དྲག་སྔགས་གསང་བ་གཅིག་བརྒྱུད་ལསཿ ལས་མཁན་ཆེན་པོའི་མཆོད་སྒྲུབ་བཞུགསཿ

From Khyentse Lineage - A Tsadra Foundation Project
Revision as of 13:16, 28 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title drag sngags gsang ba gcig brgyud las las mkhan chen po'i mchod sgrub
Location mdo mkhyen brtse bka' 'bum
Volume 7, Text 40, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
Colophon

བདག་འདྲ་གཏེར་སྨྱོན་ཁྲག་འཐུང་རྡོ་རྗེས་བརྡ་རིས་ལས་དག་པར་ཕབ་པ་ཡི་གེ་པ་ནི་སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ་གསང་བའི་བཀའ་སྲུང་འདི་དམ་ཚིག་གི་རྒྱ་ཅན་ནོ། གུ་ཧྱཿ

bdag 'dra gter smyon khrag 'thung rdo rjes brda ris las dag par phab pa yi ge pa ni slob bu 'od zer mtha' yas kyis bgyis pa gsang ba'i bka' srung 'di dam tshig gi rgya can no/_gu h+ya:

[edit]
གྲྭྂཿ དྲག་སྔགས་གསང་བ་གཅིག་བརྒྱུད་ལསཿ ལས་མཁན་ཆེན་པོའི་མཆོད་སྒྲུབ་བཞུགསཿ

ཨཱྃཿ ཡེ་ཤེས་རྩལ་རྫོགས་ཧེ་རུ་ཀཿ ཁྲོ་རྒྱལ་ཞེ་སྡང་རྡོ་རྗེར་འདུདཿ ལས་མཁན་ཆེན་མོའི་གསང་སྒྲུབ་མཆོདཿ སྤུ་གྲིའི་འཁོར་ལོ་ཞེས་བྱ་བསྟན༔ གཏོར་མ་ཤ་ཁྲག་སྐྱེམས་ཕུད་བཤམསཿ ཧཱུཾ་ཧྲཱིཿ དྲི་མེད་འོད་ཟེར་ཐུགས་ཀ་ནསཿ འོད་ཟེར་གློག་ཞགས་ལྟར་འཕྲོས་པསཿ རྡོ་རྗེ་གཏུམ་པོའི་ཕྲིན་ལས་གརཿ དྲང་སྲོང་འཁོར་བཅས་ཐུགས་ཀར་ཕོགསཿ སྔོན་གྱི་དམ་ཚིག་རྗེས་དྲན་ནསཿ སྐད་ཅིག་ཉིད་ལ་གཤེགས་སུ་གསོལཿ རཱ་ཧུ་ལ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློངཿ བསྟན་དགྲ་ལས་ངན་གདན་ལ་བཞུགསཿ དམ་ཚིག་གཅིག་པའི་མོས་ཕྱག་འཚལཿ སྔོན་གྱི་སྨོན་ལམ་ཐུགས་བསྐྱེད་བཞིནཿ ཁྱོད་དང་ཐ་ཚིག་གཅིག་ཏུ་བསྲེཿ བཛྲ་ས་མཱ་ཡ་ན་རཀྐནཿ གཏོར་མ་དགྲ་བོ་དངོས་སུ་གསལཿ ཤ་ཁྲག་བདུད་རྩི་བྱིན་གྱིས་བརླབཿ ལས་མ་ཁན་འཁོར་བཅས་གསོལ་བར་བསམཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཧྲཱིཿ སྡེ་བརྒྱད་དམག་དཔོན་གཟའ་བདུད་རཱ་ཧུ་ལཿ གསང་བདག་ཐུགས་སྤྲུལ་དྲེགས་ཚོགས་སྲོག་གི་བདགཿ བླ་མེད་ཨ་ཏི་བཀའ་ཡི་བྱ་ར་བཿ ཁྱོད་ལ་ཐུགས་དམ་སྐོང་བའི་དམ་རྫས་ནིཿ ཤ་ཆེན་བྷ་ལིང་གཏོར་མ་རི་ལྟར་སྤུངསཿ བཅུད་ལྡན་བདུད་རྩི་ཕུད་རྒོད་མཚོ་ལྟར་བསྐྱིལཿ དགྲ་བགེགས་བྱད་མའི་ཤ་རུས་བྲག་ལྟར་བསྙིལཿ བསད་ཁྲག་རྐང་ཞག་རྦ་རླབས་རླངས་བ་ཕྱུརཿ གཞན་ཡང་མཆོད་སྒྲུབ་སྐོང་བའི་དམ་རྫས་ནིཿ སྣ་ཚོགས་དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལཿ གོ་མཚོན་སྤྱན་གཟིགས་སྲོག་ཆགས་དཀོར་ནོར་སོགསཿ བསྟན་སྲུང་ཆེན་པོ་དགྱེས་པ་བསྐྱེད་ཕྱིར་འབུལཿ ལས་མཁན་ཁྱབ་འཇུག་ཆེན་པོའི་ཐུགས་དམ་བསྐངཿ ཡུམ་མཆོག་བདུད་མོ་ཁྲག་མིག་ཐུགས་དམ་བསྐངཿ སྲིང་མོ་གདོང་མོ་བཞི་ཡི་ཐུགས་དམ་བསྐངཿ ལས་མཁན་གཟའ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐངཿ རྒྱུ་སྐར་ལྷ་མོ་ཉེར་བརྒྱད་ཐུགས་དམ་བསྐངཿ གཙང་རིས་དཔལ་མགོན་བདུན་ཅུའི་ཐུགས་དམ་བསྐངཿ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཐུག་དམ་བསྐངཿ ཐུགས་དམ་བསྐངས་ལ་དགྱེས་པའི་ཞལ་བཟང་སྟོནཿ མཚན་ལྡན་རྡོ་རྗེ་སློབ་དཔོན་ཐུགས་རྒྱུད་དཀྲུགསཿ ཞལ་མཐོང་ཡི་དམ་བསྙེན་སྒྲུབ་སྤོང་ལེན་ཤོརཿ རྡོ་རྗེ་ཕག་མོའི་དམ་ལས་འགལ་གྱུར་པཿ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགསཿ མཐུ་ལྡན་ལས་མཁའ་ཆེན་པོས་བཟོད་པར་བཞེསཿ ཚངས་པ་དོན་གྱི་དངོས་གྲུབ་སྩལ་དུ་གསོལཿ རཱ་ཧུ་ལ་ས་མ་ཡ་ཤུདྡྷེ་ཨཱཿ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱབ་འཇུག་གི་ཐུགས་ཀར་ཕོགཿ སྔོན་གྱི་དམ་ཚིག་དྲན༔ ཅི་འདོད་པའི་ལས་ཐོགས་མེད་བསྒྲུབསཿ བདག་དང་ཆོས་ཉིད་འདྲེས་པར་དམིགསཿ ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ཧ་ཧོ་ཡོ་ཟ་གྲཾ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ བཟླ་ཞིང་ཆོས་ཉིད་རང་མདངས་བསྐྱངསཿ ཆོས་ཉིད་བསྲེས་ནས་ལ་བཟླའོཿ བསྟོད་ཅིང་ཕྲིན་ལས་བཅོལ་བ་ནིཿ ཧྲཱིཿ ཁྱབ་འཇུག་དྲང་སྲོང་རཱ་ཧུ་ལཿ དབུ་དགུ་ཕྱག་བཞི་སྦྲུལ་མཇུག་འཁྱིལཿ ཆུ་སྲིན་རྒྱལ་མཚན་རལ་གྲི་དངཿ རྭ་ཡི་མདའ་གཞུ་སྦྲུལ་ཞགས་འཛིནཿ སྤྱན་སྟོང་སངས་རྒྱས་བསྟན་པ་སྲུངཿ ཐོད་སྐམ་རུས་རྒྱན་སྟག་ཤམ་དངཿ མི་ལྤགས་གཡང་གཞི་སྦྲུལ་གྱིས་བརྒྱནཿ ཧེ་རུ་ཀ་ཡི་ཕོ་ཉ་བཿ དྲི་མེད་འོད་ཟེར་ལས་མཁན་ཏེཿ ཁམས་གསུམ་བདག་པོ་ཁྱོད་ལ་བསྟོདཿ རི་བོ་ཀུན་འདུས་རྩེ་མོ་ནསཿ སློབ་དཔོན་དྲི་མེད་འོད་ཟེར་དང་ཿ ཁྲག་འཐུང་རྔམས་བརྗིད་ཧེ་རུ་ཀསཿ དབང་བསྐུར་གསང་བའི་མཚན་གསོལ་ཞིངཿ བཀའ་བསྒོས་རྡོ་རྗེའི་ཐ་ཚིག་བསྒྲགསཿ ཇི་ལྟར་ཁས་བླངས་དམ་ཚིག་དགོངསཿ ཧེ་ཆེན་རོལ་བའི་དུར་ཁྲོད་དུཿ ཕུང་བྱེད་ཤཱནྟཾ་གརྦྷ་དངཿ པདྨ་ཐོད་ཕྲེང་ཡབ་ཡུམ་གྱིསཿ གསང་བ་མཆོག་གི་དབང་བསྐུར་ཚེཿ ཁྱོད་ཀྱི་ཞལ་བཞེས་དམ་བཅས་པཿ མ་འོངས་བསྐལ་པའི་ཐ་མ་ལཿ བྲན་ལྟར་ཁས་བླངས་དམ་བཅས་བཞིནཿ སློབ་དཔོན་ཡབ་ཡུམ་སྐུ་ཚེ་བསྲིངསཿ ཐུགས་ཐིག་རྣམ་གསུམ་བསྟན་པ་སྲུངསཿ དམ་ལྡན་སྐྱོངས་ལ་དམ་མེད་སྒྲོལཿ སྐུ་དགྲ་གྱུར་པའི་ལས་ངན་དངཿ བྱད་མ་དགྲ་གདོན་འབྱུང་པོའི་ཚོགསཿ སྲོག་དབུགས་ཤ་ཁྲག་རྔམས་ཟས་གྱིསཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོརཿ ཚེ་ཆོས་བསོད་ནམས་རླུང་རྟ་དངཿ དབང་ཐང་དཔལ་དང་འབྱོར་བ་སྤེལཿ སྙན་གྲགས་འཛམ་གླིང་ཁྱབ་པར་མཛོདཿ དགྲ་ཕམ་བདག་རྒྱལ་ཕྱོགས་ཀུན་ལསཿ རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངསཿ བསམ་པའི་དོན་དང་གཉེར་བའི་ལསཿ ཐེ་ཚོམ་མེད་པར་མྱུར་འགྲུབ་མཛོདཿ ལས་མཁན་ཆེན་པོའི་མཆོད་སྒྲུབ་འདིཿ བདག་འདྲ་ཨ་ཙར་དམར་པོ་ཡིསཿ སྤུ་གྲི་སོ་འཐམས་རྒྱུད་ལས་བསྡུསཿ གཅིག་བརྒྱུད་ལས་གཞན་མ་སྤེལ་རྒྱཿ གསང་བའི་བླ་རྡོ་འདི་ཁོ་ནཿ ལྷ་ལྕམ་འགྲོ་དོན་སྤྱོད་པའི་ཚེཿ བསྟན་པ་སྲུང་བའི་མཚོན་ཆར་ཤོགཿ ས་མ་ཡཱཿ དམ་ཚིག་གི་རྒྱཿ སྲོག་གི་རྒྱཿ སྙིང་གི་རྒྱཿ རྒྱ་རྒྱ་རྒྱཿ བདག་འདྲ་གཏེར་སྨྱོན་ཁྲག་འཐུང་རྡོ་རྗེས་བརྡ་རིས་ལས་དག་པར་ཕབ་པ་ཡི་གེ་པ་ནི་སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ་གསང་བའི་བཀའ་སྲུང་འདི་དམ་ཚིག་གི་རྒྱ་ཅན་ནོ། གུ་ཧྱཿ