JKW-KABUM-01-KA-004-034

From Khyentse Lineage - A Tsadra Foundation Project
Revision as of 15:01, 12 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 4, sde tshan 33, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
སྐྱབས་གནས་རྒྱང་འབོད་ཀྱི་གསོལ་འདེབས་བྱིན་རླབས་མྱུར་སྩོལ། སྐྱབས་གནས་རྒྱང་འབོད་ཀྱི་གསོལ་འདེབས་བྱིན་རླབས་མྱུར་སྩོལ་ཅེས་བྱ་བ་བཞུགས་སོ། །བསླུ་མེད་སྐྱབས་ཀྱི་སྙིང་པོ་རིན་ཆེན་གསུམ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །འཇམ་དབྱངས་སྤྲུལ་པའི་རྣམ་རོལ་ས་སྐྱ་པ། །འཇིག་རྟེན་མགོན་པོ་ངོར་ཆེན་རྡོ་རྗེ་འཆང་། །གསང་འཛིན་མངའ་བདག་ ཚར་ཆེན་ཆོས་ཀྱི་རྗེ། །འཁོར་ལོའི་མགོན་པོ་ཐར་རྩེ་རྡོ་རྗེ་འཆང་། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་སོགས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་ཀུན། །སྙིང་ནས་འབོད་དོ་ཡེ་ཤེས་སྤྱན་གྱིས་གཟིགས། །བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན། །འདི་ཕྱིར་བར་དོའི་གནས་སྐབས་ཐམས་ཅད་དུ། །འབྲལ་མེད་ཐུགས་རྗེ་ཆེན་པོས་རྗེས་སུ་ཟུངས། །སྲིད་ལས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །སྨོན་འཇུག་བྱང་སེམས་འབྱོངས་པར་བྱིན༴ སྤྲོས་བྲལ་ལྟ་བ་རྟོགས་པར༴ དབང་བཞིས་རང་རྒྱུད་སྨིན་པར༴ དམ་ཚིག་སྡོམ་པ་དག་པར༴ འཁོར་འདས་དབྱེར་མེད་འཆར་བར༴ བསྐྱེད་རིམ་གསལ་སྣང་འགྲུབ་པར༴ རྫོགས་རིམ་ཡེ་ཤེས་སྐྱེ་བར༴ མྱུར་དུ་རྣམ་མཁྱེན་ཐོབ་པར་བྱིན་གྱིས་རློབས། །གནས་སྐབས་སུ་ཡང་དམ་ཆོས་སྒྲུབ་པའི་གེགས། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པ་ཡིས། །རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་དགེ་བའི་བཤེས་གཉེན་བྱམས་པ་བསྟན་འཛིན་གྱིས་བསྐུལ་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྨྲས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
[edit]

skyabs gnas rgyang 'bod kyi gsol 'debs byin rlabs myur stsol/_ skyabs gnas rgyang 'bod kyi gsol 'debs byin rlabs myur stsol ces bya ba bzhugs so/__/bslu med skyabs kyi snying po rin chen gsum/__/bla ma yi dam mkha' 'gro chos skyong dang /__/'jam dbyangs sprul pa'i rnam rol sa skya pa/__/'jig rten mgon po ngor chen rdo rje 'chang /__/gsang 'dzin mnga' bdag _tshar chen chos kyi rje/__/'khor lo'i mgon po thar rtse rdo rje 'chang /__/'jam dbyangs bla ma mkhyen brtse'i dbang po sogs/__/skyabs gnas dkon mchog rgya mtsho'i tshogs rnams kun/__/snying nas 'bod do ye shes spyan gyis gzigs/__/bdag dang mkha' mnyam sems can ma lus kun/__/'di phyir bar do'i gnas skabs thams cad du/__/'bral med thugs rje chen pos rjes su zungs/__/srid las nges 'byung skye bar byin gyis rlobs/__/smon 'jug byang sems 'byongs par byin=__spros bral lta ba rtogs par=__dbang bzhis rang rgyud smin par=__dam tshig sdom pa dag par=__'khor 'das dbyer med 'char bar=__bskyed rim gsal snang 'grub par=___rdzogs rim ye shes skye bar=__myur du rnam mkhyen thob par byin gyis rlobs/__/gnas skabs su yang dam chos sgrub pa'i gegs/__/phyi nang gsang ba'i 'gal rkyen kun zhi zhing /__/mthun rkyen ma lus phun sum tshogs pa yis/__/rang gzhan don gnyis 'grub pa'i bkra shis stsol/__/ces pa'ang dge ba'i bshes gnyen byams pa bstan 'dzin gyis bskul ngor 'jam dbyangs mkhyen brtse'i dbang pos smras pa don dang ldan par gyur cig__/sarba dA ka l+yA NaM b+ha ba tu//__//

Footnotes

Other Information