PJCW-KABUM-02-KHA-017

From Khyentse Lineage - A Tsadra Foundation Project
Revision as of 08:52, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །སངས་རྒྱས་ཕལ་པོ་ཆེའི་མདོ་ལས་བྱུང་བ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ས་བཅད་བསྡུས་པ་སྡོམ་དུ་བསྟན་པ།


སངས་རྒྱས་ཕལ་པོ་ཆེའི་མདོ་ལས་བྱུང་བ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ས་བཅད་བསྡུས་པ་སྡོམ་དུ་བསྟན་པ་ནི། བསམ་པ་རྒྱ་ཆེ་བྱང་ཆུབ་སེམས་མི་བརྗེད། །༢ཆགས་མེད་ཕན་འདོགས་གོ་ཆ་ཆེན་པོ་བགོས། ། གྲོགས་༦བཟང་དགེ་བའི་བཤེས་འགྲོགས་༨བདེ་གཤེགས་བལྟ། །མཛོད་བརྙེས་༩འཇུག་གནང་སྟོབས་ལྡན་གཉེན་པོ་བཟང་། །ཕྲིན་ལས་༡༣རྒྱ་ཆེ་རྒྱལ་དང་༡༤དེ་སྲས་ཀྱི། །རྗེས་སློབ་སྨོན་༡༥པའི་དོན་ཀུན་བསྡུས་ནུས་ཤོག །དཔལ་སྤྲུལ་པས་སོ། །