ཀ་རྩོམ།

From Khyentse Lineage - A Tsadra Foundation Project
Revision as of 15:40, 3 July 2024 by Mort (talk | contribs)
Wylie title ka rtsom SPCD-KABUM-02-KHA-015.pdf
Location 'phags mchog bka' 'bum
Volume 2, Text 15, Pages 425-427 (Folios 1a1 to 2a2)
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. Ka rtsom. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 2: 425-427. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Acrostics - ka rtsom
[edit]
ཀ་རྩོམ་བཞུགས། ཀ་དག་རྗེ་ཡི་དགོངས་རྫོགས་མཐའ་སྡུད་ཀྱི་རིམ་པར། །ཁ་ཞེ་མེད་པར་སྒྲུབ་གཞིའི་འདེང་བསྐྱོད་ཀྱི་དཔའ་བོ། །ག་འདྲའི་བུ་སློབ་ཚོགས་ནས་འགྲན་ཟླ་ཞིག་བྲལ་བས། །ང་ཅག་དྭ་བུ་རྣམས་ཀྱི་སེམས་དཔའ་རུ་བསྐྱེད་སོང་། །ཅ་ཟེར་འབྱོངས་དཀའི་ངོ་གཡོག་ལུགས་གཉིས་ཀྱི་དབེན་རུང་། །ཆ་ལུགས་བླ་མའི་ཚུལ་གྱིས་ཆོས་དོན་ལ་གཉེར་ནས། །ཇ་བཟང་རྒྱ་ནས་འདྲེན་བཞིན་སློང་འབྱོར་རྣམས་ཁྱེར་ཏེ། །ཉ་མོ་འགྱུར་བཞིན་སེམས་ཁུར་ལྕི་བ་ཡི་ངང་ནས། །ཏ་ཐཱ་ག་ཏ་རྗེ་ལ་གསོལ་འདེབས་ནི་བསྐྱེད་བཞིན། །ཐ་གྲུར་དགེ་བསྐུལ་ཞུས་དང་ཞུ་འགྱུར་ལ་དམིགས་ཤིང་། །ད་ལན་དམ་པའི་དགོངས་རྫོགས་བསྟན་འགྲོ་ཡི་སྐལ་བཟང་། །ན་འཆིའི་དོགས་གཞི་ཆེ་ཡང་ཕྱི་འགྱོད་ནི་མེད་ངེས། །པ་ཏྲ་ལྟ་བུའི་མཛེས་ཆ་གསར་བཏགས་ཀྱིས་མི་འགབ། །ཕ་མཐའ་གནས་ཕྱིར་སྲ་བརྟན་བསམ་སྦྱོར་ལ་གཙོར་ཐོངས། །བ་མཆོག་ལྟ་བུའི་ཀུན་འབྱུང་དམ་པ་ཡིས་བྱིན་མཐུས། །མ་རྩ་དབུལ་གྱིས་མི་འདོང་མི་ཡོང་ནི་མི་སྲིད། །རྩྭ་ཆག་དཀོན་དང་ནམ་དུས་གྲོང་ཤས་ཙམ་མ་གཏོགས། །ཚ་ཇ་བསྐོལ་མི་གནས་གཡར་ལམ་སྟོན་སོགས་ཚོགས་ཤིང་། །ཛ་དྲག་ལྟ་བུའི་རྒྱལ་རྩེར་ཟླ་ཚེས་སུ་འབྱོར་ཏེ། །ཝ་ཡི་གྲ་ཕྱུང་ངལ་གསོ་ཞག་གསུམ་དུ་གནས་རྩིས། །ཞྭ་ཏོག་ཅན་གྱིས་བཀའ་སློབ་ཡང་ནན་དུ་གནང་བཞིན། །ཟ་འོག་ཁྲི་ལ་སྙན་ཞུས་གང་མྱུར་གྱིས་ཕུལ་རུང་། །འ་འོལ་བཀའ་ལེན་ཕེབས་དཀའི་དོན་འབྲས་ལ་རགས་སོང་། །ཡ་མཚན་མྱུར་དུ་ཐོབ་པའི་མཆོག་གསུམ་རང་མཁྱེན་ནོ། །རྭ་བ་གངས་རིའི་བསྐོར་བའི་ཡུལ་ལྗོངས་འདི་རྫོགས་མཚམས། །ལ་ལུང་གཅིག་ཏུ་ལམ་གྱི་དྲྭ་མིག་བཞིན་གྱེས་པས། །ཤ་ཚ་རི་སུལ་གནས་པའི་བདག་ཅག་རྣམས་མགོ་འཁོར། །ས་ལམ་རྒྱུས་ཡོད་བསུ་ལ་ངེས་འབྱོར་རང་གནང་དགོས། །ཧ་ཅང་གནས་ཀྱི་བྱིན་རླབས་མཉམ་པོ་རུ་རོལ་དང་། །ཨ་ཡི་དངོས་གྲུབ་བརྙེས་པའི་རྟེན་འབྲེལ་ཞིག་ཆེ་འོ། །སྦྱངས་པའི་ཞིང་ས་ཁ་རྒྱ་མ་ཆེ་ཡང་། །ས་གཞི་ཤེས་རབ་བཟང་པོ་སད་པ་ཡིས། །ཀ་སོགས་སུམ་ཅུའི་ཡལ་ག་བསྐྲུན་པ་རུ། །རྗོད་བྱེད་ཚིག་གི་འབྲས་བུ་ཡོངས་འདུས་འདི། །རྐང་དྲུག་རྡོ་རྗེར་པད་མོས་མངའ་གསོལ་ལོ། །དགེའོ།། །།