JKW-KABUM-21-ZHA-002-043

From Khyentse Lineage - A Tsadra Foundation Project
Revision as of 13:46, 23 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 2, sde tshan 43, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་སྲོག་ཤིང་བརྟན་པའི་འཁོར་ལོ་བྲི་ཚུལ། ༄༅། །ཨོཾ་སྭསྟི། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་སྲོག་ཤིང་བརྟན་པའི་འཁོར་ལོ་བྲི་ཚུལ། བྲི་གཞི་ཁྲུ་གང་གསུངས་པ་ཕྱར་ཁྲུ་གང་ལས་མི་ཆུང་བ་ལ་སྔགས་ཤོང་ན་དང་། དེ་མིན་ཆེ་ནའང་འགལ་བ་མེད་པས་སྐབས་བསྟུན། གང་ལྟར་ཡང་ལྟེ་བ་དང་བཅས་པའི་མུ་ཁྱུད་བཅུ་གསུམ་བར་དབུས་སུ་ལྔ་གླིང་ཞེས་ལྟེ་བ་ཟླུམ་པོར་བསྐོར་བའི་དབུས་སུ་ཟླུམ་པོ་ལ། མཚམས་བཞིར་ཐིག་གིས་བཅད་པའི་དབུས་སུ། ཧཱུྃ་བཛྲ་དྷྲིཀ །མཱུྃ་དྷཱ་ཏྭཱི་ཤྭ་རི། ཤར་དུ། ཨོཾ་ཛི་ན་ཛི་ཀ །ལཱྃ་དེ་ཥ་ར་ཏཱི། ལྷོར། སྭཱ་རཏྣ་དྷྲྀཀ྄ མཱྃ་མོ་ཧ་ར་ཏཱི། ནུབ་ཏུ། ཨཱོཾ་ཨ་རོ་ལིཀ྄ །པཱྃ་རཱ་ག་རཱ་ཏཱི། བྱང་དུ། ཧཱ་པྲ་ཛྙཱ་དྷྲིཀ྄ །ཏཱྃ་བཛྲ་རཱ་ཏཱི། དེའི་གོང་རས་ཀྱི་མུ་ཁྱུད་ཆུང་ངུ་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བཀྲ་ཤིས་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་དང་། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་རཀྵ་རཀྵཿ མུ་ཁྱུད་དང་པོ་ལ། ཕྱོགས་མཚམས་བརྒྱད་དུ་རྡོ་རྗེ་རྩེ་ལྔ་པ་ཆུར་རྒྱུགས་ཀྱི་ལྟེ་བར་ཧཱུྃ། མུ་ཁྱུད་གཉིས་པ་ལ། འཁོར་ལོ་རྩིབས་བརྒྱད། རྩིབས་རེ་རེ་བཞིན་ཕྲེང་བྲིས་ཀྱིས། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དེའི་གོང་རས་མུ་ཁྱུད་ཆུང་ངུ་ལ་རྟ་མགྲིན་གྱི་ཟིལ་གནོན་ཁྲོ་ཆེན་བརྒྱད་ཡབ་ཡུམ་གྱི་སྔགས། ཨོཾ་པདྨ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་གུ་ཧྱ་ཀྲོདྷཱི་ཧཱུྃ། ཨོཾ་པདྨ་ཀྲོ་དྷ་ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་ཛྙཱ་ན་ཀྲོ་དྷཱི་ཧཱུྃ། ཨོཾ་པདྨ་ཀྲོ་དྷ་པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་རཱ་ག་ཀྲོ་དྷཱི་ཧཱུྃ། ཨོཾ་པདྨ་ཀྲོ་དྷ་བྷཱིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་ཙིཏྟ་ཀྲོ་དྷཱི་ཧཱུྃ། ཨོཾ་པདྨ་ཀྲོ་དྷ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་ཧཱུྃ། ཨོཾ་པདྨ་ཀྲོ་དྷཱ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཨོཾ་ཡ་མ་ཀྲོ་དྷཱི་ཧཱུྃ། ཨོཾ་པདྨ་ཀྲོ་དྷཱ་གརྫ་གརྫ་ཧཱུྃ་ཕཊ། ཨོཾ་ནཱ་ག་ཀྲོ་དྷཱི་ཧཱུྃ། ཨོཾ་པདྨ་ཀྲོ་དྷ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཨོཾ་ཡཀྨོ་ཀྲོ་དྷཱི་ཧཱུྃ། མུ་ཁྱུད་གསུམ་པ་ལ། རྟེན་འབྲེལ་སྙིང་པོ་དང་། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱིས་བཀྲ་ཤིས་བའི་གཙུག་ལག་ཁང་སོགས་གོང་ལྟར། མུ་ཁྱུད་བཞི་པ་ལ། རིན་ཆེན་ཟུར་བརྒྱད། རེ་རེ་བཞིན་ཕྲེང་བྲིས་ཀྱིས། ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་ཚར་རེ་རེའམ། ཚར་གསུམ་རེ་བཀོད་ཀྱང་རུང་། དེའི་གོང་རས་ཆེ་བར་བསྐོར་བ་ལ། ཏདྱ་ཐཱ། སྡེ་སྤར་བཀའ་འདུས་རྒྱུད་ལྡེབ། ཨོཾ་ཛ་ཡ་ཛ་ཡ་སོགས། རྒྱལ་མཚན་རྩེ་མོའི་གཟུངས་ཚང་བ། མུ་ཁྱུད་ལྔ་པ་ལ། དབྱངས་གསལ་ཚར་དུ་ཤོང་། མུ་ཁྱུད་དྲུག་པ་ལ། བྱང་ཆུབ་རྒྱན་འབུམ་གཟུངས་རིང་ངམ་གཟུངས་ཐུང་། ཨོཾ་སརྦ་ཏ་ཐཱ་ག་ཏ་བྱཱ་བ་ལོ་ཀི་ཏེ་སྭཱ་ཧཱ། ༤༨༽ ཛ་ཡ་ཛ་ཡ་སྭཱ་ཧཱ། ཨོཾ་ཧུ་རུ་ཧུ་རུ་ཛ་ཡ་མུ་ཁེ་སྭཱ་ཧཱ། མུ་ཁྱུད་བདུན་པ་པད་འདབ་བཅུ་དྲུག །རེ་རེའི་ནང་དུ་དབྱངས་གསལ་ཚར་རེ། མུ་ཁྱུད་བརྒྱད་པ་ལ་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པའི་གཟུངས་བཀའ་འདུས་མདོ་ལྡེབ། བི་ས་ར་ཏ་སོགས་ནས། ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །ཅེས་པའི་བར་གཟུངས་དང་བཀྲ་ཤིས་ཚིགས་བཅད་ཚང་བའམ། དེ་ཙམ་མི་ཤོང་ན་གཟུངས་ཀྱི་མཐར། བྱང་ཆུབ་སྙིང་པོ་སོགས་ཤློ་ཀ་བཞི་ཙམ་དང་། ༡༡༧༽ གཙུག་ཏོར་དྲི་མེད་ཀྱི་གཟུངས་ཐུང་། ཨོཾ་ན་མ་སྟྲཻ་ཡ་དྷཱི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨཱ་ཡུཿསཾ་ཤོ་དྷ་ཡ་མ་མ་སརྦ་པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟོཥྞཱིཥ་བི་མ་ལེ་བི་ཤུདྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨྃ་བྃ་སྃ་ཛྃ་སྭཱ་ཧཱ། པདྨ་གཙུག་ཏོར་གྱི་སྔགས། ཨོཾ་པདྨོ་ཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ། མུ་ཁྱུད་དགུ་པ་ལ། རྣམ་འཇོམས་གཟུངས་དང་། ཨོཾ་ཝཱ་གཱི་ཤྭ་རི་མཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པ་ཎི་ཧཱུྃ། མུ་ཁྱུད་བཅུ་པ་ལ། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ། ཨོཾ་ན་མ་སྟྲཻ་ཡ་དྷཱི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བསྟི་དྷརྨ་ཏ་བ་ལཱི་ནཱཾ། ཨོཾ་ཨ་ས་མ་ས་མནྟ་ཏོ་ཨ་ནནྟ། བཱསྟི་ཤཱ་ས་ནི་ཧ་ར་ཧ་ར་སྨ་ར་སྨ་ར་ཎ་བི་ག་ཏ་རཱ་ག །བུདྡྷ་དྷརྨ་ཏེ་ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ནེ་ཛྭ་ལ་ཛྭ་ལ་ས་ག་རེ་སྭཱ་ཧཱ། ཞེས་དང་། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་དང་། སྨན་བླའི་གཟུངས། གསང་བ་རིང་བསྲེལ་གྱི་གཟུངས་ཐུང་། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞི་ཥ་དྷཱ་ཏུ་མུ་དྲཱ་ཎི། སརྦ་ཏ་ཐཱ་ག་ཏ་དྷརྨ་དྷཱ་ཏུ་བི་བྷཱུ་ཥི་ཏེ་ཨ་དྷིཥྛི་ཏེ་ཧུ་རུ་ཧུ་རུ་ཧཱུྃ་ཧཱུྃ་སྭཱ་ཧཱ། རིགས་ཀྱི་བདག་པོ་འཇམ་དཔལ་དབྱངས་ཀྱི་སྙིང་པོ། ཨོཾ་བཱ་ཀྱེ་དཾ་ན་མ༔ ཨོཾ་ཨཱ་ར་པ་ཙ་ན་དྷཱིཿ སྤྲོ་ན་ཤེས་རབ་བློ་འཕེལ་གྱི་གཟུངས་བཅས། པདྨའི་རིགས་ཀྱི་གཙོ་བོ་ཚེ་གཟུངས། རིགས་ཀྱི་བདག་པོ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་གཟུངས། སྤྲོ་ན་དོན་ཞགས་གཟུངས་ཐུང་དང་། འཁོར་བ་དོངས་སྤྲུགས་གཟུངས། རྡོ་རྗེའི་རིགས་ཀྱི་བདག་པོ་མི་འཁྲུགས་པའི་གཟུངས། རིགས་ཀྱི་གཙོ་བོ་ཕྱག་རྡོར་གོས་སྔོན་ཅན་གྱི་གཟུངས། ཏདྱ་ཐཱ། བྷོ་བྷོ་བཀའ་འདུས་རྒྱུད་ལྡེབ། སོགས། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་སྔགས། ན་མཿས་མནྟ་བུདྡྷ་ནཱཾ། ཨ་ས་མ་བ་ཏ་དྷརྨ་དྷཱ་ཏུ་ཀཱཪྻ་ག་ཏི་ག་ཏཱ་ན། སརྦ་ཐཱ་ཨོཾ་ཁཾ་ཨཾ་ཨ༔ སཾ་ས་ཧཾ་ཧ་རཾ་ར་བཾ་བ་ཧཾ་ཧ་སྭཱ་ཧཱ། རྣལ་འབྱོར་རྒྱུད་རྡོ་རྗེ་དབྱིངས་ཀྱི་སྔགས། ༡༥༤༽ ཨོཾ་བཛྲ་ས་ཏྭ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་ར་ཧཱུྃ། ཞེས་པ་ཙམ་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ་སོགས་རྩ་རིག །བླ་མེད་ཕ་རྒྱུད་གསང་འདུས་ཀྱི་རིགས་ལྔ་ཡབ་ཡུམ་གྱི་སྙིང་པོ་གོང་དུ་སོང་བས། ཨོཾ་ཨཱཿཧཱུྃ། ཚར་གྲངས་གང་རིགས། ཕ་རྒྱུད་བདེ་མཆོག་གི། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་སམྤ་རཾ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧཾ་ཧཱུྃ་ཕཊ། ཀྱེ་རྡོ་རྗེའི་སྔགས། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དུས་ཀྱི་འཁོར་ལོའི་སྔགས། ཨོཾ་ཨཱཿཧཱུྃ་ཧོཿ a མདོ་དང་སྒྱུ་འཕྲུལ་གཉིས་ཀའི་སྙིང་པོ་བསྡུས་པ། ཨོཾ་ཨཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བཀའ་བརྒྱད་སྤྱི་བྱེ་བྲག་གི་སྔགས་གང་རིགས། ཡི་གེ་བརྒྱ་པ་རྫོགས་ཆེན་སྙིང་ཏིག་གི་བཏགས་གྲོལ་ལས་འབྱུང་བའི་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་དང་། ཞེན་ཟློག་ཉེར་ལྔ་ཚང་བའམ། དེ་ཙམ་མི་ནུས་ན། ཨོཾ་བཛྲ་ས་ཏྭ་ཨཱཿ འཿཨཿཤཿསཿམཿཧཿ མ་མ་ཀོ་ལིང་ས་མནྟ། ཞེས་པ་ཙམ་བྲི། མུ་ཁྱུད་བཅུ་གཅིག་པ་ལ། ༡གཙུག་ཏོར་གདུགས་དཀར་གྱི་ཉེ་སྙིང་། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་རེ་བཻ་རེ། སཽ་མེ་སཽ་མེ། ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། བི་ཥ་དེ་བི་ཥ་དེ། བཱི་རི་བི་རི། དེ་བཱི་བཛྲ་དྷ་རི། བནྡྷ་བནྡྷ་ནི། བཛྲ་པཱ་ནི་ཕཊ། ཨོཾ་ཧཱུྃ་ཧཱུྃ་དྲུཾ་ཥྚོཾ་ཕཊ་སྭཱ་ཧཱ། ཧཱུྃ་ཧཱུྃ་དྲཱོུཾ་བནྡྷ་ཕཊ༔ བདག་ལ་སྲུངས་ཤིག་སྭཱ་ཧཱ། ཨོཾ་བཛྲ་པཱ་ཎི་བནྡྷ་བནྡྷ་བཛྲ་པཱ་ཤེ་ན་མ་མ་སརྦ་དུཥྚཾ་བི་ནཱ་ཡ་ཀཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གཙུག་༢ཏོར་རྣམ་རྒྱལ་གཟུངས་ཚང་བའམ། ཨོཾ་བྷྲཱུྃ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། གཙུག་ཏོར་འབར་བའི་གཟུངས་ན་མསྶ་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ་ཤྟི་སརྦ་དུར་ནི་མིཏྟི་དུཿསྭ་བ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གཙུག་ཏོར་དྲི་མེད་གཟུངས་ཐུང་དང་། པདྨ་གཙུག་ཏོར་གོང་ལྟར་རྣམས་ཚར་ཅི་རིགས། དེའི་ཕྱི་རོལ་དུ་མུ་ཁྱུད་བཅུ་གཉིས་པར་མེ་རིའི་ནང་དུ་ཕྱག་མཚན་རྣམས་ལྔ་རྩེ་ཕྱིར་བསྟན་པས་བསྐོར་བ། དེའི་ཕྱིར་གྲྭ་བཞིར་སྣ་ཚོགས་རྡོ་རྗེ་ཕྱེད་པས་མཚན་པ། འཁོར་ལོའི་རྒྱབ་ཏུ་དབུས་སུ། ཨཱོཾ་ཧྲཱིཿཁ་ཎི། དེའི་ཕྱི་རོལ་དུ། ཏདྱ་ཐཱ། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བི་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ། ཞེས་པ་ཚར་གང་ཐོན་བྲི། འཁོར་ལོ་ལ་དྲི་རྫས་ལྔ་གཞུང་གསལ་ལྟར་བྱུགས། སྦྱོང་ཁྲུས་དང་རབ་གནས་སྤྱི་མཐུན་གྲུབ་ནས་བལྟེབ་ལུགས་སྤྱི་འགྲེ་བྱ། དར་ཚོན་གྱི་ན་བཟའ་གསོལ་ནས་སྐུ་གཟུགས་མཆོད་རྟེན་གཉྫིར་སོགས་གང་འདོད་པའི་གནས་སུ་བཞུགས་པས་ཕན་ཡོན་མཐའ་ཡས་པ་འབྱུང་བར་གསུངས་སོ། ། ༈
[edit]

gu ru rin po che chos kyi dbang phyug gi gter byon srog shing brtan pa'i 'khor lo bri tshul/ @#/_/oM swasti/__gu ru rin po che chos kyi dbang phyug gi gter byon srog shing brtan pa'i 'khor lo bri tshul/__bri gzhi khru gang gsungs pa phyar khru gang las mi chung ba la sngags shong na dang /__de min che na'ang 'gal ba med pas skabs bstun/__gang ltar yang lte ba dang bcas pa'i mu khyud bcu gsum bar dbus su lnga gling zhes lte ba zlum por bskor ba'i dbus su zlum po la/__mtshams bzhir thig gis bcad pa'i dbus su/__hU~M badz+ra d+h+rika__/mU~M d+hA twI shwa ri/__shar du/__oM dzi na dzi ka__/lA~M de Sha ra tI/__lhor/__swA rat+na d+hr-ika?__mA~M mo ha ra tI/__nub tu/__A+oM a ro lika?__/pA~M rA ga rA tI/__byang du/__hA pra dz+nyA d+h+rika?__/tA~M badz+ra rA tI/__de'i gong ras kyi mu khyud chung ngu la/__phyogs bcu'i sangs rgyas dang byang chub sems dpa' rtsa gsum rgyal ba rab 'byams kyis bkra shis pa'i gtsug lag khang rten dang brten par bcas pa dang /__bdag cag dpon slob yon mchod 'khor dang bcas pa la rak+Sha rak+ShaH__mu khyud dang po la/__phyogs mtshams brgyad du rdo rje rtse lnga pa chur rgyugs kyi lte bar hU~M/__mu khyud gnyis pa la/__'khor lo rtsibs brgyad/__rtsibs re re bzhin phreng bris kyis/__oM a mA ra Ni dzI ban+ti ye swA hA/__oM badz+ra A yu She swA hA/__de'i gong ras mu khyud chung ngu la rta mgrin gyi zil gnon khro chen brgyad yab yum gyi sngags/__oM pad+ma kro d+ha ha na ha na hU~M phaT/__oM gu h+ya krod+hI hU~M/__oM pad+ma kro d+ha da ha da ha hU~M phaT/__oM dz+nyA