DKYD-KABUM-07-JA-002

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

྅྅འཛམ་གླིང་གེ་སར་ལྷ་འཁོར་བསང་ཿ བཀྲ་ཤིས་དཔལ་གྱི་ཉི་མ་བཞུགསཿ«྅྅པད་མ་ཐོད་ཕྲེང་རྩལ་ལ་འདུདཿ འཛམ་བུའི་གླིང་ལ་དབང་སྒྱུར་ཞིངཿ རྒྱལ་བའི་ཕྲིན་ལས་ཕོ་ཉ་བཿ སེང་ཆེན་ནོར་བུ་དགྲ་འདུལ་གྱིཿ བསང་མཆོད་ཝེར་མའི་དགྱེས་སྐོང་བསྟནཿ བསང་དང་གསེར་སྐྱེམས་འདུ་བྱས་ལཿ »རཾ་ཡཾ་ཁཾཿ བསང་དང་གསེར་སྐྱེམས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་ལྔའི་སྤྲིན་འཕྲོ་བར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ལན་གསུམཿ »ཀྱེ་ཀྱེཿ འཛམ་གླིང་དབང་སྒྱུར་རིགས་ལྡན་སྤྲུལ་པའི་སྐུཿ ཤཱཀ་ཐུབ་བསྟན་པ་མ་རྫོགས་དེ་སྲིད་དུཿ རྒྱ་བོད་དཀར་པོ་ཆོས་ལ་སྒྱུར་བ་ཡིཿ ཞལ་བཞེས་གངས་རིའི་ལྗོངས་ལ་གནས་བཅས་པའི། དགྲ་ལྷ་གེ་སར་ནོར་བུ་དགྲ་འདུལ་དཔལཿ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལཿ བཛྲ་ས་མ་ཡ་ཛཿ ངོ་མཚར་རྒྱན་བཀོད་ཕུན་སུམ་ཚོགས་པ་ཡིཿ སྤྲུལ་པའི་གཞལ་ཡས་འདི་ལ་བཞུགས་སུ་གསོལཿ ཁྱོད་ལ་དད་ཅིང་གུས་པས་ཕྱག་བགྱིའོཿ སྔོན་གྱི་ཐུགས་དམ་རྗེས་སུ་དྲན་པར་མཛོད༔ ཀྱེ་ཀྱེཿ ཡུམ་ཆེན་འབྱུང་ལྔའི་མཁའ་ཀློང་ལས་བྱུང་ཞིངཿ ཟས་སྣ་འབྲུ་སྨན་ཤིང་རྩིར་སྦྱར་བ་ཡིསཿ དྲི་ཞིམ་བསང་གི་དུད་པས་ས་གསུམ་ཁྱབཿ འདོད་པའི་ཡོན་ཏན་ལྔ་ཡི་སྤྲིན་ཕུང་འཁྲིགསཿ འབྲུ་བཅུད་བདུད་རྩི་སྐྱེམས་ཕུད་མཚོ་ལྟར་བསྐྱིལཿ དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་པསཿ དགྲ་བླ་ལྷ་འཁོར་ཚོགས་བཅས་བསང་ངོ་མཆོདཿ འཛམ་གླིང་སྐྱེས་མཆོག་དམག་གི་རྒྱལ་པོ་བསངཿ རྨོག་དཀར་རིན་ཆེན་ཁྱུང་གཤེགས་ལྡེམ་འཕྲུལ་བསངཿ གོ་ཆ་ཁྲག་ནག་རྡོ་རྗེ་ཐོག་རྒྱུག་བསངཿ སྟག་རལ་གཡས་ན་གསེར་ལྟོང་སུམ་ཅུ༴ གཟིག་ཤུབ་གཡོན་ན་རྭ་རྒོད་འཁྱིལ་བ་བསངཿ ཤ་ཟན་མཚོན་ནག་རྡོ་རྗེ་བྲག་ཆོད༴ དགྲ་སྲོག་གཅོད་པའི་ཤེལ་གྱི་གྲི་ཆུང་༴ གསེར་སྒ་བལ་སྟན་གསེར་སྲབ་གཡུ་མཐུར༴ མགྱོགས་པ་རླུང་གཤོག་རྐྱང་རྒོད་ཕེར་བ༴ སྐྱབས་ཡུལ་རྩ་གསུམ་ལྷ་དང་སྲུང་མ་བསངཿ ལྷ་ཀླུ་གཉན་གྱི་དམག་ཚོགས་འཁོར་བཅས༴ ཕོ་ལྷ་མོ་ལྷ་དགྲ་ལྷ་ཝེར་མ༴ ལྕམ་སྲིང་དགྱེས་སྡེ་ཡུམ་གྱི་ཚོགས་བཅས༴ སྐུ་འཁོར་དམག་དཔོན་ཕུ་ནུ་སུམ་ཅུ་བསང། ཕྱི་འཁོར་ལྷ་སྲིན་སྡེ་བརྒྱད་དམག་ཚོགས༴ གཞན་ཡང་མཆོད་པར་འོས་རྣམས་ཐམས་ཅད༴ འདོད་ཡོན་ལྔ་ལྡན་བསང་གིས་མཉེས་གྱུར་ཅིག །མི་གཙང་ཉམས་གྲིབ་དམེ་འཁོར་ཀུན་དག་ནསཿ བདུད་རྩི་གསེར་སྐྱེམས་གཙང་མ་ཕུད་ཀྱིས་མཆོདཿ དགྱེས་པའི་ཞལ་སྟོན་འཛུམ་པའི་མདངས་ཕྱུང་ལཿ པདྨའི་རིང་ལུགས་གསང་སྔགས་བསྟན་པ་སྐྱོངཿ བདག་ཅག་རིག་འཛིན་ཚོགས་ལ་དངོས་གྲུབ་སྩོལཿ འཛམ་གླིང་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིརཿ ནད་མཚོན་མུ་གེ་དགྲ་གདོན་གནོད་པ་བཟློགཿ ཆབ་སྲིད་བསོད་ནམས་མངའ་ཐང་རིགས་རྒྱུད་སྤེལཿ བདེ་སྐྱིད་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་མཛོདཿ ཁྱོད་ནི་ཡིད་བཞིན་ནོར་བུ་རིན་པོ་ཆེཿ དཀར་ཕྱོགས་སྐྱོང་ཞིང་ནག་ཕྱོགས་འདུལ་མཛད་ནཿ སྔ་འགྱུར་བསྟན་ལ་སྡང་བའི་གདུག་པ་ཅནཿ བདུད་དང་དམ་སྲི་རྒྱལ་བསེན་འབྱུང་པོའི་སྡེཿ སྡང་དགྲ་བསམ་ངན་འཆང་བའི་གདུག་པ་ཅནཿ མིང་ཙམ་ལྷག་མ་མེད་པར་རྡུལ་དུ་རློགསཿ མཐུ་ལྡན་དཔའ་བོའི་དམག་ཚོགས་ངོ་སོ་བསྟོདཿ དགྲ་ལྷ་ཀྭི་བསྭོ་ཆའོ་ལྷ་རྒྱལ་ལོཿ ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོགཿ «འཛམ་གླིང་སྐྱེས་བུའི་བསང་མཆོད་སྒྲུབཿ བཀྲ་ཤིས་དཔལ་གྱི་ཉི་མ་འདིཿ བདག་འདྲ་པདྨ་ཐོད་ཕྲེང་གིསཿ སྐལ་ལྡན་རྗེས་འཇུག་དོན་དུ་སྨྲསཿ བྱིན་བརླབ་རྣོ་མྱུར་ཁྱད་འཕགས་སོཿ གཏེར་སྨྱོན་ཁྲག་འཐུང་རྡོ་རྗེས་པདྨའི་གསུངས་བཞིན་ཕབ་པ་ཆོས་བདག་རིག་པའི་ཡེ་ཤེས་ཀྱིས་ཡི་གེར་བཀོད་པའོཿ དགེའོ། །