DKYD-KABUM-07-JA-069

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༁ྃཿ བདུད་འདུལ་དྲག་པོའི་སྐུ་ལ་འདུདཿ བཙན་རྒོད་ཆེན་པོའི་མཆོད་ཐབས་ནིཿ གཙང་བའི་སྣོད་དུ་གཏོར་མ་བཤམསཿ ཤ་ཁྲག་དམར་དང་ཟས་སྣས་བརྒྱནཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿཧ་ཧོ་ཧྲཱིཿ ཧྲཱིཿ དམ་ཚིག་གཉན་གྱི་སྲུང་མ་མཐུ་བོ་ཆེཿ གྲི་བཙན་ཆེན་པོ་མི་ཟན་དམར་པོ་ནིཿ སྐུ་མདོག་དམར་པོ་འཇིགས་རུང་ཤྭ་བའི་དབུཿ གཡས་པས་མདུང་དམར་དགྲ་བོའི་སྲོག་གཅོད་ཅིངཿ གཡོན་པས་བཙན་ཞགས་དམ་ཉམས་དགྲ་ལ་འདེབསཿ མི་ལྤགས་གཡང་གཞི་སྟག་གི་ཤམ་ཐབས་གསོལཿ རླུང་ནག་འཚུབ་མ་ཆིབས་ཤིང་སྟོང་གསུམ་རྒྱུགཿ འཁོར་དུ་བཙན་རྒོད་རོལ་པ་རྐྱ་བདུན་སྐོརཿ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་འབུལཿ ཤ་ཁྲག་ཟས་སྣ་མྱོས་བྱེད་ཨ་མྲྀ་ཏཿ དམར་ཆེན་རཀྟ་ལ་སོགས་བཏུང་བའི་རིགསཿ གཞན་ཡང་མཐུན་པའི་དམ་རྫས་སྣ་ཚོགས་པཿ གྲི་བཙན་ཆེན་པོ་དགྱེས་པ་བསྐྱེད་ཕྱིར་འབུལཿ འཁོར་བཅས་ཐུགས་དམ་བསྐངས་ལ་བཞེས་སུ་གསོལཿ སྔོན་དུས་བསམ་ཡས་ཨརྱ་དཔལ་གླིང་ནསཿ ཁྱོད་དང་ང་གཉིས་རྡོ་རྗེའི་ཐ་ཚིག་གཅིགཿ སྨོན་ལམ་གཅིག་ཏུ་འབྲེལ་བའི་སྲུང་མ་མཆོགཿ གྲི་བཙན་ཆེན་པོ་འཁོར་དང་བཅས་ལ་བསྟོདཿ སྲུང་མ་ཁྱོད་ཀྱི་དམ་བཅའ་ཇི་བཞིན་དུཿ བདག་དང་སྐད་ཅིག་མི་འབྲལ་གཏན་འགྲོགས་ལཿ དམ་ཆོས་སྒྲུབ་པའི་འགལ་རྐྱེན་སེལ་བ་དངཿ སྡང་བར་བྱེད་པའི་དགྲ་ལ་རྟགས་མཚན་སྟོནཿ གནོད་པར་བྱེད་པའི་བགེགས་དཔུང་རྡུལ་དུ་རློགསཿ མདོར་ན་བསམ་པའི་དོན་དང་གཉེར་བའི་ལསཿ མྱུར་དུ་སྒྲུབ་པའི་ལས་ཀྱི་གཉེར་ཁ་མཛོདཿ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་བརྣགཿ ད་དགྲ་ཐད་དུ་ལངས་བའི་སྙིང་ཁྲག་འཐུངཿ ལས་བཞིའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོདཿ ཨོ་རྒྱན་ཆེན་པོའི་བཀའ་ཡི་ཕོ་ཉ་བཿ གསང་བའི་བཀའ་སྲུང་ཆེན་པོ་དམ་ཚིག་ཅནཿ མ་འོངས་ཁྲག་འཐུང་དཔའ་བོའི་གྲོགས་སུ་ཤོགཿ ས་མ་ཡཿ ཁ་ཐཾཿ