བློ་སྦྱོང་དོན་བདུན་མའི་ཟིན་བྲིས།

From Khyentse Lineage - A Tsadra Foundation Project
JKCL-KABUM-09-TA-018
Wylie title blo sbyong don bdun ma'i zin bris JKCL-KABUM-09-TA-018.pdf
Location chos kyi blo gros bka' 'bum
Volume 9, Text 18, Pages 401-407 (Folios 1a to 4a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Source Author(s) འཆད་ཁ་བ་ ('chad kha ba)
Citation 'jam dbyangs mkhyen brtse chos kyi blo gros. blo sbyong don bdun ma'i zin bris. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 401-407. Bir, H.P.: Khyentse Labrang, 2012.
Genre Notes - zin bris
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/notes-on-seven-points-mind-training

1 Texts in this Section (sde tshan or chos tshan)

[edit]
༄༅། །བློ་སྦྱོང་དོན་བདུན་མའི་ཟིན་བྲིས་བཞུགས་སོ། ། བླ་མ་དྷརྨ་རཀྵི་ཏ། ལྟ་བ་ཉན་ཐོས་བྱེར་སྨྲ། ལུང་གཡུག་ས་གསུམ་གྱི་ཕྲེང་བ། རིག་པ་ལྟ་ཡངས་ཀྱི་མདོ་སྡེ་སྐྱེས་རབས། བྱམས་པའི་རྣལ་འབྱོར་འདི་ཀུ་སུ་ལུ་ཆུང་བ་ཡིན། འདི་ལྟ་བ་མི་གནས་པ། ལུང་ནམ་མཁའི་སྙིང་པོ། རིག་པ་བསླབ་བཏུས་སྤྱོད་འཇུག །གསེར་གླིང་པ་ལྟ་བ་བདག་འཛིན་མི་སྤང་བར་རྒྱུ་མཚན་བྱས། སྤྱོད་པ་མུ་སྟེགས་དང་ཐུན་མོང་། ལུང་དྲི་མེད་གྲང་ཞུ། རིག་པ་བྱང་ཆུབ་སེམས་དཔའི་རྗེས་འབྲང་། བྱམས་པ་ནས་བརྒྱུད། དྲི་མེད་གྲགས་མདོ་ལས། འཇིགས་ཚོགས་ལ་ལྟ་བ་སངས་རྒྱས་ཀྱི་གདུང་ཡིན་ནོ། །གསེར་གླིང་པས། དང་པོ་བདག་གཞན་མཉམ། དེ་ནས་བརྗེ་བ་བསྒོམས་པ་ཡིན། སྤྱན་སྔ་རིན་པོ་ཆེས་གསུངས། འགྲོམ་སྟོན་གྱི་ཞལ་ནས། གསེར་གླིང་པས་དང་པོ་ཉིད་ནས་བརྗེ་བ་བསྒོམས་པ་ཡིན་གསུངས། དོན་བདུན་ཚིག་གི་ཆོས་རྣམས་རྨི་ལམ་ལྟ་བུར་བསླབ། མ་སྐྱེས་རིག་པའི་གཤིས་ལ་བསྐྱེད། གཟུང་འཛིན་རང་བཞིན་མེད་པར་སྟོན། གཉེན་པ་ཉིད་ཀྱང་རང་སར་གྲོལ། ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན། ངོ་བོ་ཀུན་གཞིའི་ངང་ལ་བཞག །ཡུལ་ཡུལ་ཅན་གྱི་རྟོགས་པས་མ་བསླད་པར། དངོས་གཞི་འོད་གསལ་ཞེས་བྱ། ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། མཉམ་བཞག་གི་ཉམས་ལེན་རྗེས་ཐོབ་ཏུ་མ་བྲལ་བ་བདེན་མེད་སྒྱུ་མ་ལྟ་བུར་སྦྱངས། དེ་ལྟར་བསྒྲུབས་པ་སོགས་ཚིགས་བཞིའི་ཕན་ཡོན་བསྟན། ཀུན་རྫོབ་བྱང་སེམས་བསྒོམ་པ་ལ་གཏོང་ལེན་གཉིས་པོ་སྤེལ་བར་སྦྱངས། བྱམས་སྙིང་རྗེ་བསྒོམས་པ་ཐོག་མར་བསྟན། དེ་གཉིས་རླུང་ལ་བསྐྱོན་པར་བྱ། སྦྱངས་ལུགས་དངོས་བསྟན། རྗེས་ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ་ཞེས་པའི་སྤྱོད་ཡུལ་ལམ་ཁྱེར་བསྟན། སྤྱོད་ལམ་ཀུན་ཏུ་ཚིག་གི་སྦྱངས། སྣོད་བཅུད་སྡིག་པས་གང་བའི་ཚེ། རྐྱེན་ངན་བྱང་ཆུབ་ལམ་དུ་སྒྱུར། རྐྱེན་ངན་གྲོགས་སུ་ཁྱེར་བར་བསྟན། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམས། སེམས་ཅན་ལ་དྲིན་ཆེ་བར་བཟུང་ལ་གཅེས་པར་བལྟ་བ་བསྟན། འདི་ལ་ཤ་ཁྱེར་ཁྲག་ཁྱེར་གྱི། གདམས་པ་ཡང་ཟེར། དོན་དམ་བྱང་སེམས་ཀྱི་རྐྱེན་ངན་ལམ་སློང་། ལྟ་བ་གསུམ་དང་ནས་ཚིགས་བཞིའི་བསྟན། སྡུག་བསྔལ་མེད་ན་ངེས་འབྱུང་མེད། །སྐྱོ་བས་དྲེག་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །དང་པོས་ངེས་འབྱུང་། གཉིས་པས་བཀའ་དྲིན་ཆེ་བར་བསྒོམས། གསུམ་པས་སྙིང་རྗེ་བསྟན། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །ཞེས་པས་བསགས་སྦྱངས་བསྟན་ནས་བྱང་སེམས་སྦྱངས་ཚུལ་བསྟན། དེ་ཡང་དང་པོ་ཚོགས་བསགས། གཉིས་པ་སྡིག་སྦྱོང་། གསུམ་པ་གདོན་ལ་མཆོད། གནོད་བྱེད་ལ་གཏོར་མ་སྦྱིན། བཞི་པ་ཆོས་སྐྱོང་མཆོད། །མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་ལ་སྦྱང་བར་བྱ། །ཞེས་པས་ཚེ་གཅིག་གི་མན་ངག་དྲིལ་ནས་བསྟན། དེ་ཡང་འཕན་པ། གམས་པ། དཀར་པོ་ས་བོན་གྱི་སྟོབས་སུན་ཕྱིན། སྨོན་ལམ་གྱི་སྟོབས་དང་ལྔའོ། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། ཞེས་པས་འཆི་ཁ་འཕོ་བའི་གདམས་ངག་བསྟན། སྤྱོད་ལམ་སྣ་བུག་གཡས་བཀག །གཡོན་དུ་དད་འཆི་པར་བྱ། ཆོས་ཀུན་དགོངས་པ་གཅིག་ཏུ་འདུས། ཞེས་པས་བློ་སྦྱོང་གི་ཚད་བསྟན། དཔང་པོ་གཉིས་ཀྱི་གཙོ་བོར་བཟུང་། ཞེས་པས་རང་གཞན་གྱིས་མི་ཁྲེལ་པའི་དཔང་པོ་གཉིས་སོ། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟན། ཞེས་པས་མི་འདོད་པ་ཅི་བྱུང་ཡང་གྲོགས་སུ་འཆར་ན་བློ་འབྱོངས་པའི་ཚད་གཅིག །ཡེང་ཀྱང་ཐུབ་ན་འབྱོངས་པར་ཡིན། རྟག་པ་རྩལ་ཆེན་གྱིས་དཔེས་བློ་འབྱོངས་པའི་ཚད་གཅིག །སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། ཞེས་པས་ཁས་བླངས། ཐོ་ཅོ་ཕྱོགས་རེ་མ་སོང་བ་གསུམ་མོ། །འདུན་པ་བསྒྱུར་ལ་རང་སར་བཞག །བདག་གཞན་བརྗེ་བའི་རྣལ་འབྱོར་བསྒོམས་པ་དང་མ་བྲལ་བའི་སྒོ་ནས་ལུས་ཀྱི་སྤྱོད་པ་སོ་ཐུབ་པ་བྱ་ཚུལ་བསྟན། ཡན་ལག་ཉམས་པར་བརྗོད་མི་བྱ། ཞེས་པས་སྐྱོན་དག་སྤང་བར་བསྟན། འབྲས་བུ་རེ་བ་ཐམས་ཅད་སྤང་། །ཞེས་པས་རྣམ་སྨིན་གྱི་རེ་བ་སྤང་བར་བསྟན། དུག་ཅན་གྱི་ཟས་སྤང་། ཞེས་པས་བདེན་འཛིན་སྤང་། ཤག་ངན་མ་དགོད། ཅེས་པས་ཚིག་རྩུབ་སྤང་། འཕྲང་མ་བསྒུག །ཞེས་པས་ཞེ་བཞག་སྤང་། མཛོ་ཁལ་གླང་ལ་མི་འཇོ། ཞེས་པས་འཁོན་སྤང་། མགྱོགས་ཀྱི་རྩེ་མ་གཏོང་། ཞེས་པས་འདོད་པའི་དངོས་པོ་ཐབས་ཀྱི་རང་ལ་བསྒྱུར་བ་སྤང་། གཏོ་ལོག་མི་བྱ། ཞེས་པས་བློ་སྦྱོངས་རང་འཁྲས་མ་ཚོད་པ་སྤང་། ལྷ་བདུད་ཏུ་མི་དབབ། ཞེས་པས་གཞན་ལ་རས་ཆོད་དང་བརྙས་ཆོས་བྱེད་པ་སྤང་། དཔེ་དོན་གཉིས་ཡོད། སྐྱིད་ལན་སྡུག་མ་འཚོལ། ཞེས་པའི་རང་སྐྱིད་ཏུ་རེ་བས་གཞན་ལ་སྡུག་བྱུང་ན་དགའ་བ་སྤང་། རྣལ་འབྱོར་ཐམས་ཅད་གཅིག་གི་བྱ། ཞེས་པས་བློ་སྦྱོང་གི་ཆོས་གཅིག་པུའི་ཆོག་པར་བསྟན། ལོག་གནོན་ཐམས་ཅད་གཅིག་གི་བྱ། ཞེས་བློ་སྦྱོང་སྙིང་མི་འདོད་པ་སོང་ན་བསྒོམ་ལོག་པ་ཡིན་པས་སླར་ནན་ཏན་ཏུ་སྤྱོད་པར་བརྟན་ཐོག་མཐའ་གཉིས་ལ་བྱ་བ་བསྟན། བླ་མའི་གདམས་ངག་དྲན་པར་བྱ། ཞེས་པས་ནངས་པར་བདག་འཛིན་གྱི་མ་གོས་པའི་འཕེན་པ་བཏང་། ནུབ་མོ་དེ་བྱས་དེ་ནས་དེ་བྱས་སོ་སྙམ་པས། འགལ་ན་བཤགས་པ་བྱ། མ་འགལ་ན་དགའ་བ་བསྒོམ་བསྔོ་སྨོན་བྱའོ། །གཉིས་པོ་གང་བྱུང་བཟོད་པར་བྱ། ཞེས་པས་མཐོ་དམན་དང་སྐྱིད་སྡུག་ཅི་བྱུང་ཡང་། ཁེང་དྲེག་དང་ཡི་མུག་མི་བྱ། གཉིས་པོ་སྲོག་དང་བསྡོམ་ནས་བཟུང་། ཞེས་པས་ཆོས་སྤྱི་ཡི་དམ་ཚིག་དང་། བློ་སྦྱོངས་གི་དམ་ཚིག་གཉིས