na kro d+hI hU~M/__oM pad+ma kro d+ha pa tsa pa tsa hU~M phaT/__oM rA ga kro d+hI hU~M/__oM pad+ma kro d+ha b+hIn+d+ha b+hin+d+ha hU~M phaT:__oM tsit+ta kro d+hI hU~M/__oM pad+ma kro d+ha b+han+d+ha b+han+d+ha hU~M phaT/__oM badz+ra kro d+hI hU~M/__oM pad+ma kro d+hA tshin+d+ha tshin+d+ha hU~M phaT/__oM ya ma kro d+hI hU~M/__oM pad+ma kro d+hA gardza gardza hU~M phaT/__oM nA ga kro d+hI hU~M/__oM pad+ma kro d+ha s+pho Ta s+pho Ta hU~M phaT/__oM yak+mo kro d+hI hU~M/__mu khyud gsum pa la/__rten 'brel snying po dang /__oM bo d+hi tsit+ta ma hA su kha dz+nyA na d+hA tu AH__oM ru lu ru lu hU~M b+h+yo hU~M/__yi dam zhi khro rab 'byams kyis bkra shis ba'i gtsug lag khang sogs gong ltar/__mu khyud bzhi pa la/__rin chen zur brgyad/__re re bzhin phreng bris kyis/__oM na mas+sarba ta thA ga te b+h+yo bi shwa mu khe b+h+yaHsarba thA khaM ung+ga te s+pha ra Na i maM ga ga na khaM swA hA/__zhes nam mkha' mdzod kyi sngags tshar re re'am/__tshar gsum re bkod kyang rung /__de'i gong ras che bar bskor ba la/__tad+ya thA/__sde spar bka' 'dus rgyud ldeb/__oM dza ya dza ya sogs/__rgyal mtshan rtse mo'i gzungs tshang ba/__mu khyud lnga pa la/__dbyangs gsal tshar du shong /__mu khyud drug pa la/__byang chub rgyan 'bum gzungs ring ngam gzungs thung /__oM sarba ta thA ga ta byA ba lo ki te swA hA/__48)_dza ya dza ya swA hA/__oM hu ru hu ru dza ya mu khe swA hA/__mu khyud bdun pa pad 'dab bcu drug__/re re'i nang du dbyangs gsal tshar re/__mu khyud brgyad pa la yangs pa can gyi grong khyer du 'jug pa'i gzungs bka' 'dus mdo ldeb/__bi sa ra ta sogs nas/__nyin dang mtshan du chos kyang spyod gyur cig__/ces pa'i bar gzungs dang bkra shis tshigs bcad tshang ba'am/__de tsam mi shong na gzungs kyi mthar/__byang chub snying po sogs sh+lo ka bzhi tsam dang /__117)_gtsug tor dri med kyi gzungs thung /__oM na ma s+t+rai ya d+hI kA nAM/__sarba ta thA ga ta hr-i da ya gar+b+he dz+wa la dz+wa la d+harma d+hA tu gar+b+he saM b+ha ra ma ma A yuHsaM sho d+ha ya ma ma sarba pA paM sarba ta thA ga ta sa man+toSh+NISha bi ma le bi shud+d+ha hU~M hU~M hU~M hU~M/__a~M ba~M sa~M dza~M swA hA/__pad+ma gtsug tor gyi