JKW-KABUM-21-ZHA-003-010

From Khyentse Lineage - A Tsadra Foundation Project
Revision as of 13:48, 23 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 3, sde tshan 10, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
འབྲུམ་པའི་ནད་ཞི་བར་བྱེད་པ་སྣ་ཚོགས་ཡུམ་གྱི་སྔགས་བཟླ་ཐབས། ༄༅། །འབྲུམ་པའི་ནད་ཞི་བར་བྱེད་པ་སྣ་ཚོགས་ཡུམ་གྱི་སྔགས་བཟླ་ཐབས་བཞུགས། །སངས་རྒྱས་ཆོས་ཚོགས་སོགས་དང་། སངས་རྒྱས་ཐམས་ཅད་སྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིགས་པ་སྤངས། །ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །ཨོཾ་ཕྲཾ་བི་ཤྭ་མ་ཏཱཿབཛྲ་ཀཱཎྜ་ཀ་ན་ནཱ་ཤ་ཡ་ནཱ་ཤ་ཡ་མ་མ་ཤཱནྟཱིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྟོང་ཕྲག་སོགས་བཟླས་མཐར། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་ནད་དང་རིམས་དང་། ཁྱད་པར་དུ་རྡོ་རྗེ་ཚེར་མ་ལ་སོགས་པས་མི་ཚུགས་པར་བྱིན་གྱིས་བརླབ་ཏུ་གསོལ། བསོད་ནམས་འདི་ཡིས་རྣམ་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ནི་བླ་མེད་བྱང་ཆུབ་ཐོབ་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་བར་ཤོག །འགྲོ་བའི་ནད་རྣམས་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་འགྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །སོགས་བརྗོད། ཅེས་པའང་མཉྫུ་གྷོ་ཥས་སོ།། ། ༈ །
[edit]

'brum pa'i nad zhi bar byed pa sna tshogs yum gyi sngags bzla thabs/ @#/_/'brum pa'i nad zhi bar byed pa sna tshogs yum gyi sngags bzla thabs bzhugs/__/sangs rgyas chos tshogs sogs dang /__sangs rgyas thams cad skyed mdzad ma/__/skye ba dang ni 'jigs pa spangs/__/kun tu bzang po'i spyod pa can/__/sna tshogs yum de la phyag 'tshal/__/oM phraM bi shwa ma tAHbadz+ra kAN+Da ka na nA sha ya nA sha ya ma ma shAn+tIM ku ru ku ru swA hA/__stong phrag sogs bzlas mthar/__bcom ldan 'das mas bdag dang sems can thams cad la nad dang rims dang /__khyad par du rdo rje tsher ma la sogs pas mi tshugs par byin gyis brlab tu gsol/__bsod nams 'di yis rnam gsum srid pa la gnas sems can rnams ni bla med byang chub thob par shog__/sems can nad pa ji snyed pa/__/myur du nad las thar bar shog__/'gro ba'i nad rnams ma lus pa/__/rtag tu 'byung ba med par shog__/sman rnams mthu dang ldan pa dang /__/gsang sngags bzlas brjod 'grub par shog__/mkha' 'gro srin po la sogs pa/__/snying rje'i sems dang ldan gyur cig__/bgegs rigs stong phrag brgyad cu zhi ba dang /__/sogs brjod/__ces pa'ang many+dzu g+ho Shas so//___/___!_/

Footnotes

Other Information