ཞིང་སྐྱོང་ལྷ་མོའི་གསོལ་མཆོདཿ

From Khyentse Lineage - A Tsadra Foundation Project
Wylie title zhing skyong lha mo'i gsol mchod
Location mdo mkhyen brtse bka' 'bum
Volume 7, Text 60, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
Colophon

ཁྲག་འཐུང་འཇའ་ལུས་རྡོ་རྗེས་སོ། དགེའོ།

khrag 'thung 'ja' lus rdo rjes so/_dge'o/

[edit]
༁ྃཿ ཞིང་སྐྱོང་ལྷ་མོའི་གསོལ་མཆོད་བཞུགསཿ བྷྱོཿ བྱང་ཤར་འཇིགས་པའི་དུར་ཁྲོད་ནསཿ ཁྲོས་མ་ནག་མོའི་ལས་མཁན་མཿ ཞིང་སྐྱོང་དུར་ཁྲོད་ལྷ་མོ་ནིཿ དམར་ནག་རབ་ཁྲོས་འཇིགས་པའི་གཟུགསཿ ལྕགས་ཀྱུ་མེ་ལོང་ཞགས་པ་འཛིནཿ དར་ནག་གོས་དང་སྙིང་ཕྲེང་བརྒྱནཿ མིང་སྲིང་བརྒྱད་ཀྱིས་འཁོར་གྱིས་བསྐོརཿ གར་བཞུགས་གནས་ནས་འདིར་གཤེགས་ལཿ རྟག་ཏུ་འབྲལ་བ་མེདཔར་བཞུགསཿ ནོར་སྲུང་རྒྱལ་མོ་འཁོར་བཅས་ལཿ གཏོར་མ་སྐྱེམས་ཕུད་ཟས་སྣ་ཚོགསཿ བཞེས་ལ་བདག་ཅག་སྒྲུབ་པ་པོརཿ ལུས་དང་གྲིབ་མའི་ཚུལ་དུ་འགྲོགསཿ དཀོར་ཆ་ལོངས་སྤྱོད་མེལ་ཚེ་གྱིསཿ རྒྱུ་ནོར་ཟས་གསུམ་སྤེལ་བ་དང་ཿ ཉིན་མཚན་དུས་དྲུག་མ་གཡེལ་བརཿ ནས་ཕུལ་རྩ་ཕྱག་རྗེས་གཅོད་མཿ ནོར་རྐུན་དགྲ་ཇག་གཅན་གཟན་སྲུངསཿ དགྲ་རྐུན་སྲོག་སྙིང་དམར་པོ་བཞེསཿ རྣལ་འབྱོར་ཕྲིན་ལས་ལྷུན་གྲུབ་མཛོདཿ ཁྲག་འཐུང་འཇའ་ལུས་རྡོ་རྗེས་སོ། དགེའོ།