བླ་མའི་རྣལ་འབྱོར་ཡེ་ཤེས་སྣང་སྟེར།

From Khyentse Lineage - A Tsadra Foundation Project
JKCL-KABUM-04-NGA-017
Wylie title bla ma'i rnal 'byor ye shes snang ster JKCL-KABUM-04-NGA-017.pdf
Location chos kyi blo gros bka' 'bum
Volume 4, Text 17, Pages 89-92 (Folios 1a1 to 2b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཀློང་ཆེན་རབ་འབྱམས་ (Klong chen pa)
Citation 'jam dbyangs mkhyen brtse chos kyi blo gros. bla ma'i rnal 'byor ye shes snang ster. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 89-92. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་དགེ་སློང་ཀུན་དགའ་རབ་རྒྱས་ཀྱིས་ཞབས་བརྟེན་གསུང་རྒྱུའི་བསྐུལ་མ་བཅས་པའི་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཐ་སྐར་ཟླ་བའི་ཚེས་བཅུ་ལ་སྨྲས་རིམ་བཞིན་བསྐུལ་བ་པོ་ཉིད་ཀྱིས་ཡི་གེར་བཀོད་པ་འདིས་ཀྱང་དཔལ་ལྡན་བླ་མའི་བྱིན་རླབས་སྙིང་དབུས་སུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

/ces pa'ang dge slong kun dga' rab rgyas kyis zhabs brten gsung rgyu'i bskul ma bcas pa'i ngor 'jam dbyangs blo gros rgya mtshos tha skar zla ba'i tshes bcu la smras rim bzhin bskul ba po nyid kyis yi ger bkod pa 'dis kyang dpal ldan bla ma'i byin rlabs snying dbus su 'jug pa'i rgyur gyur cig__/sarba dA mang+ga laM//