sngags/__oM pad+mo Sh+NI Sha bi ma le hU~M phaT/__mu khyud dgu pa la/__rnam 'joms gzungs dang /__oM wA gI shwa ri mU~M/__oM ma Ni pad+me hU~M/__oM badz+ra pa Ni hU~M/__mu khyud bcu pa la/__bya rgyud de bzhin gshegs pa'i rigs kyi gtso bo/__de bzhin gshegs pa'i yi ge brgya pa/__oM na ma s+t+rai ya d+hI kA nAM/__sarba ta thA ga tA naM/__sarba tra a pra ti ha ta bsti d+harma ta ba lI nAM/__oM a sa ma sa man+ta to a nan+ta/__bAsti shA sa ni ha ra ha ra sma ra sma ra Na bi ga ta rA ga__/bud+d+ha d+harma te sa ra sa ra/__sa ma ba la/__ha sa ha sa/__tra ya tra ya/__ga ga na ma hA ba ra lak+Sha ne dz+wa la dz+wa la sa ga re swA hA/__zhes dang /__tad+ya thA/__oM mu ni mu ni ma hA mu na ye swA hA/__zhes dang /__sman bla'i gzungs/__gsang ba ring bsrel gyi gzungs thung /__oM sarba ta thA ga toSh+Ni Sha d+hA tu mu drA Ni/__sarba ta thA ga ta d+harma d+hA tu bi b+hU Shi te a d+hiSh+Thi te hu ru hu ru hU~M hU~M swA hA/__rigs kyi bdag po 'jam dpal dbyangs kyi snying po/__oM bA kye daM na ma:__oM A ra pa tsa na d+hIH__spro na shes rab blo 'phel gyi gzungs bcas/__pad+ma'i rigs kyi gtso bo tshe gzungs/__rigs kyi bdag po spyan ras gzigs bcu gcig zhal gyi gzungs/__spro na don zhags gzungs thung dang /__'khor ba dongs sprugs gzungs/__rdo rje'i rigs kyi bdag po mi 'khrugs pa'i gzungs/__rigs kyi gtso bo phyag rdor gos sngon can gyi gzungs/__tad+ya thA/__b+ho b+ho bka' 'dus rgyud ldeb/__sogs/__spyod rgyud rnam snang mngon byang gi sngags/__na maHsa man+ta bud+d+ha nAM/__a sa ma ba ta d+harma d+hA tu kAR+Ya ga ti ga tA na/__sarba thA oM khaM aM a:__saM sa haM ha raM ra baM ba haM ha swA hA/__rnal 'byor rgyud rdo rje dbyings kyi sngags/__154)_oM badz+ra sa twa hU~M/__oM sarba ta thA ga ta ma hA yo gi shwa ra hU~M/__zhes pa tsam dang /__oM na mo b+ha ga wa te sogs rtsa rig__/bla med pha rgyud gsang 'dus kyi rigs lnga yab yum gyi snying po gong du song bas/__oM AHhU~M/__tshar grangs gang rigs/__pha rgyud bde mchog gi/___oM shrI badz+ra he he ru ru kaM huM hU~M phaT/__DA ki nI dz+wa la sam+pa raM swA hA/__oM hrIHha ha haM hU~M phaT/__kye rdo rje'i sngags/__oM de wa pi tsu badz+ra hU~M hU~M hU~M