DKYD-KABUM-07-JA-072
༄༅ཿ པད་འབྱུང་ཐུགས་ཀྱི་ཐིག་ལེ་ལསཿ གཏེར་སྲུང་ཡིད་བཞིན་དབང་རྒྱལ་བཞུགསཿ ༁ྃཿ དབང་ཕྱུགས་ཡབ་ཡུམ་སྐུ་ལ་འདུདཿ འཇིག་རྟེན་ཁམས་ལ་དབང་སྒྱུར་བའིཿ བསོད་ནམས་ལོངས་སྤྱོད་ཚེ་ཡི་བདགཿ གནོད་སྦྱིན་འཛམ་དཀར་རླུང་སྒྲུབ་བསྟནཿ ན་མོཿ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆིཿ སེམས་ཅན་སངས་རྒྱས་ཐོབ་པར་ཤོགཿ ཕྱི་སྣོད་རིན་ཆེན་གཞལ་ཡས་ཁངཿ ཕུན་ཚོགས་རྒྱན་བཀོད་ཡོངས་རྫོགས་དབུསཿ རང་ཉིད་པད་འབྱུང་ཞི་བའི་སྐུཿ མཚོ་སྐྱེས་རྡོ་རྗེ་ཡབ་ཡུམ་གསལཿ མདུན་དུ་རིན་པོ་ཆེ་ཡི་ཁྲིརཿ ནོར་ལྷ་ཕོ་མོ་བསྣོལ་བའི་སྟེངཿ གནོད་སྦྱིན་ཛམ་དཀར་དབང་གི་རྒྱལཿ སྐུ་མདོག་དཀར་ལ་འོད་ཟེར་འཕྲོཿ མཛེས་འཛུམ་ཞལ་གཅིག་ཕྱག་གཉིས་པཿ ཕྱག་གཡས་དགོས་འདོད་ཀུན་འབྱུང་ནོརཿ གཡོན་པས་རིན་ཆེན་ཟ་མ་ཏོགཿ ཞབས་གཉིས་རོལ་པའི་སྟབས་སུ་འགྱིངསཿ རིན་པོ་ཆེ་ཡི་པྲོག་ཞུ་དངཿ རྒྱན་ཆ་ཟ་འོག་ན་བཟའ་གསོལཿ ལྷ་མོ་ཡིད་བཞིན་ནོར་འཆང་མཿ དམར་གསལ་སྒེག་མཛེས་བཞད་པའི་མདངསཿ ནོར་བུ་པུཎྜ་རི་ཀས་བརྒྱནཿ གཡས་པས་ཚེ་བུམ་དང་བཅས་འཁྱུདཿ གཡོན་པས་བཅུད་ཀྱི་ཐོད་པ་ཐོགསཿ འདོད་པའི་རྒྱལ་པོ་དགྱེས་བར་འཁྲིལཿ གཟི་བརྗིད་ཉི་མ་འབུམ་གྱི་དལཿ ཕྱོགས་བཞིར་ནོར་བུ་འབར་བ་བཞིཿ ནོར་བདག་ལྷ་མོ་བརྒྱད་ཀྱིས་བསྐོརཿ ལྷ་ཆེན་བརྒྱད་དང་ཀླུ་རྒྱལ་བརྒྱདཿ གནོད་སྦྱིན་མཆེད་བརྒྱད་ནོར་ལྷ་བརྒྱད༔ འབྱུང་བའི་བདག་མོ་དང་བཅས་འཁོརཿ གར་བཞུགས་སྤྲུལ་པའི་གནས་མཆོག་ནསཿ འདིར་གཤེགས་བརྩེ་བ་ཆེན་པོས་རོལཿ མཐུ་སྟོབས་ནུས་པའི་རྩལ་ཕྱུང་ལཿ རྟགས་དང་མཚན་མ་མྱུར་དུ་སྟོནཿ བདེ་གཤེགས་རྣམས་ཀྱིས་དབང་བསྐུར་ཅིངཿ དངོས་གྲུབ་བདུད་རྩིའི་བཅུད་དུ་དྲིལཿ འོད་ཟེར་འཁོར་འདས་དྭངས་བཅུད་དྲངསཿ བདག་ལ་ཚེ་བཅུད་ལོངས་སྤྱོད་ནོརཿ ཆར་ལྟར་ཕོབ་ལ་དངོས་གྲུབ་སྩོལཿ ཨོཾ་ཨརྱ་ཛམ་བྷ་ལ་ཡཀྴ་མ་ཎིདྷེ་ཝི་དུང་དུང་ཨཱ་ཡུརྞྱེ་ཀུ་རུ་བྷྲཱུྃཿ ཏིང་འཛིན་དམིགས་པའི་འཁྲུལ་འཁོར་གནདཿ བདུན་ཕྲག་གཅིག་གིས་འགྲུབ་པར་ངེསཿ ཚེ་བསོད་དབྱར་ཀྱི་ཆར་བཞིན་རྒྱསཿ ལྷ་ཀླུ་གནོད་སྦྱིན་དབང་བདུའོཿ ཐུན་མཚམས་གཏོར་མ་འབུལ་བ་ནིཿ གཙང་མའི་སྣོད་དུ་རིལ་བུ་དགུཿ འོ་ཆབ་གཏོར་མ་ལེགས་པར་བཤམསཿ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཏེར་སྲུང་གནོད་སྦྱིན་ཛམ་ལྷ་འཁོར་དང་བཅས་པ་སྤྱན་དྲངསཿ བཛྲ་ས་མ་ཡ་ཛཿ པཱདྱཾ་པྲ་ཏིཙྪ་ཧོཿ ཕྱག་བསིལཿ རཾ་ཡཾ་ཁཾཿ གསུམཿ གཏོར་མའི་མ་དག་པའི་ཉེས་སྐྱོན་སྦྱངསཿ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ བདུན། ལྷ་ཡི་ཞལ་ཟས་དང་བདུད་རྩི་རོ་བརྒྱ་ནུས་པ་ཕུན་སུམ་ཚོགས་པར་གྱུརཿ ཧ་ཧོ་ཧྲཱིཿ གཏེར་བདག་གནོད་སྦྱིན་འཁོར་བཅས་ལྗགསཿ འོད་ཟེར་སྦུ་གུས་གཏོར་མའི་བཅུདཿ དྲངས་ཤིང་གསོལ་བས་མཉེས་ཤིང་ཚིམཿ དངོས་གྲུབ་མ་ལུས་ཀུན་འབྱུང་གྱུརཿ ཨོཾ་ཨཱརྱ་ཛམ་བྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱཿ བརྒྱ་རྩ་བརྒྱད་བཟླས་འབུལ་ཞིང་གཤེགསཿ པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གནྡྷྱེ་ནཻ་ཝི་ཏྱ་ཤཔྟ་པཱུ་ཙ་ཧོཿ བྱིན་རླབས་དངོས་གྲུབ་འབྱུང་བའི་གནསཿ ཡིད་བཞིན་ནོར་བུ་དབང་གི་རྒྱལཿ ཚེ་གཡང་ལོངས་སྤྱོད་ནོར་གྱི་གཏེརཿ ཛཾ་བྷ་ལྷ་ལ་བསྟོད་པར་བགྱིཿ བཛྲ་མུཿས་གཤེགསཿ སླར་ཡང་སྣོད་གཙང་མ་ཆུ་ཡིས་ལེགས་པར་བཀངཿ བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུནཿ སྡུག་བསྔལ་ཐམས་ཅད་སེལ་བའི་སྨནཿ བཀེས་སྐོམ་ཚ་གྲང་ལས་གྲོལ་བའིཿ ནུས་པ་ཕུན་སུམ་ཚོགས་པར་གྱུརཿ ཨོཾ་ཨཱཿཧཱུྃ་ཧྲཱིཿལན་བདུནཿ ཁ་འབར་མ་དང་འཇུར་འགེགས་མཿ ལྷ་ཀླུ་གནོད་སྦྱིན་ནོར་ལྷ་བརྒྱདཿ འཕྲོག་མ་བགེགས་རིགས་ལན་ཆགས་དངཿ ལྷག་མགྲོན་ཡི་དྭགས་ཀུན་ཚིམ་གྱུརཿ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམ་བྷ་ར་སམ་བྷ་ར་ཧཱུྃཿ བརྒྱ་རྩ་བརྒྱད་ཀྱིས་བསྔོ་བར་བྱཿ ཐམས་ཅད་སྡུག་བསྔལ་ཀུན་ཞི་ནསཿ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོགཿ སརྦ་གཙྪ་གཙྪ་གཤེགསཿ སྙིང་རྗེ་བྱང་ཆུབ་སེམས་མཆོག་བསྐྱེདཿ དགེ་བ་བསྔོ་ཞིང་སྨོན་ལམ་གདབཿ ཛམ་དཀར་སྒྲུབ་ཐབས་ཟབ་མོ་འདིཿ དགའ་རབ་དཔའ་བོའི་ཞལ་གྱི་རྒྱུནཿ དྷརྨཱ་ཨ་ཤྭའི་ཁྱད་ནོར་སྟེཿ བདག་འདྲ་ཨ་ཙར་དམར་པོ་ཡིསཿ དབྱིངས་ཀྱི་མཁའ་འགྲོའི་བརྡ་རིས་ལསཿ ལྷ་ལྕམ་ཡུམ་གྱི་དོན་དུ་ཕབཿ གཞན་ལ་མེད་པའི་ཁྱད་ནོར་རོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཡི་གེར་རིག་པའི་ཡེ་ཤེས་ཀྱིས། །ཕབ་འདི་བསྟན་པར་ཕངས་པས་གདམས། །