DKYD-KABUM-07-JA-071
༄༅ཿ བདུད་མགོན་གཏོར་འབུལ་ནིཿ བྷྱོཿ རབ་ཏུ་འཇིགས་པའི་དུར་ཁྲོད་ནསཿ རླུང་ནག་འཚུབ་མའི་གུར་གྱིས་དབུསཿ བདུད་མགོན་ལེགས་གྲུབ་རྡོ་རྗེ་དངཿ ཡུམ་ཆེན་སིན་དྷ་ར་མ་ལཿ བམ་རོ་ཕོ་མོ་དྲེགས་པའི་འཁོརཿ སྤྱན་འདྲེན་བཞུགས་གསོལ་དགྱེས་པར་དགོངསཿ བཱ་ལིང་ཨ་མྲྀ་ཏ་དང་ནིཿ རཀྟའི་མཆོད་པ་བཞེས་སུ་གསོལཿ མ་ཧཱ་ཀ་ལ་སིན་དྷཱ་རཱ་མ་བཱ་ལིང་ཏ་པཉྩ་རཀྟ་སརྦ་པཱུཙྪ་ཧོཿ བདུད་མགོན་སེང་གེའི་གདོང་པ་ཅནཿ ཡུམ་མཆོག་ཁམས་གསུམ་ཟ་བྱེད་མཿ ལས་མཁན་མིང་སྲིང་ཕྲིན་ལས་སྒྲུབཿ འཁོར་དང་བཅས་ལ་བདག་བསྟོད་དོཿ ཧེ་རུ་ཀཿདང་སེང་གེས་སྒྲཿ ཁྲག་འཐུང་དཔའ་བོའི་སྤྱན་སྔ་རུཿ ཞལ་བཞེས་དགོངས་ལ་ཕྲིན་ལས་སྒྲུབསཿ སྡང་དགྲ་དམ་ཉམས་གདུག་པ་ཅནཿ རྒྱལ་བསེན་དམ་སྲི་ལོག་འདྲེན་ཚོགསཿ ཐམས་ཅད་མིང་གི་ལྷག་མར་ཐོངསཿ ཞི་དང་རྒྱས་པས་ཐམས་ཅད་སྲུངསཿ དབང་དང་དྲག་པོས་བསྡུས་ཚར་ཆོདཿ ཕྱོགས་ལས་རྣམ་པར་རྒྱལ་བར་མཛོདཿ