JKCL-KABUM-04-NGA-015

From Khyentse Lineage - A Tsadra Foundation Project
Revision as of 17:08, 6 December 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

གསང་བདག་ལྷ་ལུང་དཔལ་གྱི་རྡོ་རྗེའི་བླ་མའི་རྣལ་འབྱོར།
Wylie title gsang bdag lha lung dpal gyi rdo rje'i bla ma'i rnal 'byor JKCL-KABUM-04-NGA-015.pdf
Location chos kyi blo gros bka' 'bum
Volume 4, Text 15, Pages 81-84 (Folios 1a1 to 2b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gsang bdag lha lung dpal gyi rdo rje'i bla ma'i rnal 'byor. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 81-84. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་བསམ་འགྲུབ་དགོན་གྱི་མཆོག་སྤྲུལ་པདྨ་ཆོས་འཕེལ་ནས་ལྷ་རེག་དང་། ཧུ་ཛུས་ནང་གོས་ཀྱི་རྟེན་བཅས་བསྐུལ་ངོར། ཆོས་ཀྱི་བློ་གྲོས་པས་ལྷ་ལུང་ཆོས་གྲྭ་ཆེན་པོར་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།།

/ces pa'ang bsam 'grub dgon gyi mchog sprul pad+ma chos 'phel nas lha reg dang /__hu dzus nang gos kyi rten bcas bskul ngor/__chos kyi blo gros pas lha lung chos grwa chen por bris pa dge legs su gyur cig__/sarba mang+ga laM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
གསང་བདག་ལྷ་ལུང་དཔལ་གྱི་རྡོ་རྗེའི་བླ་མའི་རྣལ་འབྱོར་བཞུགས། ཨོཾ་སྭསྟི། གསང་བའི་བདག་པོ་མི་ཡི་གཟུགས། །མཐུ་སྟོབས་རྫུ་འཕྲུལ་ཐོགས་པ་མེད། །དཔལ་གྱི་རྡོ་རྗེ་ལ་བཏུད་ནས། །དེ་ཡི་རྣལ་འབྱོར་ཉུང་ངུར་སྤེལ། །དེ་ལ་དབང་ཐོབ་པའི་རྣལ་འབྱོར་དད་བརྩོན་ལྡན་པས་ཉམས་སུ་བླང་བ་ལ། བདེ་བའི་སྟན་ལ་འཁོད་ནས་ངེས་འབྱུང་བྱང་སེམས་ཀྱིས་རྒྱུད་སྦྱངས་ཏེ་སྐྱབས་ཡུལ་གསལ་བཏབ་ལ། ན་མོ། བདག་སོགས་སེམས་ཅན་ཐམས་ཅད་ཀུན། །བླ་མ་མཆོག་ལ་སྐྱབས་སུ་མཆི། །འགྲོ་རྣམས་བདེ་ལྡན་ལ་འགོད་ཕྱིར། །བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི། །ལན་གསུམ། དངོས་གཞི་རྟེན་བསྐྱེད་པ་ནི། ཨ། བདག་ཉིད་རྡོར་སེམས་གསལ་བ་ཡི། །མདུན་མཁར་པད་ཟླ་ཉི་མའི་སྟེང་། །སྟག་གི་པགས་པའི་གདན་སྟེང་དུ། །ངོ་བོ་རྩ་བའི་བླ་མ་ལ། །རྣམ་པ་དཔལ་གྱི་རྡོ་རྗེ་ནི། །དཀར་དམར་མདངས་ལྡན་ཁྲོ་ཉམས་ཅན། །ནང་དུ་འདུང་མ་དམར་པོ་དང་། །རབ་བྱུང་ཆས་ལྡན་པཎ་ཞྭ་གསོལ། །ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས། །ཕྱག་གཡས་རྡོ་རྗེ་མཁའ་ལ་གདེངས། །གཡོན་པས་ཕུར་པ་བགེགས་ལ་གཟིར། །སྐུ་ནི་འགྱིང་བག་བརྗིད་དང་ལྡན། །གསང་བའི་བདག་པོའི་སྐུར་གསལ་བའི། །གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན། །ཐུགས་ལས་འོད་འཕྲོས་ཡེ་ཤེས་པ། །སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཧཱུྃ། ལྕང་ལོ་ཅན་དང་ཨུ་རྒྱན་ཡུལ། །རང་བཞིན་སྤྲུལ་པའི་གནས་མཆོག་ནས། །གསང་བདག་དཔལ་གྱི་རྡོ་རྗེ་གཤེགས། །མོས་པའི་བུ་ལ་བྱིན་གྱིས་རློབས། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བྃ་ཧོཿ བསགས་སྦྱང་བྱ་བ་ནི། ཧོཿརབ་འབྱམས་ཞིང་རྡུལ་མཉམ་པའི་ལུས་སྤྲུལ་ཏེ། །སྒོ་གསུམ་གུས་པའི་ཕྱག་གིས་རབ་ཏུ་བཏུད། །ཀུན་བཟང་རྣམ་རོལ་མཆོད་པའི་སྤྲིན་ཆེན་པོ། །ནམ་མཁའ་ཁྱབ་པར་ཡོངས་སུ་སྤྲུལ་ཏེ་འབུལ། །བཅས་རང་ཉེས་པའི་ཚོགས་རྣམས་ཅི་མཆིས་པ། །གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས་པར་བགྱི། །འཕགས་དང་སོ་སོ་སྐྱེ་བོའི་ཚོགས་རྣམས་ཀྱི། །ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང་། །རིགས་ཅན་གསུམ་གྱི་གདུལ་བྱའི་ཚོགས་རྣམས་ལ། །རང་རང་བློ་དང་འཚམས་པའི་ཆོས་འཁོར་བསྐོར། །རྟག་འཛིན་བཟློག་ཕྱིར་མྱ་ངན་འདའ་བཞེད་ལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས། །འགྲོ་བའི་དོན་དུ་བྱང་ཆུབ་ཕྱིར་བསྔོའོ། །གསོལ་འདེབས་ནི། རྒྱལ་བ་ཀུན་གྱི་གསང་མཛོད་འཛིན་པའི་བདག །དཔལ་གྱི་འབྱུང་གནས་ལག་ན་རྡོ་རྗེ་ཅན། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །བྱང་ཆུབ་སྒྲུབ་པའི་བར་ཆད་དབྱིངས་སུ་སོལ། །བསམ་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། མཚན་སྔགས་བཟླ་བ་ནི། ཨོཾ་ཨཱཿགུ་རུ་ཤྲཱི་བཛྲ་སརྦ་སིདྡྷི་ཧཱུྃ། ཞེས་བཟླ། དབང་བླང་བ་ནི། སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་དབང་བཞི་བསྐུར་དུ་གསོལ། །བླ་མའི་གནས་གསུམ་ཡིག་འབྲུ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་པོ། །རིམ་དང་གཅིག་ཆར་འཕྲོས་པ་ཡིས། །སྒྲིབ་དག་དབང་དང་དངོས་གྲུབ་ཐོབ། །བླ་མ་འོད་ཞུ་རང་ལ་ཐིམ། །ཅེས་བརྗོད་ལ་མཉམ་པར་བཞག །ཐུན་ལས་ལྡང་བ་ན་དགེ་བསྔོ་བྱའོ། ༈། ཚོགས་མཆོད་འབུལ་བར་སྤྲོ་ན། དམ་རྫས་ཅི་འབྱོར་བཤམས་ལ། བཟླས་པའི་རྗེས། ཨོཾ་ཨཱཿཧཱུྃ་གིས་ཚོགས་གཏོར་རྣམས། །མི་ཟད་ནམ་མཁའ་མཛོད་དུ་གྱུར། །བླ་མ་སྐུ་གསུམ་ལྷ་ཚོགས་ལ། །ཟག་མེད་བདུད་རྩིའི་མཆོད་པ་འབུལ། །ཉམས་ཆགས་ཐམས་ཅད་བཤགས་པར་བགྱི། །བདུད་བགེགས་རིག་པའི་མཚོན་གྱིས་བསྒྲལ། །ཡེ་ཤེས་འབར་བའི་ཞལ་དུ་སྟོབས། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཡིག་བརྒྱ་བརྗོད། ཚོགས་ལ་རོལ། ལྷག་སྡུད་ཕོ་ཉའི་ཚོགས་རྣམས་ཀུན། །ལྷག་གཏོར་བཞེས་ལ་ཕྲིན་ལས་སྒྲུབས། །ཨུཥྩི་ཊ་བ་ལིཾ་ཏ་ཁཱ་ཧི། །རིག་འཛིན་བླ་མའི་ལྷ་ཚོགས་ལ། །ཚོགས་མཆོད་ཕུལ་བའི་བསོད་ནམས་ཀྱིས། །མི་ཟད་གཏེར་ལ་ལོངས་སྤྱོད་ནས། །ཡེ་ཤེས་སྣང་བ་རྒྱས་པར་ཤོག །ཅེས་སྨོན་ལམ་གདབ། དབང་བླང་སོགས་གོང་ལྟར་བྱའོ། །ཅེས་པའང་བསམ་འགྲུབ་དགོན་གྱི་མཆོག་སྤྲུལ་པདྨ་ཆོས་འཕེལ་ནས་ལྷ་རེག་དང་། ཧུ་ཛུས་ནང་གོས་ཀྱི་རྟེན་བཅས་བསྐུལ་ངོར། ཆོས་ཀྱི་བློ་གྲོས་པས་ལྷ་ལུང་ཆོས་གྲྭ་ཆེན་པོར་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།
[edit]

