ཆོས་སྐྱོང་བཀའ་སྒོ།

From Khyentse Lineage - A Tsadra Foundation Project
JKCL-KABUM-07-JA-048
Wylie title chos skyong bka' sgo JKCL-KABUM-07-JA-048.pdf
Location chos kyi blo gros bka' 'bum
Volume 7, Text 48, Pages 625-628 (Folios 1a1 to 2b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. chos skyong bka' sgo. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 625-628. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod
Deity chos skyong
Colophon

།ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།།

/ces pa'ang chos kyi blo gros pas so//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཆོས་སྐྱོང་བཀའ་སྒོ་ནི། ཨཥྚ། འཇིག་བྱེད། འབྱུང་འདུལ། མཁའ་སྤྱོད། ཕུར་པའི་སྔགས། ཤཱ་ས་ན། ཡི་གེ་བཅུ་གཉིས་མ། བདུན་མ། ཞལ། ལས་མགོན་ཕོ་མོ། དམག་ཟོར་བཅས་ཀྱི་སྔགས་བརྗོད་མཐར། ས་མ་ཡ་སྨ་ར་སོགས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་སངས་རྒྱས་རྡོ་རྗེ་འཆང་༴ །སློབ་དཔོན་བྲམ་ཟེར་མཆོག་སོགས་བྲག་རྫོང་མའི་བརྒྱུད་པ་བཤར། ཡང་ན། ཡང་དག་པ་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤརྡྷ་ཀ་ར་བརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། །མ་ལོ་ཙཱ་བ་བློ་གྲོས་གྲགས་པ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་པ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུགཡོངས་འཛིན་དཀོན་མཆོག་འཕེལ་བ། ས་ལོ་ཐམས་ཅད་མཁྱེན་པ། རྗེ་དཀོན་མཆོག་ལྷུན་གྲུབ། མཚུངས་མེད་དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས། འདྲེན་མཆོག་སངས་རྒྱས་དཔལ་ལྡན། མཚུངས་མེད་དམ་ཆོས་བསམ་འགྲུབ། མཁན་ཆེན་སངས་རྒྱས་ཕུན་ཚོགས། འཇམ་མགོན་བསྟན་འཛིན་ལྷུན་གྲུབ། བྱམས་པ་དཔལ་ལྡན་ཆོས་སྐྱོང་། སྐུ་དབོན་རིན་ཆེན་མཆོག་གྲུབ། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཆོས་རྗེ་ཀུན་དགའ་འཇམ་དབྱངས། །རྡོར་འཛིན་བྱང་ཆུབ་རྒྱལ་མཚན། རིགས་བརྒྱའི་ཁྱབ་བདག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་ལ་སོགས་པ་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་མདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུ་རྡོ་རྗེའི་རིག་པ་འཛིན་པ་དང་། སྦྱིན་པའི་བདག་པོ་འདི་རྣམས་ལ་སྲུང་བ་དང་། སྐྱབས་པ་དང་། འགོ་བའི་ཕྲིན་ལས་མཛོད་ཅིག །འདི་རྣམས་ཀྱིས་ཆོས་སྒྲུབ་པའི་འགལ་རྐྱེན་ཕྱི་ནང་གི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེར་བར་ཞི་བའི་ཕྲིན་ལས་མཛོད་ཅིག །སྟེང་གདོན་གཟའ་དང་དྲང་སྲོང་གི་གནོད་པ། འོག་གདོན་ཀླུ་དང་ས་བདག་གི་གནོད་པ། བར་གདོན་གཙན་དང་རྒྱལ་པོ་དང་། ཐེའུ་རང་གི་གནོད་པ་ཐམས་ཅད་ཉེར་བར་ཞི་བའི་ཕྲིན་ལས་མཛོད་ཅིག །མཐུན་པའི་རྐྱེན། ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད་ཅིག །ལྷ་འདྲེ་མི་གསུམ་གྱི་འགྲོ་བ་མང་པོ་དབང་དུ་བསྡུས་ནས། ཟས་གོས་ལོངས་སྤྱོད་ཀྱི་ཕོངས་པ་མེད་པ་ཡིད་བཞིན་དུ་འབྱོར་པ་དང་། དེ་དག་གིས་ཀྱང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། འགྲོ་བ་མང་པོ་ལ་ཕན་ཐོགས་པའི་ཕྲིན་ལས་མཛོད་ཅིག །རིག་པ་འཛིན་པ་དང་། སྦྱིན་པའི་བདག་པོ་འདི་རྣམས་ཀྱིས་དམ་པའི་ཆོས་ཚུལ་བཞིན་དུ་བསྒྲུབ་པ་ལ་བར་ཆད་བྱེད་པའི་འབྱུང་པོ་མི་དང་། མི་མ་ཡིན་པ་ཐམས་ཅད་སྲུང་མའི་དབང་པོ་ཁྱེད་རྣམས་ཀྱིས་མི་ཐུལ་བ་མེད་པས་མངོན་སྤྱོད་ཀྱི་ལས་ཀྱིས་ཚར་བཅད་ནས། བསམ་པ་ངན་པ་དང་། སྦྱོར་བ་རྩུབ་པ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག །མདོར་ན་བསྲུང་བྱ་འདི་རྣམས་ཀྱི་ལུས་དང་། གྲིབ་མ་བཞིན་དུ་འགྲོགས་ནས། ཇི་སྲིད་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གོ་འཕངས་མ་ཐོབ་ཀྱི་བར་བསྲུང་བ་དང་། སྐྱབས་པ་དང་། སྦ་བའི་ཕྲིན་ལས་མཛོད་ཅིག །རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ཡི་དམ་ཆོས་སྐྱོང་རྒྱ་མཚོའི་ཐུགས་རྗེ་ཡི། །འགྲོ་བ་འདི་རྣམས་བདག་གིས་བསྲུངས་ཟིན་པས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །མི་འགྱུར་ལྷུན་པོ༴ །སྔོན་ཚེ་རྡོ་རྗེ་འཆང་༴བསོད་ནམས་རི་བོ༴ །འབད་དང་རྩོལ་བས༴ །ཉིན་མོ་བདེ་ལེགས་སོགས་ཤིས་བརྗོད་བྱའོ། །ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། །།

Footnotes

Other Information