ངེས་དོན་བླ་མའི་རྣལ་འབྱོར་ཡེ་ཤེས་ཐིག་ལེ།

From Khyentse Lineage - A Tsadra Foundation Project
Wylie title nges don bla ma'i rnal 'byor ye shes thig le DKR-KABUM-02-KHA-021.pdf
Location dil mgo mkhyen brtse bka' 'bum
Volume 2, Text 21, Pages 127 (Folios 1a1 to 1b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Nges don bla ma'i rnal 'byor ye shes thig le. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 127. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon

།སྙིང་གི་བུ་མཆོག་མཁྱེན་བརྩེ་ནོར་བུ་ཡིས། །སྙིང་པོ་བླ་མའི་རྣལ་འབྱོར་བྲིས་ཞེས་སུ། །གྱ་ནོམ་རྟེན་བཅས་བསྐུལ་བས་མངྒ་ལས། །བྲིས་ཏེ་ཕུལ་བས་རྟོགས་གྲོལ་དུས་མཉམ་ཤོག །སརྦ་མངྒ་ལཾ། དགེའོ།།

/snying gi bu mchog mkhyen brtse nor bu yis/__/snying po bla ma'i rnal 'byor bris zhes su/__/gya nom rten bcas bskul bas mang+ga las/__/bris te phul bas rtogs grol dus mnyam shog__/sarba mang+ga laM/__dge'o//

[edit]
༄༅། །ངེས་དོན་བླ་མའི་རྣལ་འབྱོར་ཡེ་ཤེས་ཐིག་ལེ་བཞུགས། ཀ་དག་ལྷུན་གྲུབ་ཟུང་འཇུག་རིག་པའི་གཤིས། །ངེས་དོན་བླ་མར་ཤེས་པས་སྐྱབས་སུ་མཆི། །མེད་སྣང་གློ་བུར་འཁྲུལ་པའི་ཡིད་ཅན་རྣམས། །རང་གྲོལ་ཅོག་བཞག་ཆེན་པོར་སེམས་བསྐྱེད་དོ། ཨ། ཕྱི་སྣོད་རྣམ་དག་དུར་ཁྲོད་མེ་རི་འབར། །ནང་བཅུད་གདན་གསུམ་ཞི་ཁྲོའི་དཀྱིལ་འཁོར་གྱིས། །རྒྱུད་ཀྱི་དུག་ལྔ་ཡེ་ཤེས་དག་པའི་གཟུགས། །རིགས་ཀུན་ཁྱབ་བདག་པདྨ་མདོ་སྔགས་གླིང༌། །གཞོན་ནུ་དཔའ་བོ་སྟོབས་ལྡན་ཁྲོ་བོའི་རྒྱལ། །སྣང་སྟོང་སྐུ་ནི་ཕྱག་རྒྱ་ཟིལ་གྱིས་གནོན། །གྲགས་སྟོང་གསུང་དབྱངས་དབང་ཆེན་རྟ་མགྲིན་རྒྱལ། །རིག་སྟོང་ཐུགས་མཆོག་ཡང་དག་ཧེ་རུ་ཀ །ལྷུན་རྫོགས་ཡོན་ཏན་ཆེ་མཆོག་བདུད་རྩི་འཁྱིལ། །རྩོལ་མེད་ཕྲིན་ལས་རྡོ་རྗེ་གཞོན་ནུ་ལས། །ཞི་ཁྲོ་རིགས་བརྒྱའི་ཆོ་འཕྲུལ་བསམ་མི་ཁྱབ། །གདོད་ནས་འདུ་འབྲལ་མེད་ལ་ཕྱག་འཚལ་ཞིང༌། །བདེ་ཆེན་མཉམ་པ་ཆེན་པོའི་མཆོད་པ་འབུལ། །ཀུན་བརྟགས་སྒྲིབ་གཉིས་ཡེ་ཤེས་ཀློང་དུ་བཤགས། །འོད་གསལ་རྒྱུན་མི་འཆད་ལ་རྗེས་ཡི་རང༌། །དུས་མེད་སྒྲ་ཚོགས་བྲལ་བའི་ཆོས་འཁོར་བསྐོར། །སྐྱེ་འཆི་མེད་པའི་རྡོ་རྗེའི་སྐུ་བཞུགས་གསོལ། །རེ་དོགས་བྲལ་བའི་འབྲས་བུ་མངོན་གྱུར་མཛོད། ཨ། སྲིད་ཞི་ཀུན་ཁྱབ་ཡེ་ཤེས་བླ་མ་ཡིས། །ཀུན་རྫོབ་མ་བརྟགས་ཉམས་དགའི་འཁོར་བ་འདིའི། །རྒྱུ་འབྲས་ལ་བརྟེན་ངེས་འབྱུང་བཙན་ཐབས་བསྐྱེད། །དུག་ལྔའི་འཁྲུལ་པ་ཡེ་ཤེས་དབྱིངས་སུ་བཤིག །ཐུན་མོང་ལམ་གྱི་ཡོན་ཏན་མཐར་ཕྱིན་མཛོད། །དོན་དམ་སྤྲོས་བྲལ་ལྟ་བས་བདག་འཛིན་ཞིག །གཞན་ཕན་སེམས་ཀྱིས་ཐེག་ཆེན་ལམ་རྫོགས་མཛོད། །བདེན་གཉིས་མཉམ་ཉིད་སྒོམ་པས་མཉམ་རྗེས་འདྲེས། །སྲིད་ཞི་ལས་འདས་མི་སློབ་དབྱིངས་སུ་སྐྱོལ། །སྣང་སྲིད་ཐམས་ཅད་བླ་མའི་དཀྱིལ་འཁོར་དུ། །ཡོངས་གྲུབ་ཆེན་པོའི་མོས་གུས་མཐར་ཕྱིན་པས། །གསོལ་བ་གདབ་པའི་ཡུལ་དང་ཡུལ་ཅན་བྲལ། །ཐུགས་ཡིད་གཅིག་ཏུ་འདྲེས་པས་བྱང་ཆུབ་ཤོག །སྙིང་གི་བུ་མཆོག་མཁྱེན་བརྩེ་ནོར་བུ་ཡིས། །སྙིང་པོ་བླ་མའི་རྣལ་འབྱོར་བྲིས་ཞེས་སུ། །གྱ་ནོམ་རྟེན་བཅས་བསྐུལ་བས་མངྒ་ལས། །བྲིས་ཏེ་ཕུལ་བས་རྟོགས་གྲོལ་དུས་མཉམ་ཤོག །སརྦ་མངྒ་ལཾ། དགེའོ།། །།
[edit]

