ཕྲན་ཚེག་ལས་ཚོགསཿ

From Khyentse Lineage - A Tsadra Foundation Project
Revision as of 10:45, 24 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title phran tsheg las tshogs
Location mdo mkhyen brtse bka' 'bum
Volume 4, Text 10, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Activity Practices - las tshogs
[edit]
༄༅། །གསུམ་པ་ཕྲན་ཚེག་ལས་ཚོགས་ནིཿ ཀུན་ཀྱང་དམིགས་པའི་འཕྲོ་འདུ་སྟེཿ ཙཀྲ་བསྲུང་བའི་རིམ་པ་ལསཿ མཚོན་སྲུང་དར་དམར་དངོས་གཙང་ལཿ རིན་ཆེན་དང་པོའི་ཁུ་བ་ཡིསཿ དཔེའུ་ཆུང་བཞིན་དུ་ལེགས་བྲིས་ལཿ རབ་གནས་བརྒྱ་རྩ་བརྒྱད་དང་ནིཿ ལེགས་པར་བསྒྲུབ་ནས་སྦྱིན་པར་བྱཿ སྲུང་བ་རྡོ་རྗེའི་གོ་ཁྲབ་ནིཿ འཁོར་ལོ་རྩིབ་བཞིའི་དབུས་ཉིད་དུཿ སྣ་ཚོགས་རྡོ་རྗེའི་ལྟེ་བ་ལཿ ཧཱུྃ་མཐར་རྩ་བའི་སྔགས་ཀྱིས་བསྐོརཿ རྡོ་རྗེ་ཕྱི་ཡི་མུ་ཁྱུད་ལཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་སརྦ་གྷིག་ནནརཀྵ་ཧཱུྃཿ དེ་བ་ན་ག་ར་ཛ་དྷི་རཀྵ་ཧཱུྃཿ ཞེས་དགོད་འཁོར་ལོ་རྩིབ་བཞི་ལཿ ཨོཾ་བཛྲ་གུ་རུ་པདྨ་རཱ་ཛ་ནད་གདོན་བར་ཆད་སརྦ་རཀྵ་རཀྵ་སྭཱ་ཧཱཿ ཅེས་བྲིས་ཏེ་མཐར་མུ་ཁྱུད་ལཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་སིདྡྷི་ཕ་ལ་ཧཱུྃཿ རྒྱལ་པོའི་ཆད་པ་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱཿ ལྷ་ཡི་གདོན་དང་ཀླུ་ཡི་གདོན་དང་གནོད་སྦྱིན་གྱི་གདོན་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱཿ བཙན་དང་རྒྱལ་པོ་ས་བདག་དམ་སྲི་ཐེའུ་རང་ལ་སོགས་པའི་ནད་རཀྵ་རཀྵ་སྭཱ་ཧཱཿ གཞན་ཡང་ཕོ་གདོན་མོ་གདོན་ཟ་འདྲེ་ཤི་གཤེད་ཀྱི་གནོད་པ་དང་འགལ་རྐྱེན་བར་ཆད་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱཿ དེའི་ཕྱི་རིམ་རྩ་སྔགས་ཤམ་བུ་རུཿ འཆང་བ་པོའི་ཆྒཻ་མོའི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་སྲུང་ཤིག་རཀྵ་རཀྵ་སྭཱ་ཧཱཿ དེའི་ཕྱི་མུ་ཁྱུད་གཉིས་ལ་ནིཿ ཨཱ་ལི་ཀཱ་ལི་རྟེན་སྙིང་འགོདཿ དེའི་ཕྱིར་རྡོ་ར་མེ་རིས་བསྐོརཿ རྫས་ལ་གྷི་ཝཾ་ལི་ཁྲི་དངཿ ཙནྡན་དཀར་རམ་ག་བུར་སྟེཿ གཞན་ཡང་གཞུང་གི་རྫས་བཅས་བྱུགཿ རབ་གནས་ལྡན་པར་མགུལ་དུ་བཏགསཿ བར་ཆད་བདུད་ལས་རྣམ་པར་རྒྱལཿ ཙཀྲ་བསྲུང་བའི་རིམ་པའོཿ ས་མ་ཡཱཿ