ཌཱཀྐི་བློ་གསལ་སྒྲོལ་མའི་ཞབས་བརྟན།

From Khyentse Lineage - A Tsadra Foundation Project
Revision as of 10:53, 27 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title DAk+ki blo gsal sgrol ma'i zhabs brtan
Location mdo mkhyen brtse bka' 'bum
Volume 5, Text 34, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Prayers for Long Life - zhabs brtan gsol 'debs - brtan bzhugs
Colophon

།ཅེས་པའང་དཔལ་ལྡན་རིག་འཛིན་ཆོས་བསྟན་ངོར་ཁྲག་འཐུང་རྡོ་རྗེས་སོ།

/ces pa'ang dpal ldan rig 'dzin chos bstan ngor khrag 'thung rdo rjes so/

[edit]
༄༅། །ཌཱཀྐི་བློ་གསལ་སྒྲོལ་མའི་ཞབས་བརྟན་བཞུགས། །

༄༅། །འོད་མཚར་སྟོང་འབར་འཆི་མེད་མགོན་པོ་དང༌། །མཁའ་ཁྱབ་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །ཚད་མེད་ཐུགས་རྗེའི་གཏེར་མཛོད་པད་དཀར་འཆང༌། །མཐུ་རྩལ་སྒྱུ་འཕྲུལ་མངའ་བརྙེས་གསང་བའི་བདག །སྐུ་གསུམ་རིགས་འདུས་རྒྱལ་བའི་བྱིན་ནུས་མཐུས། །བློ་གྲོས་ཟབ་དང་རྒྱ་ཆེའི་གསང་ཆེན་གནད། །གསལ་བ་ཐབས་མཁས་ཚུལ་གྱིས་ལེགས་སྟོན་ཞིང༌། །སྒྲོན་མེ་ཇི་བཞིན་སྙིགས་མའི་སྡུག་བསྔལ་སྨག །མ་ལུས་འཇོམས་མཛད་གདུལ་བྱའི་རེ་སྐོང་མ། །འགྱུར་བ་མེད་པ་མི་ཤིགས་རྡོ་རྗེའི་ཁྲིར། ཇི་སྲིད་བསྐལ་བ་རྒྱ་མཚོར་ཞབས་བརྟན་ནས། །གསང་ཆེན་ཆོས་ཀྱི་དགའ་སྟོན་འགྱེད་པར་ཤོག« །ཅེས་པའང་དཔལ་ལྡན་རིག་འཛིན་ཆོས་བསྟན་ངོར་ཁྲག་འཐུང་རྡོ་རྗེས་སོ། །ཞུས་སོ།» །ཨོཾ ཨཱ ཿ ཧཱུཾ བ ཛྲ གུ རུ པ དྨ སི དྡྷི ཧཱུཾཿ ཨོཾ ཝཱ གཱི ཤྭ རི མུཾཿ ཨོཾ མ ཎི པ དྨེ ཧཱུཾ ཧྲཱིཿ ཨོཾ བ ཛྲ པཱ ཎི ཧཱུྃ ཕ ཊཿ ཨོཾ ཧཱུཾ ཏྲཱཾ མཉྫ ཨཱ། སྭཱ ཧཱ། མ ངྒ ལཾ། ཤུ བྷཾ། པད མ མུ སུ གུ ས རྦ ཏ ཐཱ