@#/___/nges don bla ma'i rnal 'byor ye shes thig le bzhugs/___ka dag lhun grub zung 'jug rig pa'i gshis/__/nges don bla mar shes pas skyabs su mchi/__/med snang glo bur 'khrul pa'i yid can rnams/__/rang grol cog bzhag chen por sems bskyed do/___a/__phyi snod rnam dag dur khrod me ri 'bar/__/nang bcud gdan gsum zhi khro'i dkyil 'khor gyis/__/rgyud kyi dug lnga ye shes dag pa'i gzugs/__/rigs kun khyab bdag pad+ma mdo sngags gling*/__/gzhon nu dpa' bo stobs ldan khro bo'i rgyal/__/snang stong sku ni phyag rgya zil gyis gnon/__/grags stong gsung dbyangs dbang chen rta mgrin rgyal/__/rig stong thugs mchog yang dag he ru ka__/lhun rdzogs yon tan che mchog bdud rtsi 'khyil/__/rtsol med phrin las rdo rje gzhon nu las/__/zhi khro rigs brgya'i cho 'phrul bsam mi khyab/__/gdod nas 'du 'bral med la phyag 'tshal zhing*/__/bde chen mnyam pa chen po'i mchod pa 'bul/__/kun brtags sgrib gnyis ye shes klong du bshags/__/'od gsal rgyun mi 'chad la rjes yi rang*/__/dus med sgra tshogs bral ba'i chos 'khor bskor/__/skye 'chi med pa'i rdo rje'i sku bzhugs gsol/__/re dogs bral ba'i 'bras bu mngon gyur mdzod/___a/__srid zhi kun khyab ye shes bla ma yis/__/kun rdzob ma brtags nyams dga'i 'khor ba 'di'i/__/rgyu 'bras la brten nges 'byung btsan thabs bskyed/__/dug lnga'i 'khrul pa ye shes dbyings su bshig__/thun mong lam gyi yon tan mthar phyin mdzod/__/don dam spros bral lta bas bdag 'dzin zhig__/gzhan phan sems kyis theg chen lam rdzogs mdzod/__/bden gnyis mnyam nyid sgom pas mnyam rjes 'dres/__/srid zhi las 'das mi slob dbyings su skyol/__/snang srid thams cad bla ma'i dkyil 'khor du/__/yongs grub chen po'i mos gus mthar phyin pas/__/gsol ba gdab pa'i yul dang yul can bral/__/thugs yid gcig tu 'dres pas byang chub shog__/snying gi bu mchog mkhyen brtse nor bu yis/__/snying po bla ma'i rnal 'byor bris zhes su/__/gya nom rten bcas bskul bas mang+ga las/__/bris te phul bas rtogs grol dus mnyam shog__/sarba mang+ga laM/__dge'o//__//

Footnotes

Other Information