JKW-KABUM-21-ZHA-002-038

From Khyentse Lineage - A Tsadra Foundation Project
Revision as of 13:47, 23 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 2, sde tshan 38, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
སེང་ཁྲིའི་དབུས་སུ་གཏེར་བུམ་འཇོག་ཚུལ་གོ་རིམ། སྭསྟི། སེང་ཁྲིའི་དབུས་སུ་ཛམ་དཀར་འབྲུག་ཞོན་ལྷ་ལྔའི་གའུ། ༡༽ དེའི་གཡས་སུ་མགོན་དཀར་གཏེར་བུམ་དམར་པོ་ཤིང་འབྲས་ཀྱི་དབྱིབས་མདུན་རྟགས་ལྕགས་ཀྱུ་དང་ནོར་སྐྱུགས་ཅན། ༢༽ གཡོན་དུ་གྲྭ་པའི་ཛྃ་དམར་གྱི་གཏེར་བུམ་དམར་པོ་མདུན་རྟགས་ནོར་བུ་དང་ལྕགས་ཀྱུ་ཡོད་པ་འདིའི་སྟེང་དུ་ཐོད་པ་བཞག ༣༽ །མཐའ་སྐོར་ཤར་དུ་ཁ་ཆེ་པཎ་ཆེན་ལུགས་ཀྱི་ཛྃ་ནག་གི་གཏེར་བུམ་མཐིང་ག་ཐོད་ཁྲག་དང་། ནོར་སྐྱུགས་ཀྱིས་མཚན་པ། ༤༽ དེའི་སྟེང་དུ་ཛྃ་དཀར་གཏེར་བུམ་དངུལ་ཤོག་རྩི་ཅན། ༥༽ གཡས་སུ་ཛྃ་སེར་གྱི་གཏེར་བུམ་སེར་པོ་བཱི་ཛ་པཱུ་ར་ཀ་དང་། ནོར་སྐྱུགས་ཀྱིས་མཚན་པ། ༦༽ གཡོན་དུ་དུས་འཁོར་ལུགས་ཀྱི་ཛམྦྷ་ལ་ལྗང་གུའི་གཏེར་བུམ་ལྗང་སེར་བཱི་ཛ་པཱུ་ར་ཀ་དང་། ནོར་སྐྱུགས་ཀྱིས་མཚན་པ། ༧༽ ལྷོར་ནོར་རྒྱུན་མ་དང་ཛམྦྷ་ལ་དགུའི་གཏེར་བུམ་སེར་པོ་བཱི་ཛ་པུ་ར་ཀ་དང་ནོར་སྐྱུགས་ཀྱིས་མཚན་པ། ༨༽ ནུབ་ཏུ་སེངྒེ་སྒྲའི་སྒོ་ནས་བསྒྲུབས་པའི་ཀླུ་བུམ་དཀར་པོ་ནཱཾ་གྱིས་མཚན་པ། ༩༽ དེའི་གཡས་སུ་ཕུར་པ་ཡང་གསང་བླ་མེད་ཀྱི་ས་དཔྱད་ལས་བྱུང་བའི་ཀླུ་ནོར་རྒྱས་ཀྱི་རྟེན་དང་། ནཱ་ག་སྤྱི་བཅོས་ཀྱི་བཅའ་གཞི་ཟུང་འབྲེལ་གྱི་གཏེར་བུམ་དཀར་པོ་ནཱྃ་གྱིས་མཚན་པ། ༡༠༽ གཡོན་དུ་སྟག་ཤམ་སེང་གདོང་ལས་ཚོགས་བརྟན་མའི་གཏེར་བུམ་དང་། རི་དབང་སྤྱི་བཅོས་ཟུང་འབྲེལ་སེར་པོ་པཱུྃ་གྱིས་མཚན་པའི་བུམ་པ་ཅན་གཉིས་ཀ་དགའ་འཁྱིལ་གྱི་རི་མོ་བཀྲ་བ། ༡༡༽ བྱང་དུ་རྣམ་སྲས་སེར་ཆེན་གཏེར་བུམ་རྒྱལ་མཚན་དང་། ནེའུ་ལེས་མཚན་པ། ༡༢༽ ཤར་ལྷོར་ས་སྙིང་བུམ་གཏེར་དཀར་པོ་བུམ་པ་མདུན་དུ་ཀྵིཾ་ཡོད་པའི་རྟགས་བརྒྱད་ཀྱིས་མཚན་པ། ༡༣༽ ལྷོ་ནུབ་ཏུ་རྒྱུད་སྡེ་སྤྱིའི་ལུགས་ཀྱི་བརྟན་མའི་བུམ་གཏེར་སེར་པོ་བུམ་པ་སོགས་རྟགས་བརྒྱད་ཀྱིས་མཚན་པ་མདུན་རྟགས་བྃ་ཡོད་པ། ༡༤༽ བྱང་ཤར་དུ་དཔལ་ཆེན་མོའི་བུམ་པ་སེར་པོ་འབྲས་སྙེ་ནེའུ་ལེས་མཚན་པ། ༡༥༽ ནུབ་བྱང་དུ་ཚོགས་བདག་གི་གཏེར་བུམ་དམར་པོ་ནོར་བུ་དང་གྃ་གིས་མཚན་པ་བཅས་སོ། ༡༦༽ མངྒ་ལཾ། ། ༈
[edit]