phaT swA hA/__dus kyi 'khor lo'i sngags/__oM AHhU~M hoH[ a ]mdo dang sgyu 'phrul gnyis ka'i snying po bsdus pa/__oM aHhU~M bo d+hi tsit+ta ma hA su kha dz+nyA na d+hA tu AH__oM ru lu ru lu hU~M b+h+yo hU~M/__bka' brgyad spyi bye brag gi sngags gang rigs/__yi ge brgya pa rdzogs chen snying tig gi btags grol las 'byung ba'i kun bzang yab yum gyi dgongs pa dang /__zhen zlog nyer lnga tshang ba'am/__de tsam mi nus na/__oM badz+ra sa twa AH__'aHaHshaHsaHmaHhaH__ma ma ko ling sa man+ta/__zhes pa tsam bri/__mu khyud bcu gcig pa la/__1gtsug tor gdugs dkar gyi nye snying /__tad+ya thA/__oM a na le a na le/__kha sa me kha sa me/__bai re bai re/__sau me sau me/__shAn+te shAn+te/__dAn+te dAn+te/__bi Sha de bi Sha de/__bI ri bi ri/__de bI badz+ra d+ha ri/__ban+d+ha ban+d+ha ni/__badz+ra pA ni phaT/__oM hU~M hU~M druM Sh+ToM phaT swA hA/__hU~M hU~M drU+oM ban+d+ha phaT:__bdag la srungs shig swA hA/__oM badz+ra pA Ni ban+d+ha ban+d+ha badz+ra pA she na ma ma sarba duSh+TaM bi nA ya kaM hU~M hU~M phaT phaT swA hA/__gtsug 2tor rnam rgyal gzungs tshang ba'am/__oM b+h+rU~M swA hA/__oM a mr-i ta A yurda de swA hA/__gtsug tor 'bar ba'i gzungs na mas+sa man+ta bud d+hA nAM/__a pra ti ha ta shA sa nA nAM/__oM kha kha khA hi khA hi/__hU~M hU~M dz+wa la dz+wa la pra dz+wa la pra dz+wa la/__tiSh+Tha tiSh+Tha sh+ti sarba dur ni mit+ti duHswa ba na shAn+tiM ku ru swA hA/__gtsug tor dri med gzungs thung dang /__pad+ma gtsug tor gong ltar rnams tshar ci rigs/__de'i phyi rol du mu khyud bcu gnyis par me ri'i nang du phyag mtshan rnams lnga rtse phyir bstan pas bskor ba/__de'i phyir grwa bzhir sna tshogs rdo rje phyed pas mtshan pa/__'khor lo'i rgyab tu dbus su/__A+oM hrIHkha Ni/__de'i phyi rol du/__tad+ya thA/__oM a ka ni ni ka ni a bi la maN+Da la ma ye swA hA/__zhes pa tshar gang thon bri/__'khor lo la dri rdzas lnga gzhung gsal ltar byugs/__sbyong khrus dang rab gnas spyi mthun grub nas blteb lugs spyi 'gre bya/__dar tshon gyi na bza' gsol nas sku gzugs mchod rten gany+dzir sogs gang 'dod pa'i gnas su bzhugs pas phan yon mtha' yas pa 'byung bar gsungs so/___/___!

Footnotes

Other Information