བེར་ནག་ཅན་མངའ་གསོལ། ཧཱུྃ། བདེ་ཆེན་འགྱུར་མེད་སོགས།

From Khyentse Lineage - A Tsadra Foundation Project
DKR-KABUM-11-DA-004
Wylie title ber nag can mnga' gsol/ hUM/ bde chen 'gyur med sogs DKR-KABUM-11-DA-004.pdf
Location dil mgo mkhyen brtse bka' 'bum
Volume 11, Text 4, Pages 25 (Folios 1a1 to 1b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Ber nag can mnga' gsol hUM bde chen 'gyur med sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 25. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Deity ber nag can
Colophon

།ཅེས་པ་འདི་མཁྱེན་གཟིགས་ཟླ་བྲལ་ཨ་གྲོ་མཆོག་སྤྲུལ་ཀརྨ་སྒྲུབ་བརྒྱུད་ངེས་དོན་བསྟན་འཕེལ་ལམ་མཐུ་སྟོབས་རྣམ་རྒྱལ་ཐུགས་བཞེད་བཞིན་སྒྲུབ་བརྒྱུད་སྙིང་པོའི་བསྟན་ལ་དད་བའི་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་བསྟན་འགྲོའི་གོ་བཙན་རྒྱལ་ཞིང་བརྟན་པའི་རྒྱུ་ཁོ་ནར་གྱུར་ཅིག།

/ces pa 'di mkhyen gzigs zla bral a gro mchog sprul karma sgrub brgyud nges don bstan 'phel lam mthu stobs rnam rgyal thugs bzhed bzhin sgrub brgyud snying po'i bstan la dad ba'i mang+ga la shrI b+hU tis bris pa bstan 'gro'i go btsan rgyal zhing brtan pa'i rgyu kho nar gyur cig/

[edit]
ཧཱུྃ། བདེ་ཆེན་འགྱུར་མེད་རྡོ་རྗེ་བེར་ནག་ཅན། །སྟོང་ཉིད་དབྱིངས་ཡུམ་ལྷ་མོ་རང་བྱུང་མ། །གཉིས་མེད་སྒྱུ་འཕྲུལ་རྡོ་རྗེ་ལེགས་པ་རྩལ། །སྲིན་མགོན་ཞིང་སྐྱོང་ཚེ་རིང་མཆེད་ལྔ་སོགས། །སྒྲུབ་བརྒྱུད་སྙིང་པོའི་བསྟན་སྲུང་རྒྱ་མཚོའི་ཚོགས། །སྲིད་ཞིའི་དཔལ་གྱི་འབྱོར་བས་མངའ་གསོལ་ཏེ། །དབུ་འཕང་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྟོད། །སངས་རྒྱས་ཀུན་གྱི་ཕྲིན་ལས་བསྟན་སྲུང་ཚུལ། །ཕྱོགས་ལས་རྣམ་རྒྱལ་སྟོབས་བཅུའི་རུ་མཚོན་བསྒྲེངས། །མི་འཇིགས་བཞི་ལྡན་སེངྒེའི་ཁྲི་ལ་བཞུགས། །དབང་བཅུའི་ལྷ་ཞལ་སྟོན་ཟླ་ལྟར་དཀར་བས། །རྩོད་དུས་མུན་པའི་འཁྲུལ་འཁོར་འཇོམས་པ་དང༌། །ཕན་བདེའི་དགའ་སྟོན་དར་ཞིང་རྒྱས་པར་མཛོད། །ཡོངས་གྲུབ་རིག་པ་རང་བྱུང་རྡོ་རྗེ་སེམས། །ཉམས་ཆགས་ཉེས་པས་གཟོད་ནས་མ་གོས་པའི། །ངོ་མཚར་སྐྱ་རེངས་འཆར་ཀས་མདུན་བསུས་ཏེ། །བསྟན་འགྲོའི་བདེ་སྐྱིད་ཉིན་བྱེད་ལྟར་གསལ་མཛོད། །བླ་མ་ཡི་དམ་སྲོག་གི་དྭངས་མར་བཟུང༌། །བསྟན་འགྲོའི་དོན་དུ་སྙིང་སྟོབས་བརྩོན་ལྡན་ན། །ལུས་དང་གྲིབ་བཞིན་སྲུང་སྐྱོབས་མེལ་ཚེ་ཡིས། །ཇི་ལྟར་འདོད་དོན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པ་འདི་མཁྱེན་གཟིགས་ཟླ་བྲལ་ཨ་གྲོ་མཆོག་སྤྲུལ་ཀརྨ་སྒྲུབ་བརྒྱུད་ངེས་དོན་བསྟན་འཕེལ་ལམ་མཐུ་སྟོབས་རྣམ་རྒྱལ་ཐུགས་བཞེད་བཞིན་སྒྲུབ་བརྒྱུད་སྙིང་པོའི་བསྟན་ལ་དད་བའི་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་བསྟན་འགྲོའི་གོ་བཙན་རྒྱལ་ཞིང་བརྟན་པའི་རྒྱུ་ཁོ་ནར་གྱུར་ཅིག། །།

Footnotes

Other Information