seng khri'i dbus su gter bum 'jog tshul go rim/ swasti/__seng khri'i dbus su dzam dkar 'brug zhon lha lnga'i ga'u/__1)_de'i g.yas su mgon dkar gter bum dmar po shing 'bras kyi dbyibs mdun rtags lcags kyu dang nor skyugs can/__2)_g.yon du grwa pa'i dza~M dmar gyi gter bum dmar po mdun rtags nor bu dang lcags kyu yod pa 'di'i steng du thod pa bzhag__3)_/mtha' skor shar du kha che paN chen lugs kyi dza~M nag gi gter bum mthing ga thod khrag dang /__nor skyugs kyis mtshan pa/__4)_de'i steng du dza~M dkar gter bum dngul shog rtsi can/__5)_g.yas su dza~M ser gyi gter bum ser po bI dza pU ra ka dang /__nor skyugs kyis mtshan pa/__6)_g.yon du dus 'khor lugs kyi dzam+b+ha la ljang gu'i gter bum ljang ser bI dza pU ra ka dang /__nor skyugs kyis mtshan pa/__7)_lhor nor rgyun ma dang dzam+b+ha la dgu'i gter bum ser po bI dza pu ra ka dang nor skyugs kyis mtshan pa/__8)_nub tu seng+ge sgra'i sgo nas bsgrubs pa'i klu bum dkar po nAM gyis mtshan pa/__9)_de'i g.yas su phur pa yang gsang bla med kyi sa dpyad las byung ba'i klu nor rgyas kyi rten dang /__nA ga spyi bcos kyi bca' gzhi zung 'brel gyi gter bum dkar po nA~M gyis mtshan pa/__10)_g.yon du stag sham seng gdong las tshogs brtan ma'i gter bum dang /__ri dbang spyi bcos zung 'brel ser po pU~M gyis mtshan pa'i bum pa can gnyis ka dga' 'khyil gyi ri mo bkra ba/__11)_byang du rnam sras ser chen gter bum rgyal mtshan dang /__ne'u les mtshan pa/__12)_shar lhor sa snying bum gter dkar po bum pa mdun du k+ShiM yod pa'i rtags brgyad kyis mtshan pa/__13)_lho nub tu rgyud sde spyi'i lugs kyi brtan ma'i bum gter ser po bum pa sogs rtags brgyad kyis mtshan pa mdun rtags ba~M yod pa/__14)_byang shar du dpal chen mo'i bum pa ser po 'bras snye ne'u les mtshan pa/__15)_nub byang du tshogs bdag gi gter bum dmar po nor bu dang ga~M gis mtshan pa bcas so/__16)_mang+ga laM/___/___!_

Footnotes

Other Information