་མ་ཉམས་པར་བསྟན། དཀའ་བ་གསུམ་ལ་བསླབ་པར་བྱ། ཉོན་མོངས་སྤང་བ་ནི་གཉེན་པོ་དྲན་དཀའ། ལྡོག་དཀའ། རྒྱུན་གཅོད་པར་དཀའ་བ་སྟེ་མི་དཀའ་བར་བསླབ། རྒྱུ་ཡི་གཙོ་བོ་རྣམ་གསུམ་བླངས། ཞེས་པས་བླ་མའི་གདམས་ངག་རྒྱུད་ལ་སྐྱེད་བ་དང་། སྐྱོ་ཤས་ཆེ་བ་དང་། མཐུན་རྐྱེན་འཛོམས་པ་གསུམ་བསྟན། ཉམས་པ་མེད་པ་རྣམ་གསུམ་བསྒོམ། ཞེས་པས་དད་གུས་མ་ཉམས་པ། སྤྲོ་བ་མི་ཉམས་པ། བག་ཡོད་མ་ཉམས་པ་གསུམ་ལ་བསླབ། །འབྲལ་མེད་གསུམ་དང་ལྡན་པར་བྱ། ཞེས་བས་ལུས་ངག་ཡིད་གསུམ་དགེ་སྦྱོར་ངང་མ་བྲལ་བར་བསྟན། བཀོལ་བ་རྣམས་ལ་རྟག་ཏུ་སྦྱོང་། ཞེས་པས་རང་ལ་ཚུལ་གནས་པ་དང་། ཡིད་དུ་མི་འོང་བ་རྣམས་ལ་ལྷག་པར་སྙིང་གི་དུམ་བུ་བཞིན་དུ་བསམ་ལ་སྦྱོང་། ཡུལ་གཉན་པ་རྣམས་ལ་རྣམ་སྨིན་བསམ་གྱིས་མི་ཁྱབ་པས་ཁྱད་པར་དུ་བཀོལ་ལ་སྦྱོང་། སྐྱེ་བ་གཞན་དག་ལ་ལྟོས་མི་བྱ། ཞེས་པས་མཐུན་རྐྱེན་མ་འཛོམ་ན་མ་འཛོམ་པ་དེ་ཆོས་འདིའི་རྒྱུ་ཡིན་པར་གོ །ད་རེས་གཙོ་བོ་ཉམས་སུ་བླང་། ཞེས་པས་ཚེ་ཕྱི་མའི་དོན་སྒྲུབ་པ་གཙོ། བྱང་སེམས་སྦྱོང་བའི་སྒྲུབ་པ་གཙོ། བླ་མའི་མན་ངག་གཙོ། མལ་དུ་བསྡོད་པ་གཙོ། གོ་ལོག་མི་བྱ། ཞེས་པས། བཟོད་པ། འདུན་པ། རོ་མྱོང་། སྙིང་རྗེ། གཉེར་སེམས། ཡིད་རངས་ཏེ་དྲུག་པོ་དེ་རྣམས་སྤང་། རས་འཇོག་མི་བྱ་ཞེས་པས་། རེས་བཟླས་པ། རེས་བློ་སྦྱོང་སོགས་མི་བྱ། དེ་ལ་བློ་སྦྱོང་ཚོད་མི་བྱེད་པ་བློ་ཐག་ཆོད་པས་སྦྱོང་། རྟོག་དཔྱོད་གཉིས་ཀྱི་ཐལ་བར་བྱ། ཞེས་པས་འདས་མ་འོང་གཉིས་ཀྱི་ཚུལ་ལུགས་ཀྱིས་ཉོན་མོངས་པ་སྤང་བ་ལ་ནན་ཏན་བྱ་བར་བསྟན། ཡུས་མི་བསྒོམ་ཞེས་པ། ཡུས་ཀྱི་སྣོན་པ་དང་། ང་རྒྱལ་ཆེ་བར་མི་བྱ། གཉེན་པོ་བསྟན་པ་གཉིས་ཀྱི། ཀོ་ལོང་མི་བསྡོམས་ཞེས་པ། ངན་ལན་མི་བྱ། ཡུད་ཙམ་པ་མི་བྱ་ཞེས་པ། ངོ་མི་རྟག་བ་རེ་ལ་རྣམ་འབྱོར་བསྟན་པ་སྤང་། འོལ་ཆེ་མ་འདོད་ཞེས་པ། ཚིག་གི་གཏང་རག་བཏང་བ་སོགས་སྙན་གྲགས་འདོད་པ་སྤང་། སྙིགས་མ་ལྔ་པོ་བདོ་བ་འདི། བྱང་ཆུབ་ལམ་དུ་བསྒྱུར་བར་ཡིན། ཞེས་པས་ཕན་ཡོན་བསྟན། རང་གི་མོས་པ་སོགས་ཚིག་བཞིའི་དཀའ་བ་རང་གིས་ཉམས་སུ་ལེན་པའི་ཚུལ་བསྟན་པ་རྫོགས་སོ།། །།

Footnotes

Other Information