gsang bdag lha lung dpal gyi rdo rje'i bla ma'i rnal 'byor bzhugs/__oM swasti/__gsang ba'i bdag po mi yi gzugs/__/mthu stobs rdzu 'phrul thogs pa med/__/dpal gyi rdo rje la btud nas/__/de yi rnal 'byor nyung ngur spel/__/de la dbang thob pa'i rnal 'byor dad brtson ldan pas nyams su blang ba la/__bde ba'i stan la 'khod nas nges 'byung byang sems kyis rgyud sbyangs te skyabs yul gsal btab la/__na mo/__bdag sogs sems can thams cad kun/__/bla ma mchog la skyabs su mchi/__/'gro rnams bde ldan la 'god phyir/__/byang chub sems mchog bskyed par bgyi/__/lan gsum/__dngos gzhi rten bskyed pa ni/__a/__bdag nyid rdor sems gsal ba yi/__/mdun mkhar pad zla nyi ma'i steng /__/stag gi pags pa'i gdan steng du/__/ngo bo rtsa ba'i bla ma la/__/rnam pa dpal gyi rdo rje ni/__/dkar dmar mdangs ldan khro nyams can/__/nang du 'dung ma dmar po dang /__/rab byung chas ldan paN zhwa gsol/__/zhabs gnyis rol pa'i stabs kyis bzhugs/__/phyag g.yas rdo rje mkha' la gdengs/__/g.yon pas phur pa bgegs la gzir/__/sku ni 'gying bag brjid dang ldan/__/gsang ba'i bdag po'i skur gsal ba'i/__/gnas gsum rdo rje gsum gyis mtshan/__/thugs las 'od 'phros ye shes pa/__/spyan drangs gnyis su med par gyur/__/hU~M/__lcang lo can dang u rgyan yul/__/rang bzhin sprul pa'i gnas mchog nas/__/gsang bdag dpal gyi rdo rje gshegs/__/mos pa'i bu la byin gyis rlobs/__/bgegs dang log 'dren bar chad sol/__/mchog thun dngos grub stsal du gsol/__/oM shrI badz+ra he ru ka badz+ra sa ma ya dzaHdzaHhU~M ba~M hoHbsags sbyang bya ba ni/__hoHrab 'byams zhing rdul mnyam pa'i lus sprul te/__/sgo gsum gus pa'i phyag gis rab tu btud/__/kun bzang rnam rol mchod pa'i sprin chen po/__/nam mkha' khyab par yongs su sprul te 'bul/__/bcas rang nyes pa'i tshogs rnams ci mchis pa/__/gnong 'gyod drag pos mthol zhing bshags par bgyi/__/'phags dang so so skye bo'i tshogs rnams kyi/__/zag bcas zag med dge la rjes yi rang /__/rigs can gsum gyi gdul bya'i tshogs rnams la/__/rang rang blo dang 'tshams pa'i chos 'khor bskor/__/rtag 'dzin bzlog phyir mya ngan 'da' bzhed la/__/mya ngan mi 'da' bzhugs par gsol ba 'debs/__/bdag gis dus gsum bsags pa'i dge ba rnams/__/'gro ba'i don du byang chub phyir bsngo'o/__/gsol 'debs ni/__rgyal ba kun gyi gsang mdzod 'dzin pa'i bdag__/dpal gyi 'byung gnas lag na rdo rje can/__/mi phyed rtse gcig gus pas gsol ba 'debs/__/byang chub sgrub pa'i bar chad dbyings su sol/__/bsam don lhun gyis 'grub par byin gyis rlobs/__mtshan sngags bzla ba ni/__oM AHgu ru shrI badz+ra sarba sid+d+hi hU~M/__zhes bzla/__dbang blang ba ni/__sangs rgyas kun dngos dpal ldan bla ma la/__/gsol ba 'debs so dbang bzhi bskur du gsol/__/bla ma'i gnas gsum yig 'bru las/__/'od zer dkar dmar mthing gsum po/__/rim dang gcig char 'phros pa yis/__/sgrib dag dbang dang dngos grub thob/__/bla ma 'od zhu rang la thim/__/ces brjod la mnyam par bzhag__/thun las ldang ba na dge bsngo bya'o/__!/__tshogs mchod 'bul bar spro na/__dam rdzas ci 'byor bshams la/__bzlas pa'i rjes/__oM AHhU~M gis tshogs gtor rnams/__/mi zad nam mkha' mdzod du gyur/__/bla ma sku gsum lha tshogs la/__/zag med bdud rtsi'i mchod pa 'bul/__/nyams chags thams cad bshags par bgyi/__/bdud bgegs rig pa'i mtshon gyis bsgral/__/ye shes 'bar ba'i zhal du stobs/__/ga Na tsakra pU dza khA hi/__yig brgya brjod/__tshogs la rol/__lhag sdud pho nya'i tshogs rnams kun/__/lhag gtor bzhes la phrin las sgrubs/__/uSh+tsi Ta ba liM ta khA hi/__/rig 'dzin bla ma'i lha tshogs la/__/tshogs mchod phul ba'i bsod nams kyis/__/mi zad gter la longs spyod nas/__/ye shes snang ba rgyas par shog__/ces smon lam gdab/__dbang blang sogs gong ltar bya'o/__/ces pa'ang bsam 'grub dgon gyi mchog sprul pad+ma chos 'phel nas lha reg dang /__hu dzus nang gos kyi rten bcas bskul ngor/__chos kyi blo gros pas lha lung chos grwa chen por bris pa dge legs su gyur cig__/sarba mang+ga laM//____//

Footnotes

Other Information