DKYD-KABUM-07-JA-045
྅྅྅ དྲང་སྲོང་ཆེན་པོའི་གཏོར་འབུལ་ནིཿ ཀྵཿ སྲིན་ཡུལ་ལང་ཀ་པུ་རི་ནསཿ བསྟན་སྲུང་གཟའ་བདུད་རཱ་ཧུ་ལཿ ཀླུ་སྲིན་འཁྲིགས་པའི་མཐུ་ཆེན་སྲསཿ དམ་ཉམས་སྲོག་གཅོད་སྡེ་བརྒྱད་གཙོཿ སྤྲུལ་འཁོར་གཟའ་བརྒྱད་གདོང་མོ་བཞིཿ རྒྱུ་སྐར་ཉེར་བརྒྱད་དྲེགས་པའི་ཚོགསཿ འདིར་གཤེགས་བཞུགས་ལ་དམ་ཚིག་དགོངསཿ བཱ་ལིང་དམ་རྫས་རི་ལྟར་སྤུངསཿ བདུད་རྩི་རཀྟ་ཤ་ཁྲག་སྙིང་ཿ གཞན་ཡང་མཆོད་པའི་བྱེ་བྲག་ཚོགསཿ མཆོད་དོ་འབུལ་ལོ་ཐུགས་དམ་བསྐང་ཿ ནོང་པ་མཆིས་ན་བཟོད་པར་གསོལཿ རྣལ་འབྱོར་སྐྱོང་བའི་དམ་ཚིག་ཅནཿ མཐུ་ལྡན་ཁྱོད་ལ་བདག་བསྟོད་དོཿ དྲི་མ་མེད་དང་གསང་བའི་བདགཿ རྡོ་རྗེ་ཕག་མོའི་སྤྱན་སྔ་རུཿ ཁས་བླངས་དམ་ལས་མ་གཡེལ་བརཿ རྒྱལ་བའི་བསྟན་དང་དེར་འཛིན་སྲུངསཿ ཡང་གསང་ཐུགས་ཐིག་གཉེར་གཏད་བཞིནཿ ཉིན་མཚན་མ་གཡེལ་བྱ་ར་གྱིསཿ རྣལ་འབྱོར་དམ་ལྡན་སྒྲུབ་པ་པོའིཿ བསམ་པའི་དོན་དང་གཉེར་བའི་ལསཿ ཐེ་ཚོམ་མེད་པར་མྱུར་འགྲུབ་མཛོདཿ