རྒྱལ་ཆེན་སྡེ་བཞིའི་འཕྲིན་བཅོལཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-03-GA-048
Wylie title rgyal chen sde bzhi'i 'phrin bcol
Location mdo mkhyen brtse bka' 'bum
Volume 3, Text 48, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Exhortations to Act - phrin bcol
Colophon

ཞེས་ཕྲིན་ལས་བཅོལ་ལོཿ བསྲུང་འཁོར་བསྒོམསཿ

zhes phrin las bcol lo:_bsrung 'khor bsgoms:

[edit]
༄༅། །«དེ་ནས་རྒྱལ་ཆེན་གཏོར་མ་ཆབ་བྲན་ལཿ» རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ «ལན་གསུམ་གྱི་བྱིན་ཀྱིས་རླབས་ལཿ» ཧཱུྃཿ སྟོན་པའི་བཀའ་ཉན་འཇིག་རྟེན་འདུལཿ ཐུག་རྗེའི་སྟོབས་ཀྱིས་བགེགས་རིགས་འཇོམསཿ སྤྲུལ་སྐུ་རྒྱལ་ཆེན་སྡེ་བཞི་པོརཿ ཕྱི་མཚམས་བསྲུང་བའི་ཕྲིན་ལས་མཛོདཿ ཧཱུྃཿ ཆོས་སྐྱོང་རྒྱལ་པོ་ཡུལ་འཁོར་སྲུངཿ ཞི་བའི་ལས་མཛད་སྐུ་མདོག་དཀརཿ ཡང་དག་དོན་སྟོན་པི་ཝཾ་སྒྲོགསཿ ཤར་ཕྱོགས་གདོན་རྣམས་སྲུང་དུ་གསོལཿ ཧཱུྃཿ ཆོས་སྐྱོང་རྒྱལ་པོ་འཕགས་སྐྱེས་པོཿ རྒྱས་པའི་ལས་མཛད་སྐུ་མདོག་སེརཿ མཐའ་གཉིས་གཅོད་པའི་རལ་གྲི་འཛིནཿ ལྷོ་ཕྱོགས་གདོན་རྣམས་སྲུང་དུ་གསོལཿ ཧཱུྃཿ ཆོས་སྐྱོང་རྒྱལ་པོ་སྤྱན་མི་བཟངཿ དབང་གི་ལས་མཛད་སྐུ་མདོག་དམརཿ འཁོར་བ་གནས་འདྲེན་ཞགས་པ་བསྣམསཿ ནུབ་ཕྱོགས་གདོན་རྣམས་སྲུངཿ ཧཱུྃཿ ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲསཿ བྱ་བ་མཐར་ཕྱིན་སྐུ་མདོག་ལྗངཿ འཁོར་བ་འཇོམས་པའི་བེ་ཅོན་བསྣམསཿ བྱང་གི་གདོན་རྣམས་སྲུང་དུ་གསོལ༴ ཧཱུྃཿ སྤྲུལ་སྐུ་རྒྱལ་ཆེན་སྡེ་བཞི་པོཿ དོན་ལ་སངས་རྒྱས་ཡིན་མོད་ཀྱངཿ གསང་སྔགས་བརྟན་པ་བསྲུང་བའི་ཕྱིརཿ བར་ཆད་འདུལ་བར་མཛད་དུ་གསོལཿ «རྒྱལ་ཆེན་གཏོར་མ་འབུལ་བཤལ་ཆུ་བཏངཿ» ཨོཾ་ངྷྲི་ཏ་རཥྟ་ཡེ་སྭཱ་ཧཱཿ ཨོཾ་བེ་རུ་དྷ་ག་ཡེ་སྭཱ་ཧཱཿ ཨོཾ་བེ་རུ་བཀྵ་ཡེ༴ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱཿ ཨེ་དམ་བྷ་ལིཾ་ཏ་ཁཱ་ཧཱིཿ རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་ཁྱེད་རྣམས་འབུལ་བའི་མཆོད་གཏོར་འདི་བཞེས་ལཿ བདག་གི་སྒྲུབ་པ་ཆེན་པོ་འདི་ཉིད་མ་གྲོལ་གྱི་བར་དུཿ ཕྱི་ཡི་བར་ཆད་ནང་དུ་མི་གཏོང་ཞིངཿ ནང་གི་དངོས་གྲུབ་ཕྱིར་མ་འཁྱམས་པའི་ཕྲིན་ལས་མཛད་དུ་གསོལཿ« ཞེས་ཕྲིན་ལས་བཅོལ་ལོཿ བསྲུང་འཁོར་བསྒོམསཿ