ལྔ་རིག་མཆོག་སྤྲུལ་ཡང་སྲིད་མྱུར་འབྱོན་གསོལ་འདེབས།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-187
Wylie title lnga rig mchog sprul yang srid myur 'byon gsol 'debs JKCL-KABUM-03-GA-187.pdf
Location chos kyi blo gros bka' 'bum
Volume 3, Text 187, Pages 589 (Folios 1a1 to 1a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. lnga rig mchog sprul yang srid myur 'byon gsol 'debs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 589. Bir, H.P.: Khyentse Labrang, 2012.
Genre Petitions for a Speedy Rebirth - yang srid myur byon
Colophon

།ཞེས་པའང་ཡེ་ན་བླ་གྲྭ་རྣམས་ཀྱིས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ།

/zhes pa'ang ye na bla grwa rnams kyis bskul ngor chos kyi blo gros pas bris pa dge/

1 Texts in this Section (sde tshan or chos tshan)

[edit]
ལྔ་རིག་མཆོག་སྤྲུལ་ཡང་སྲིད་མྱུར་འབྱོན་གསོལ་འདེབས་བཞུགས་སོ། །ཨོཾ་སྭསྟི། འཇམ་དཔལ་དབྱངས་དངོས་བླ་མས་རྗེས་བཟུང་ཞིང་། །ཐུབ་བསྟན་རིན་ཆེན་གསལ་བའི་བཤེས་གཉེན་མཆོག །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་བསྟོད་པ་ཡི། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཆོས་ཀྱི་དབྱིངས་ལས་རང་སྣང་སྒྱུ་མའི་སྐུར། །ངོ་མཚར་སྤྲུལ་པའི་གཟུགས་ཀྱི་སྐུར་བཞེངས་ཏེ། །བསྟན་དང་འགྲོ་ལ་ཕན་བདེའི་དགེ་ལེགས་སྦྱིན། །མྱུར་དུ་འབྱོན་པར་སྙིང་ནས་གསོལ་འདེབས་ན། །བར་ཆད་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །ཇི་ལྟར་སྨོན་པའི་གནས་འདིར་འགྲུབ་པ་ཞིག །བླ་མ་རྒྱལ་བ་སྲས་བཅས་བདེན་པའི་མཐུས། གེགས་མེད་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའང་ཡེ་ན་བླ་གྲྭ་རྣམས་ཀྱིས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ། །།

Footnotes

Other Information