JKW-KABUM-20-WA-001-067

From Khyentse Lineage - A Tsadra Foundation Project
Revision as of 12:39, 23 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 1, sde tshan 67, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
ཕན་བདེའི་དགེ་མཚན་རྟག་པ་དམ་པའི་དཔྱིད། ཞེས་པའི་དབུ་ཅན། ཨོཾ་སྭསྟི་བི་ཛ་ཡནྟུ། ཕན་བདེའི་དགེ་མཚན་རྟག་པ་དམ་པའི་དཔྱིད། །ཚེ་མཐའ་ཡས་པའི་ཕྱག་གི་བུམ་བཟང་ནས། །འཆི་མེད་བདུད་རྩི་ཁྱོད་ལ་དབང་བསྐུར་བས། །ཐར་པའི་རྒྱལ་མཚན་བསྐལ་བརྒྱར་བརྟན་གྱུར་ཅིག །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕན་བདེའི་དབྱིངས། །གཙུག་ཏོར་ཆེན་པོས་མིག་གི་མཆོག་སྦྱིན་པས། །ཀློག་དང་འཆད་པའི་སྨྲ་བ་བཟང་པོ་ཡིས། །རྟག་ཏུ་རིམ་དགུའི་ལེགས་ཚོགས་རྒྱས་གྱུར་ཅིག །ཡིད་བཞིན་འདོད་པ་འཇོ་བའི་འཁོར་ལོ་བྱིན། །ཕན་དང་བདེ་བའི་རྗེས་སོང་གང་ཐུགས་དང་། །དབྱེར་མེད་འདྲེས་པའི་སྐལ་པ་བཟང་པོ་ཡིས། །དོན་གཉིས་འགྲུབ་པའི་དགའ་སྟོན་འཕེལ་གྱུར་ཅིག །ཅེས་བཀྲ་ཤིས་པའི་ལྷ་རྫས་དང་། །འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། དཔལ་ལྡན་འཆི་མེད་ཚེ་རྫས་བཅས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཆེད་དུ་བརྗོད་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ། ༈
[edit]

phan bde'i dge mtshan rtag pa dam pa'i dpyid/___zhes pa'i dbu can/ oM swasti bi dza yan+tu/_phan bde'i dge mtshan rtag pa dam pa'i dpyid/_/tshe mtha' yas pa'i phyag gi bum bzang nas/_/'chi med bdud rtsi khyod la dbang bskur bas/_/thar pa'i rgyal mtshan bskal brgyar brtan gyur cig_/phyogs las rnam par rgyal ba'i phan bde'i dbyings/_/gtsug tor chen pos mig gi mchog sbyin pas/_/klog dang 'chad pa'i smra ba bzang po yis/_/rtag tu rim dgu'i legs tshogs rgyas gyur cig_/yid bzhin 'dod pa 'jo ba'i 'khor lo byin/_/phan dang bde ba'i rjes song gang thugs dang /_/dbyer med 'dres pa'i skal pa bzang po yis/_/don gnyis 'grub pa'i dga' ston 'phel gyur cig_/ces bkra shis pa'i lha rdzas dang /_/'chi med sku gsung thugs rdo rje'i snang brnyan/_dpal ldan 'chi med tshe rdzas bcas 'jam dbyangs bla ma dgyes pa'i 'bangs mkhyen brtse'i dbang pos ched du brjod pa de de bzhin du 'grub par bla ma rgyal ba sras dang bcas pas byin gyis brlab tu gsol/__/_!_

Footnotes

Other Information