DKYD-KABUM-07-JA-068

From Khyentse Lineage - A Tsadra Foundation Project
Revision as of 09:37, 28 June 2024 by Mort (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 7, Text 68, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
[edit]
༁ྃཿ བཙན་རྒོད་གཏོར་འབུལ་ནིཿ ཧྲཱིཿ དབང་དྲག་པདྨའི་བཀའ་ཉན་པཿ ཁྲག་མཚོ་མེ་རླུང་འཁྲུགས་པའི་དབུསཿ གདུག་པའི་བཙན་རྒོད་མཐུ་བོ་ཆེཿ དམར་ནག་འཇིགས་རུང་ཤ་བའི་དབུཿ མདུང་དམར་བཙན་ཞགས་དགྲ་སྙིང་འཛིནཿ དར་དམར་བེར་དང་མི་ལྤགས་གསོལཿ རླུང་གི་ཤུགས་ལྡན་རྟ་དམར་ཆིབསཿ གནོད་སྦྱིན་རོལ་པ་རྐྱ་བདུན་དངཿ བཙན་དམར་སུམ་བརྒྱ་དྲུག་ཅུས་བསྐོརཿ དམ་ཚིག་ཅན་ཁྱོད་གཤེགས་སུ་གསོལཿ ཤ་ཁྲག་གཏོར་མ་རྒྱན་ལྡན་དངཿ སྐྱེམས་ཆང་ཁྲག་དང་ཟས་སྣའི་ཚོགསཿ གསོལ་ལོ་མཆོད་དོ་མངའ་གསོལ་ལོཿ མཐུ་ལྡན་ལས་ཀྱི་དབང་ཕྱུག་ཆེཿ དགྲ་ཁམས་ཐལ་བར་རློག་བྱེད་པའིཿ རྣལ་འབྱོར་པ་ཡི་ཕོ་ཉ་བཿ དམ་ཚིག་ཅན་ལ་བདག་བསྟོད་དོཿ ཨ་སུ་ར་ཡི་བྲག་ཕུག་ཏུཿ ཐོད་ཕྲེང་ཡབ་ཡུམ་བཀའ་བསྒོས་བཞིནཿ བདག་དང་སྨོན་ལམ་གཅིག་ཏུ་྄འབྲེལཿ བུ་དང་བྲན་གྱི་ཚུལ་ཉིད་དུཿ ཕྲིན་ལས་སྒྲུབ་པར་མ་ཆད་དམཿ ཉིན་མཚན་དུས་དྲུག་མ་གཡེལ་བརཿ གསང་སྔགས་སྤྱོད་བའི་རྣལ་འབྱོར་ལཿ སྙིང་ལྟར་འགྲོགས་ལ་མེལ་ཚེ་གྱིསཿ བསམ་པའི་དོན་དང་གཉེར་བའི་ལསཿ ཐོགས་པ་མེད་པར་མྱུར་དུ་སྒྲུབསཿ ལས་ཀུན་ཁྱོད་ལ་གཉེར་གཏད་དོཿ དམ་ཚིག་ཅན་གྱི་སྲུང་མ་འདིཿ མཐུ་རྩལ་རྣོ་མྱུར་དུས་མེ་འདྲཿ བཀའ་ཉན་གསུང་སྡོད་བྲན་ལྟར་ཉནཿ ཁྲག་འཐུང་དཔའ་བོས་དག་པར་ཕབཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ བཙོན་རྒོད་རང་གིས་སྲུངས་ཤིགཿ