ཆག་སྐོང་། །ཚོགས་དང་གཏོར་མ་སྦྱིན་བསྲེག་དང་། །སྒྲུབ་ཅིང་མཆོད་དེ་དབང་བླང་རྣམས། །ལམ་གྱི་ཡན་ལག་གྲོགས་སུ་བཟུང་། །རིམ་གཉིས་ཀྱི་ཡན་ལག་གི་སྐབས་ཏེ་བདུན་པའོ། །སྤྲོས་བཅས་སྤྲོས་མེད་སྤྱོད་པ་ཡི། །བོགས་དབྱུངས་བརྟུལ་ཞུགས་མཐར་ཕྱིན་པས། །ཕྱི་ནང་གནས་རྣམས་ཀུན་ཏུ་རྒྱུ། །མཁའ་འགྲོའི་ཚོགས་དང་དགྱེས་དགུར་སྤྱོད། །དེ་ལྟར་སྤྱོད་པས་མཚམས་སྦྱར་ནས། །སྒྲིབ་གསུམ་ཡེ་ཤེས་མེ་ཡིས་བསྲེགས། །ཐིག་རླུང་དྭངས་མ་སྟོབས་སུ་གྱུར། །གཙུག་ཏོར་རྩེ་མོར་སོན་པ་ལས། །འཕོ་མེད་བདེ་བ་ཆེན་པོའི་སྐུ། །མཆོག་ཏུ་མི་འགྱུར་དེ་ཁོ་ན། །འབྲས་ཆོས་ཉེར་ལྔའི་བདག་ཉིད་ཆེ། །གཞན་ནས་མ་བྱུང་མ་བཙལ་ཞིང་། །གཞིར་རྫོགས་འབྲས་བུར་སྨིན་པའོ། །དེ་ལས་ནམ་མཁའི་མཐར་ཐུག་པར། །སྐུ་དང་ཡེ་ཤེས་ཕྲིན་ལས་ནི། །རྟག་ཁྱབ་མཛད་པ་འབད་མེད་པ། །འགྲོ་བའི་དཔལ་དུ་རང་ཤར་བའོ། །འབྲས་བུའི་སྐབས་ཏེ་བརྒྱད་པའོ། །རྩ་རྒྱུད་ཡེ་ཤེས་དྲྭ་བ་འདི། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་བཅུད། །རྡོ་རྗེ་སེམས་དཔར་རབ་ཏུ་གཏད། །དེ་ཡི་ཐུགས་རྒྱུད་སྤྲུལ་པ་ཡི། །རིག་པ་འཛིན་པའི་ཐུགས་སུ་གདམས། །དུས་ཀྱི་ཐ་མར་སྣང་བར་འགྱུར། ས་མ་ཡཿ རྒྱ་རྒྱ་རྒྱཿ མནྟྲ་གུཧྱཿ ཨ་ཏི་གརྦྷ་རྒྱཿ ཅེས་པའང་རིག་འཛིན་པདྨའི་ཐུགས་རྗེ་དང་། ཌཱ་ཀིའི་བརྡ་ཡི་རྐྱེན་ལས་གཏན་ལ་ཕབ་པའོ།། །།
[edit]

@#/__/rig 'dzin rtsa rgyud sgyu 'phrul drwa ba bzhugs/__/ dpal kun tu bzang po la phyag 'tshal lo/__/bcom ldan kun bzang 'od mi 'gyur/__/chos dbyings khyab brdal chen po che/__/zhing khams 'byams las 'das pa'i dbus/__/rang snang shes rig 'khor dang bcas/__/dus bzhi mnyam pa'i dus de na/__/sgra tshig brjod las 'das pa'i gsung /__/zhing khams kun tu khyab par 'phro/__rgyal ba rnams ni dgongs pas brgyud/__/sems dpa' rnams la brda yi brgyud/__/rnal 'byor rig 'dzin sgra tshig gi__/du ma nyid du so sor go__/don dam nyid la dbyer med cing /__/chos sku'i dgongs par gcig pa'o/__/gleng gzhi ste dang po'o/__/de nas ston pa 'od mi 'gyur/__/kun tu bzang po dang sbyor ba'i/__/ye shes sku ni rnam par ston/__/de tshe rdo rje sems dpa' yi/__/mchod cing bstod de gleng bslang gsol/__/gleng bslangs ba ste gnyis pa'o/__/ston pa mi gsung dgyes par bzhugs/__/zag med bde ba chen po'i sgra/__/phyogs bcu kun tu 'phros pa nyid/__/nyid kyi thugs kar bsdu byas te/__/chos nyid bya rtsol bral ba'i sgras/__/de bzhin nyid du bka' stsal to/__/'das dang ma 'ongs de bzhin gshegs/__/kun gyi dgongs pa 'di yin te/__/rang rig ma bcos bde ba che/__/ka na dag cing mtha' dgus bral/__/gsal dang stong pa zung 'jug pa'i/__/rang byung ye shes thog mtha' med/__/gzhi med rtsa ba bral ba'o/__/pho mo ma yin kha dog med/__/mtshan dang mtshan nyid mtshan brjod med/__/thig le nyag gcig 'od lnga'i klong /__/gzhom du med cing bcad pa dang /__/tshig par bya ba yongs med cing /__/nam mkha'i rang bzhin ye shes srog__/dngos po dngos med phra rab kyi/__/rdul gyi chos 'das rnam par 'das/__/bsam gyis mi khyab phyag rgya che/__/brtan g.yo kun la khyab par gnas/__/gzhi yi rgyud kyi skabs te gsum pa'o/__/thabs kyis zin dang ma zin las/__/rig dang ma rig gnyis su snang /__/ma rig sems can 'khor bar 'khrul/__/rig na thams cad dag pa ste/__/ma dag btsal yang mi rnyed do/__/'on kyang dri ma glo bur ba/__/sbyong byed rim gnyis ting 'dzin bsgom/__/rgyud dag shes rab man ngag ldan/__/lta dgongs drod thob slob dpon gyis/__/dbang gi cho gas smin byas pas/__/rdo rje bzhi yi sa bon thebs/__/de nyid goms par byed pa yi/__/bskyed rim bla ma'i dkyil 'khor ni/__/bsnyen dang nye bsnyen sgrub pa dang /__/sgrub pa chen po'i tshul gyis ni/__/bskyed dang sngags bzlas nyer bsdu yi/__/rnal 'byor chu bo'i rgyun bzhin brtson/__/lam bskyed pa'i skabs te bzhi pa'o/__/bskyed pa'i snang zhen bzlog pa'i phyir/__/rdzogs rim rnal 'byor zab mo ni/__/lus bsrangs rlung gi dug bsal nas/__/sku yi stangs ra rig 'dzin gyi/__/bskyed pa legs par gsal btab nang /__/stong chen sgrib thog bral ba yi/__/dbus su rtsa yi gtso mo gsum/__/'khor lo bzhi yi brgyan pa dang /__/mas snar gtum mo ra~M dmar po/__/ril ma tsam du bsgom pa dang /__/yar snar thig le ha~M yig gzugs/__/rlung bskur me 'bar rtsa 'khor bsregs/__/me yi 'od kyis dros pa yi/__/drod dang ha~M las bdud rtsi'i rgyun/__/'dzags pas bde ba'i ye shes te/__/lte bar dkar dmar zhal sbyor gyi/__/mi rtogs ye shes drangs pa yi/__/thabs la goms pas gzhan lus kyi/__/phyag rgya bsten la dbab ldog pa'i/__/ye shes dga' ba ngos bzung bas/__/rtsa mdud grol zhing thig le dang /__/rlung gi dbu mar sdud pa las/__/sa yi yon tan rdzogs par 'gyur/__/rdzogs rim mtshan bcas kyi skabs te lnga pa'o/__/thabs kyi zhu bdes drangs pa las/__/mtshan ma med pa'i ye shes snyed/__/rdul bral nam mkha' dwangs pa la/__/'od gsal nyi zla'i dkyil 'khor 'char/__/ka ti'i lam brgyud rang rig gi__/rang gi ye shes mngon sum mthong /__/gnyis su med pa'i blo yi ni/__/gnyis med ye shes mngon du byed/__/lus kyi 'byung ba rang dag cing /__/'khrul pa'i rtog tshogs dbyings su dag__/gzung dang 'dzin pa las grol ba'i/__/chos sku'i btsan sa zin par 'gyur/__/rdzogs pa mtshan med kyi skabs te drug pa'o/__/lam gyi yan lag rmi lam dang /__/sgyu lus 'od gsal 'pho ba dang /__/bar do dag kyang sgom par bya/__/dran dang 'dun pa mi g.yo ba'i/__/ting 'dzin shin tu gsal ba dang /__/dam tshig rnam par dag par bya/__/bla mar mos bskyed nyams chag skong /__/tshogs dang gtor ma sbyin bsreg dang /__/sgrub cing mchod de dbang blang rnams/__/lam gyi yan lag grogs su bzung /__/rim gnyis kyi yan lag gi skabs te bdun pa'o/__/spros bcas spros med spyod pa yi/__/bogs dbyungs brtul zhugs mthar phyin pas/__/phyi nang gnas rnams kun tu rgyu/__/mkha' 'gro'i tshogs dang dgyes dgur spyod/__/de ltar spyod pas mtshams sbyar nas/__/sgrib gsum ye shes me yis bsregs/__/thig rlung dwangs ma stobs su gyur/__/gtsug tor rtse mor son pa las/__/'pho med bde ba chen po'i sku/__/mchog tu mi 'gyur de kho na/__/'bras chos nyer lnga'i bdag nyid che/__/gzhan nas ma byung ma btsal zhing /__/gzhir rdzogs 'bras bur smin pa'o/__/de las nam mkha'i mthar thug par/__/sku dang ye shes phrin las ni/__/rtag khyab mdzad pa 'bad med pa/__/'gro ba'i dpal du rang shar ba'o/__/'bras bu'i skabs te brgyad pa'o/__/rtsa rgyud ye shes drwa ba 'di/__/kun tu bzang po'i thugs kyi bcud/__/rdo rje sems dpar rab tu gtad/__/de yi thugs rgyud sprul pa yi/__/rig pa 'dzin pa'i thugs su gdams/__/dus kyi tha mar snang bar 'gyur/__sa ma yaHrgya rgya rgyaHman+t+ra guh+yaHa ti gar+b+ha rgyaH__ces pa'ang rig 'dzin pad+ma'i thugs rje dang /__DA ki'i brda yi rkyen las gtan la phab pa'o//__//

Footnotes

Other Information