1 Texts in this Section (sde tshan or chos tshan)

[edit]
བླ་མའི་རྣལ་འབྱོར་ཡེ་ཤེས་སྣང་སྟེར་ཞེས་བྱ་བ་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་མི་ཕྱེད་པའི་དད་པ་དང་མོས་གུས་དྲག་པོ་དང་ལྡན་པ་རྣམས་ཀྱིས་ལམ་ཟབ་མོ་འདི་ལ་འཇུག་པར་བྱ་སྟེ། དེ་ལ་ཐོག་མར་སྐྱབས་སེམས་ནི། ཨཿ རང་བྱུང་སྟོང་གསལ་ཆོས་ཀྱི་དབྱིངས། །ཡེ་ཤེས་སྐུ་ཅན་བླ་མ་ལ། །མི་ཕྱེད་གུས་པས་སྐྱབས་སུ་མཆི། །འགྲོ་རྣམས་བླ་མའི་སར་འགོད་བགྱི། །རྟེན་བསྐྱེད་ནི། ཨཿ སྣོད་བཅུད་འཛིན་ཞེན་དག་པའི་ཀློང་། །རང་བྱུང་འཇའ་འོད་འཁྲིགས་པའི་དབུས། །སེང་ཁྲི་པདྨ་ཟླ་བའི་སྟེང་། །རང་རིག་ཀུན་མཁྱེན་བླ་མ་ནི། །ཞི་འཛུམ་པཎྜི་ཏ་ཡི་ཆས། །སེམས་ཉིད་ངལ་བསོའི་ཕྱག་རྒྱ་ཅན། །སྐུ་ལ་རྩ་གསུམ་དཀྱིལ་འཁོར་རྫོགས། །མ་བསྐྱེད་ཡེ་རྫོགས་ལྷུན་གྱིས་གྲུབ། །གཟོད་ནས་དམ་ཡེ་འདུ་འབྲལ་མེད། །ཡེ་ཤེས་ལྷུན་གྲུབ་ཆེན་པོར་གསལ། །ཚོགས་བསགས་པ་ནི། རང་རིག་ལྷ་དང་གཉིས་སུ་མེད། །དག་མཉམ་ཆེན་པོའི་ཕྱག་གིས་འདུད། །འཁོར་འདས་རོ་མཉམ་ངང་དུ་མཆོད། །སྡིག་ལྟུང་སྐྱེ་མེད་ངང་དུ་བཤགས། །རང་གྲོལ་རིག་པ་རྗེས་ཡི་རངས། །འཕོ་མེད་བརྡལ་ཁྱབ་ཆེན་པོར་བཞུགས། །རྩོལ་བྲལ་ཆོས་འཁོར་བསྐོར་བར་བསྐུལ། །ཆོས་དབྱིངས་ཡེ་གྲོལ་ཆེན་པོར་བསྔོ། མཎྜལ་ནི། ཕྱི་སྣོད་འཇིག་རྟེན་དཔལ་འབྱོར་དང་། །ནང་བཅུད་ཕུང་ཁམས་མཎྜ་ལར། །དབྱིངས་སྣང་འཇའ་འོད་ཚོམ་བུར་བཀྲ། །སྐུ་གསུམ་དོན་གྱི་ལྷ་ལ་འབུལ། །ཨོཾ་གུ་རུ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ། གསོལ་འདེབས་ནི། འོད་གསལ་སྣང་བཞི་མཐར་ཕྱིན་ཅིང་། །རིག་པ་མི་འགྱུར་སྐུ་ལྔར་བཞེངས། །རང་བྱུང་གཟི་བརྗིད་དཔལ་དུ་འབར། །གདོད་མའི་མགོན་པོ་ཀློང་ཆེན་པ། །དྲི་མེད་འོད་ཟེར་ལ་ཕྱག་འཚལ། །རྩེ་གཅིག་གུས་པས་གསོལ་བ་འདེབས། །རྟག་ཏུ་ཐུགས་རྗེས་བྱིན་གྱིས་རློབས། །ཡེ་ཤེས་སྣང་བ་རྒྱས་པར་མཛོད། །བླ་མ་ཁྱོད་དང་མཉམ་པར་ཤོག །ཨོཾ་ཨཱཿམ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། ཞེས་བཟླས། དབང་བླང་བ་ནི། མཁྱེན་ནོ་མཁྱེན་ནོ་ཀུན་མཁྱེན་བླ་མས། །བདག་རྒྱུད་བྱིན་གྱིས་རློབས་པར་མཛོད་ཅིག །ཡེ་ཤེས་རྡོ་རྗེའི་དབང་ཆེན་བསྐུར་ནས། །སྐུ་བཞིའི་ས་བོན་ཐེབས་པར་མཛོད་ཅིག །རྩེ་གཅིག་གསོལ་བ་བཏབ་པ་ལས། །བླ་མ་དགྱེས་པའི་ཉམས་དང་ལྡན། །བྱིན་རློབས་གཟི་བརྗིད་དཔལ་དུ་འབར། །བླ་མའི་དཔྲལ་མགྲིན་ཐུགས་ཀ་ནས། །རང་འདྲའི་སྐུ་དང་ཡིག་འབྲུ་གསུམ། །འོད་ཟེར་བདུད་རྩི་དང་བཅས་བྱུང་། །རང་གི་གནས་གསུམ་ཐིམ་པ་ཡིས། །སྒྲིབ་དག་བྱིན་རླབས་དབང་བསྐུར་ཐོབ། །སྐུ་བཞིའི་གོ་འཕང་རྒྱུད་ལ་བཞག །མཐར་ནི་བླ་མ་འོད་དུ་ཞུ། །དྷཱིཿཡིག་དམར་སེར་གྱུར་པ་ཉིད། །རང་གི་སྙིང་དབུས་ཐིམ་པ་ཡིས། །རིག་སྟོང་དགོངས་པའི་རྩལ་ཆེན་རྫོགས། །ཡིད་དཔྱོད་སྤྲོས་པ་བྲལ་བ་ཡི། ཀ་དག་བློ་འདས་ངང་དུ་བཞག །ཅེས་ཅི་གནས་སུ་མཉམ་པར་བཞག །སླར་ཡང་ཙིཏྟའི་འོད་ཁྱིམ་དུ། །དྷཱིཿཡིག་ཡོངས་སུ་གྱུར་པ་ལས། །བླ་མ་འཇམ་དཔལ་ལོངས་སྤྱོད་རྫོགས། །དམར་སེར་རལ་གྲི་གླེགས་བམ་འཛིན། །ཞི་འཛུམ་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཟླ་བ་ལ་གནས་པའི། །དྷཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད། །མཁྱེན་བརྩེའི་བྱིན་རླབས་ཐམས་ཅད་བསྡུས། །བདག་བློའི་གཏི་མུག་མུན་པ་སོལ། །བློ་གྲོས་སྣང་བ་རྒྱས་པར་བསམ། །ཨོཾ་སརྦ་དྷརྨཱ་བྷ་ཝ་སྭ་བྷཱ་ཝ་བི་ཤུདྡྷེ་བཛྲ་ཨ་ཨཱ་ཨཾ་ཨཿ པྲ་ཀྲྀ་ཏི་པ་རི་ཤུདྡྷཿསརྦ་དྷརྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ། ཛྙཱ་ན་ཀ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡ་ཏི་ཨཾ་ཨཿ སརྦ་ཏ་ཐཱ་ག་ཏ་ཧྲི་དཱ་ཡ། ཧ་ར་ཧ་ར་ཨོཾ་ཧཱུྃ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མུརྟི་ཝ་གི་ཤྭ་ར། མ་ཧཱ་ཝ་ཙ་སརྦ་དྷརྨཱ་ག་ག་ན་མ་ལ་སུ་པ་རི་ཤུདྡྷ་དྷརྨཱ་དྷ་ཏུ་ཛྙཱ་ན་གརྦྷ་ཨཱཿ ཞེས་དང་། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཅི་ནུས་དང་། སྐབས་འགར་སྣོད་བཅུད་སྣང་བ་ཀུན། །བླ་མ་འཇམ་དཔའ་དཔལ་བོ་ཡི། །གནས་གསུམ་ཕྱག་རྒྱའི་རོལ་པར་བལྟ། །རང་སྣང་སྤྲོ་དང་བསྡུ་བ་ཡི། །རྩལ་སྦྱང་དག་ལ་ཡང་ཡང་འབད། །ཐུན་མཐར་དགེ་བ་བསྔོ་བ་ནི། དགེ་འདིས་མཐའ་ཡས་སེམས་ཅན་ཀུན། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །གོ་འཕང་ཚེ་འདིར་མངོན་བྱས་ཏེ། །སྲིད་གསུམ་གྲོང་ཁྱེར་སྟོང་གྱུར་ཅིག །ཅེས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྨོན་ལམ་གྱིས་རྒྱས་གདབ་ཅིང་། བླ་མའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །ཅེས་པའང་དགེ་སློང་ཀུན་དགའ་རབ་རྒྱས་ཀྱིས་ཞབས་བརྟེན་གསུང་རྒྱུའི་བསྐུལ་མ་བཅས་པའི་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཐ་སྐར་ཟླ་བའི་ཚེས་བཅུ་ལ་སྨྲས་རིམ་བཞིན་བསྐུལ་བ་པོ་ཉིད་ཀྱིས་ཡི་གེར་བཀོད་པ་འདིས་ཀྱང་དཔལ་ལྡན་བླ་མའི་བྱིན་རླབས་སྙིང་དབུས་སུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
[edit]

