ཨོཾ་མཱུྃ་ཨེ་མ་མ་སལ་སལ་ཁཾ་ཁཾ་ཡེ་སྭཱ་ཧཱ་ཞེས་བདེན་ཚིག་དང༌། དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདེན་ཚིག་ཐུང་ངུ་།

From Khyentse Lineage - A Tsadra Foundation Project
JKCL-KABUM-07-JA-042
Wylie title oM mU~M e ma ma sal sal khaM khaM ye swA hA zhes bden tshig dang/ dkon mchog rtsa gsum rgya mtsho'i bden tshig thung ngu JKCL-KABUM-07-JA-042.pdf
Location chos kyi blo gros bka' 'bum
Volume 7, Text 42, Pages 609 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. oM mU~M e ma ma sal sal khaM khaM ye swA hA zhes bden tshig dang dkon mchog rtsa gsum rgya mtsho'i bden tshig thung ngu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 609. Bir, H.P.: Khyentse Labrang, 2012.
Genre Prayers - smon lam
Colophon
  • First colophon: །ཅེས་པའང་ཚེ་དབང་རྡོ་རྗེས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་པ་དགེ་ཞིང་བཀྲ་ཤིས།།
  • Second colophon: ཞེས་པའང་ཆུ་འབྲུག་ཆོ་འཕྲུལ་ཟླ་ཚེས་ལ་པདྨ་ཡེ་ཤེས་རྡོ་རྗེས་སྤེལ་བ་དགེའོ།།
  • First colophon: /ces pa'ang tshe dbang rdo rjes bskul ngor 'jam dbyangs chos kyi blo gros pas smras pa dge zhing bkra shis//
  • Second colophon: zhes pa'ang chu 'brug cho 'phrul zla tshes la pad+ma ye shes rdo rjes spel ba dge'o//

1 Texts in this Section (sde tshan or chos tshan)

[edit]
ཨོཾ་མཱུྃ་ཨེ་མ་མ་སལ་སལ་ཁཾ་ཁཾ་ཡེ་སྭཱ་ཧཱ། ཨ་ཨཱ་སོགས། ཀ་ཁ་ག་སོགས། ཡེ་དྷརྨཱ་སོགས། ཎཿཀླ་ཀློའི་བསམ་སྦྱོར་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདེན་སྟོབས་དང་། །དབྱིངས་ཕྱུག་ཡུམ་ཆེན་ཀུན་ཏུ་བཟང་མོ་ཡི། །ཆོས་ཅན་ཆོས་ཉིད་བདེན་པའི་མཐུ་སྟོབས་ཀྱིས། །ཀླ་ཀློའི་མདུན་གྲོས་བསམ་སྦྱོར་ངན་པ་རྣམས། །ལྷག་མ་མེད་པར་རྩད་ནས་ཞི་གྱུར་ཅིག །གང་གི་རྒྱུད་ལ་ཞུགས་པས་སྐད་ཅིག་གིས། །བློ་སྣ་ལྷ་མིན་བཞིན་དུ་སྒྱུར་བྱེད་པའི། །འབྱུང་པོ་གདུག་པའི་ཚོགས་རྣམས་ཚར་བཅད་ནས། །ཕྱིན་ཆད་ཕྱོགས་འདིར་རྒྱུ་བར་མ་གྱུར་ཅིག །ཅེས་པའང་ཚེ་དབང་རྡོ་རྗེས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་པ་དགེ་ཞིང་བཀྲ་ཤིས།། །། ༈ དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདེན་སྟོབས་དང་། །ཁྱད་པར་རིག་འཛིན་རྡོ་རྗེ་དྲག་རྩལ་གྱི། །མཐུ་སྟོབས་ནུས་པ་བསྐལ་པའི་མེ་བཞིན་སྦོར། །མཐའ་དམག་གདུག་པའི་དཔུང་ཚོགས་ལྷག་མེད་སྲེགས། །ཀླ་ཀློའི་འདུན་གྲོས་བྱེ་མར་ཆུ་བླུགས་བཞིན། །ནུས་མེད་རང་ཞིར་གྱུར་ནས་རྒྱལ་བའི་བསྟན། །དེར་འཛིན་སྡེ་དང་བཅས་པ་གནོད་འཚེ་བྲལ། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་བརློབས། ཞེས་པའང་ཆུ་འབྲུག་ཆོ་འཕྲུལ་ཟླ་ཚེས་ལ་པདྨ་ཡེ་ཤེས་རྡོ་རྗེས་སྤེལ་བ་དགེའོ།། །།

Footnotes

Other Information