bla ma'i rnal 'byor ye shes snang ster zhes bya ba bzhugs so/__/bla ma la phyag 'tshal lo/__/kun mkhyen chos kyi rgyal por mi phyed pa'i dad pa dang mos gus drag po dang ldan pa rnams kyis lam zab mo 'di la 'jug par bya ste/__de la thog mar skyabs sems ni/__aH_rang byung stong gsal chos kyi dbyings/__/ye shes sku can bla ma la/__/mi phyed gus pas skyabs su mchi/__/'gro rnams bla ma'i sar 'god bgyi/__/rten bskyed ni/__aH_snod bcud 'dzin zhen dag pa'i klong /__/rang byung 'ja' 'od 'khrigs pa'i dbus/__/seng khri pad+ma zla ba'i steng /__/rang rig kun mkhyen bla ma ni/__/zhi 'dzum paN+Di ta yi chas/__/sems nyid ngal bso'i phyag rgya can/__/sku la rtsa gsum dkyil 'khor rdzogs/__/ma bskyed ye rdzogs lhun gyis grub/__/gzod nas dam ye 'du 'bral med/__/ye shes lhun grub chen por gsal/__/tshogs bsags pa ni/__rang rig lha dang gnyis su med/__/dag mnyam chen po'i phyag gis 'dud/__/'khor 'das ro mnyam ngang du mchod/__/sdig ltung skye med ngang du bshags/__/rang grol rig pa rjes yi rangs/__/'pho med brdal khyab chen por bzhugs/__/rtsol bral chos 'khor bskor bar bskul/__/chos dbyings ye grol chen por bsngo/__maN+Dal ni/__phyi snod 'jig rten dpal 'byor dang /__/nang bcud phung khams maN+Da lar/__/dbyings snang 'ja' 'od tshom bur bkra/__/sku gsum don gyi lha la 'bul/__/oM gu ru maN+Da la pU dza AHhU~M/__gsol 'debs ni/__'od gsal snang bzhi mthar phyin cing /__/rig pa mi 'gyur sku lngar bzhengs/__/rang byung gzi brjid dpal du 'bar/__/gdod ma'i mgon po klong chen pa/__/dri med 'od zer la phyag 'tshal/__/rtse gcig gus pas gsol ba 'debs/__/rtag tu thugs rjes byin gyis rlobs/__/ye shes snang ba rgyas par mdzod/__/bla ma khyod dang mnyam par shog__/oM AHma hA gu ru sarba sid+d+hi hU~M/__zhes bzlas/__dbang blang ba ni/__mkhyen no mkhyen no kun mkhyen bla mas/__/bdag rgyud byin gyis rlobs par mdzod cig__/ye shes rdo rje'i dbang chen bskur nas/__/sku bzhi'i sa bon thebs par mdzod cig__/rtse gcig gsol ba btab pa las/__/bla ma dgyes pa'i nyams dang ldan/__/byin rlobs gzi brjid dpal du 'bar/__/bla ma'i dpral mgrin thugs ka nas/__/rang 'dra'i sku dang yig 'bru gsum/__/'od zer bdud rtsi dang bcas byung /__/rang gi gnas gsum thim pa yis/__/sgrib dag byin rlabs dbang bskur thob/__/sku bzhi'i go 'phang rgyud la bzhag__/mthar ni bla ma 'od du zhu/__/d+hIHyig dmar ser gyur pa nyid/__/rang gi snying dbus thim pa yis/__/rig stong dgongs pa'i rtsal chen rdzogs/__/yid dpyod spros pa bral ba yi/__ka dag blo 'das ngang du bzhag__/ces ci gnas su mnyam par bzhag__/slar yang tsit+ta'i 'od khyim du/__/d+hIHyig yongs su gyur pa las/__/bla ma 'jam dpal longs spyod rdzogs/__/dmar ser ral gri glegs bam 'dzin/__/zhi 'dzum dar dang rin chen brgyan/__/zhabs gnyis rdo rje'i skyil krung bzhugs/__/thugs kar zla ba la gnas pa'i/__/d+hIHmthar sngags kyi phreng bas bskor/__/'od 'phros rgyal ba sras bcas mchod/__/mkhyen brtse'i byin rlabs thams cad bsdus/__/bdag blo'i gti mug mun pa sol/__/blo gros snang ba rgyas par bsam/__/oM sarba d+harmA b+ha wa swa b+hA wa bi shud+d+he badz+ra a A aM aH_pra kr-i ti pa ri shud+d+haHsarba d+harmA ya du ta sarba ta thA ga ta/__dz+nyA na ka ya many+dzu shrI pa ri shud+d+hi tA mu pA dA ya ti aM aH_sarba ta thA ga ta hri dA ya/__ha ra ha ra oM hU~M hrIHb+ha ga wAn dz+nyA na murti wa gi shwa ra/__ma hA wa tsa sarba d+harmA ga ga na ma la su pa ri shud+d+ha d+harmA d+ha tu dz+nyA na gar+b+ha AHzhes dang /__oM a ra pa tsa na d+hIHci nus dang /__skabs 'gar snod bcud snang ba kun/__/bla ma 'jam dpa' dpal bo yi/__/gnas gsum phyag rgya'i rol par blta/__/rang snang spro dang bsdu ba yi/__/rtsal sbyang dag la yang yang 'bad/__/thun mthar dge ba bsngo ba ni/__dge 'dis mtha' yas sems can kun/__/kun mkhyen chos kyi rgyal po dang /__/'jam dpal ye shes sems dpa' yi/__/go 'phang tshe 'dir mngon byas te/__/srid gsum grong khyer stong gyur cig__/ces sogs thun mong dang thun mong ma yin pa'i smon lam gyis rgyas gdab cing /__bla ma'i lam khyer dang ma bral bar bya'o/__/ces pa'ang dge slong kun dga' rab rgyas kyis zhabs brten gsung rgyu'i bskul ma bcas pa'i ngor 'jam dbyangs blo gros rgya mtshos tha skar zla ba'i tshes bcu la smras rim bzhin bskul ba po nyid kyis yi ger bkod pa 'dis kyang dpal ldan bla ma'i byin rlabs snying dbus su 'jug pa'i rgyur gyur cig__/sarba dA mang+ga laM//____//

Footnotes

Other Information