DKYD-KABUM-05-CA-014
༄༅། །ཆོས་སྒྲུང་ནོར་བུའི་བང་མཆོད་ལསཿ སྒྲོལ་མའི་ཆོ་ག་འདོད་འཇོའི་བུམ་བཟང་བཞུགསཿ ༄༅། «།དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་མས་མཿ རྩ་གསུམ་ལྷ་དང་དྲང་སྲོང་རིག་འཛིན་ཚོགསཿ མཐ་སྟོབས་ནུས་དཔལ་གཅིག་བསྡུས་ལྷག་པའི་ལྷཿ རྒྱལ་ཡུམ་མ་གཅིག་འཕགས་མ་ཁྱོད་ལ་འདུདཿ གང་དེའི་ཆོ་ག་འདོད་འཇོ་ཡིད་བཞིན་གཏེརཿ སྲིད་པ་གསུམ་ན་དཀོན་པའི་ཡིད་བཞིན་དབང་ཿ བདག་འདྲ་འཛམ་གླིང་སྐྱེས་བུའི་མནོག་ཆོས་ཏེཿ སྙིང་དང་འདྲ་བའི་སྐལ་ལྡན་དོན་དུ་བཀོདཿ དེ་ལ་སྔོན་དུ་འགྲོ་བ་ནི་གཞི་གཙང་མའི་སྟེང་དུ་མཎྜལ་ཚོམ་བུ་གཅིག་པའི་མཐའ་བསྐོར་ཚོམ་བུ་ཉི་ཤུ་དང་མེ་ཏོག་བཀྲམ་པའི་མདུན་དུ་བུམ་པ་བཅུད་ལྡན་ལ་རྒྱན་མགུལ་ཆིངས་ཀྱིས་སྤྲས་པཿ གཡས་སུ་ཚེ་འབྲང་ཿ གཡོན་དུ་གལ་བཅུདཿ རྒྱབ་ཏུ་མདའ་དར་གསེར་གཡུ་དུང་གསུམ་གྱིས་བརྒྱན་པཿ མདུན་དུ་གཏོར་མ་དཀར་ཟླུམ་དཀར་གསུམ་མངར་གསུམ་ཤིང་ཏོག་གིས་བརྒྱན་པཿ གཡས་སུ་དཔལ་གཏོར་སྐྱུ་བུ་གྲངས་མེད་ཀྱིས་བསྐོར་ཞིང་ཤ་ཁྲག་གིས་བརྒྱན་པཿ རྒྱབ་ཏུ་དཀར་གཏོར་ཟས་སྣ་ཀླུ་སྨན་གྱིས་བརྒྱན་པཿ གཡོན་དུ་ཅོག་ལྡོག་ཆང་བུ་ཏིང་ལོ་འབྲུ་སྣ་ཡོས་ཁྲས་བརྒྱན་པཿ ཕྱོགས་བཞིར་མཆོད་པ་ཅི་འབྱོར་པར་བཤམས་ཤིང་དམ་ཚིག་དང་ལྡན་པའི་སྐལ་ལྡན་ཕོ་མོ་ཀུན་ཡན་ལག་ལྔ་ཁྲུས་བྱས་ཤིང་ཿ ཤིང་རྩིས་བདུགསཿ གོས་གསར་པ་གྱོནཿ གྲལ་དུ་འཁོད་ལ་ཐོག་མར་མི་རྟག་རྒྱུད་སྐུལ་ནིཿ »ཨེ་མ་ཧོཿ བསླུ་བ་མེད་པའི་མཆོག་གསུམ་རྩ་བ་གསུམཿ བརྩེ་བའི་བདག་ཉིད་དྲིན་ཆེན་བླ་མ་དང་ཿ ཡི་དམ་རྗེབཙུན་ཨཱརྱཱ་ཏཱ་རེ་མཿ མཁྱེན་ནོ་ཐུགས་རྗེའི་ཡེ་ཤེས་སྤྱན་གྱིས་གཟིགསཿ ཀྱེ་མ་སྐལ་ལྡན་རྡོ་རྗེའི་མཆེད་གྲོགས་རྣམསཿ དལ་འབྱོར་རིན་ཆེན་ཆུ་བུར་ལྟ་བུའི་ལུསཿ དོན་མེད་ལེ་ལོ་གཡེང་བའི་དབང་མ་གཏོང་ཿ རྩེ་གཅིག་སྒྲུབ་པ་མཆོག་ལ་བརྩོན་འགྲུས་བརྩམསཿ འཁོར་བའི་གྲོང་ཁྱེར་མི་རྟག་ཕུང་པོ་སྟེཿ བསྐལ་མཐར་མེ་བདུན་ཆུ་གཅིག་ཕྱི་སྣོད་འཇིགཿ དབྱར་དགུན་སྟོན་དཔྱིད་ནམ་ཟླའི་འགྱུར་ལྡོག་གིསཿ མི་རྟག་རང་མཚང་སྟོན་ལ་མི་སྐྱོའམ༔ ལོ་ཟླ་ལྟ་ཅི་ཞག་དང་དུས་ཚོད་ཀྱིསཿ གནས་པའི་ཡུལ་དང་ཕྱི་ཡི་འབྱུང་བའི་ཁམསཿ འགྱུར་ལྡོག་སྣ་ཚོགས་སྒྱུ་མའི་འཕྲུལ་ལྟར་ངོམཿ འདས་པའི་དུས་ན་བྱོན་པའི་སངས་རྒྱས་དང་ཿ བྱང་སེམས་རིག་འཛིན་རྒྱལ་བློན་ཁྱིམ་བདག་འབངསཿ ཐམས་ཅད་མི་རྟག་རང་མཚང་མངོན་གྱུར་བའིཿ སྒྲ་འཛིན་རྒྱན་ལས་མིག་གི་སྤྱོད་ཡུལ་དུཿ རང་གི་ཕ་མ་མེས་སྤུན་ཉེ་འབྲེལ་རིགསཿ ཡུལ་མི་ཁྱིམ་མཚེས་མཛའ་བཤེས་ཡུལ་གྱུར་ཀུནཿ ཕལ་ཆེར་མདང་གི་རྨི་ལམ་ཇི་བཞིན་གྱུརཿ གནས་སྐབས་གྲོགས་དང་ཡོ་བྱད་བདེ་སྡུག་ཀུནཿ ཉིན་མཚན་སྐད་ཅིག་འགྱུར་བའི་ཆོས་ཉིད་དེཿ མི་རྟག་རང་མཚང་སྟོན་དུས་མི་སྐྱོའམཿ ཀྱི་ཧུད་འཆི་བའི་སྡུག་བསྔལ་བཟོད་དཀའ་བཿ དེ་རིང་ཙམ་ལ་མི་འོང་གདིངས་མེད་དེཿ འཆི་རྐྱེན་གྲངས་མང་ནམ་མཁའི་གློག་ལྟར་མྱུརཿ ཚེ་ལ་ལོང་མེད་རླུང་གསེབ་མར་མེ་བཞིནཿ ཐབས་ཀྱིས་མི་ཟློག་རི་གཟར་ཤྭ་འུད་འདྲཿ བྲོས་ཀྱང་མི་ཐར་ཉི་ཟླ་གཟས་ཟིན་བཞིནཿ ཅི་ལྟར་བྱས་ཀྱང་འཆི་བ་ཆོས་ཉིད་དེཿ སྐད་ཅིག་ལག་པ་བརྐྱང་བསྐུམ་ཡུན་ལའང་ཿ འཆི་བར་ཉེ་བའི་མཚན་ཉིད་མི་དྲན་ནམཿ རང་ལ་དབང་མེད་གཅིག་པུར་འགྲོ་བའི་དུསཿ ཕ་མ་མཛའ་གཅུགས་གཉེན་བཤེས་ཟས་ནོར་ཀུནཿ ཤུལ་དུ་ལུས་ཤིང་དབང་བའི་སྐབས་མེད་ཅིང་ཿ གཅེས་པར་བཟུང་བའི་ལུས་ཀྱང་སྦྲུལ་ཤུན་བཞིནཿ དོར་ནས་རྣམ་ཤེས་བྱ་སྒྲོ་རླུང་ཁྱེར་འདྲཿ རང་ལ་དབང་མེད་ལས་ཀྱི་རླུང་གིས་དེདཿ དེང་འདིར་དཀའ་བས་བཙལ་བའི་ནོར་རྫས་དང་ཿ ཆགས་སྡང་སྡུག་བསྔལ་གྱིས་བརྩོན་འཁོར་བའི་རྒྱུསཿ གཞན་གྱི་ལོངས་སྤྱོད་རང་ལ་ཕན་པ་བྲལཿ ཚེ་འདིར་སྡུག་བསྔལ་དྲག་པོའི་འཁོར་བ་ལཿ འབད་པ་སྟོང་ལོག་ཡིན་པར་མི་ཤེས་སམཿ དམྱལ་བ་ཡི་དྭགས་དུད་འགྲོའི་གནས་རྣམས་སུཿ ཚ་གྲང་བཀྲེས་སྐོམ་བླུན་རྨོངས་སྡུག་བསྔལ་གྱིསཿ ཀུན་ནས་ཀུན་ཏུ་མནར་ཞིང་ཉམ་ཐག་པའིཿ འགྲོ་འདིའི་མྱ་ངན་སུས་ཀྱང་བཟོད་པར་དཀའཿ རིགས་དྲུག་ནང་ནས་མཆོག་གྱུར་དལ་འབྱོར་ལུསཿ ཐོབ་ཚེ་དོན་མེད་རང་དོན་སྡུག་བསྔལ་རྒྱུཿ སྒྲུབ་པར་བྱེད་འདི་ནོར་བ་ཆེན་པོ་སྟེཿ དེ་བས་གཏན་གྱི་བདེ་བ་མཆོག་བསྒྲུབ་ཕྱིརཿ ལུས་ངག་ཡིད་གསུམ་བྲན་དུ་བཀོལ་ནས་ཀྱང་ཿ སེམས་ཅན་གཞན་དོན་བརྩོན་འགྲུས་མི་བརྩོན་ནམཿ གཞན་གྱི་དོན་དུ་སྡུག་བསྔལ་ཅི་བྱུང་ཡང་ཿ ཐམས་ཅད་བྱང་ཆུབ་མཆོག་གི་ལམ་ཡིན་ཏེཿ ལོངས་སྤྱོད་བུ་དང་ཆུང་མ་རིན་ཆེན་སྲོགཿ བརླག་པར་གྱུར་ཀྱང་མྱ་ངན་འདའ་བའི་རྒྱུཿ རང་དོན་དམན་པའི་ཞེན་པ་བྲལ་བ་ཡིསཿ སེམས་ཅན་དོན་དུ་ཆགས་སྡང་མི་དགེའི་སྡིགཿ ཅི་ཙམ་བསགས་ཀྱང་རྨ་བྱས་དུག་ཟོས་བཞིནཿ ཐར་བ་མཆོག་གི་ལམ་ལ་ཐེ་ཚོམ་མེདཿ དེ་ཕྱིར་ཐར་པ་མཆོག་གི་བརྟུལ་ཞུགས་ཀྱིསཿ རང་ཉིད་བསྐལ་ཆེན་འབུམ་ཕྲག་དུ་མ་རུཿ དམྱལ་སོགས་སྡུག་བསྔལ་དཔག་མེད་མྱོང་གྱུར་ཀྱང་ཿ སྙིང་རྗེ་ཆེན་པོས་སེམས་ཅན་གཞན་གྱི་དོནཿ རྟག་ཏུ་འབད་པས་བསྒྲུབ་པར་དམ་བཅའོཿ «དེ་ནས་གནས་ཁང་ཡོ་བྱད་སྒྲུབ་པོ་རྣམས་ཆུ་གཙང་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱིས་ནུས་ལྡན་དུ་བསྒྲུབས་པས་ཁྲུས་ནས་དབྱུང་ཞིང་ལྷ་ཁྲུས་བྱཿ» ཀྱེ་དག་བྱེད་གཙང་མ་ལྷ་ཡི་ཆུ་རྒྱུན་གྱིསཿ མ་དག་ཉེས་པའི་ཚོགས་ཀུན་འཇོམས་བྱེད་ཅིང་ཿ ཕན་དང་བདེ་བའི་འབྱུང་གནས་བླ་ན་མེདཿ སྦྱོང་བར་བྱེད་པ་རྟེན་འབྲེལ་བདུད་རྩིའི་ཆབཿ རེག་པ་ཙམ་གྱིས་དམ་གྲིབ་ཉམས་གྲིབ་དང་ཿ མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིགཿ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤུདྡྷེ་ཤུདྡྷེ་ཧཱུྃཿ «དེ་ནས་ལྷ་ཤིང་ཕྱེ་མར་དཀར་གསུམ་མངར་གསུམ་གྱི་བསང་བཏང་བརཿ» རཾ་ཡཾ་ཁཾ་དང་ཿ ཨོཾ་ཨཱཿ་ཧཱུྃ་ཧ་ཧོ་ཧྲཱིཿ «ལན་བདུན་གྱིས་བྱིན་གྱིས་བརླབཿ ཆབ་བྲནཿ ཤིང་རྩི་དང་སྤོས་སྨན་བདུག་ཅིངཿ »ཀྱཻ་དྷཱིཿལས་བྱུང་བའི་མཆོད་པའི་ལྷ་མོ་ནིཿ སྐུ་མདོག་དམར་སེར་རིན་ཆེན་རྒྱན་གྱིས་བརྒྱནཿ དྲི་ཞིམ་སྤོས་ཕོར་འཛིན་ཅིང་བདུག་པ་འདིཿ འབྲུ་གསུམ་ལས་བྱུང་ཡེ་ཤེས་བདུད་རྩིའི་སྤྲིནཿ ས་དང་བར་སྣང་ནམ་མཁའི་ཁྱོན་གང་འདིསཿ བསྐལ་བཟང་འདྲེན་པ་སྟོང་རྩ་སངས་རྒྱས་སྡེཿ སྡེ་སྣོད་ཐེག་རིམ་ལུང་རྟོགས་དམ་པའི་ཆོསཿ བྱང་སེམས་ཉན་རང་འཕགས་པའི་དགེ་འདུན་ཚོགསཿ སྐྱབས་ཀྱི་དམ་པ་དཀོན་མཆོག་རྣམ་གསུམ་བསངསཿ བཀའ་བརྒྱུད་བསྒྲུབ་བརྒྱུད་ཡང་དག་དོན་གྱི་བརྒྱུདཿ ཀུན་བཟང་རྡོར་སེམས་དགའ་རབ་པདྨ་འབྱུང་ཿ དྲིན་ཆེན་རྩ་བའི་བླ་མའི་བར་བྱོན་པའིཿ བརྒྱུད་པ་དྲུག་ལྡན་དཔལ་ལྡན་བླ་མ་རྣམསཿ ཡི་དམ་རྒྱུད་སྡེ་ཕྱི་ནད་ཐེག་རིམ་དགུའིཿ ཞི་ཆགས་ཁྲོ་བོའི་ལྷ་ཚོགས་བསམ་ཡས་གྲངསཿ དབྱིངས་ལས་ཡེ་ཤེས་རིགས་ལྔའི་ཌཱཀྐིའི་ཚོགསཿ དམ་ཚིག་ལས་དང་ཤ་ཟ་འཇིག་རྟེན་སྡེཿ རྩ་བ་གཉིས་ཀྱི་ལྷ་ཚོགས་འཁོར་བཅས་བསང་ཿ དུས་གསུམ་རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་པཿ སྙིགས་དུས་འགྲོ་བ་མགོན་མེད་ཉམ་ཐག་ལཿ ཐུགས་རྗེའི་ལྕགས་ཀྱུས་འདྲེན་ཞིང་སྐྱོབ་པའི་མགོནཿ ཐུགས་རྗེ་གློག་ལྟར་མྱུར་མཛད་ལྷག་པའི་ལྷཿ རྗེ་བཙུན་འཕགས་མ་ཏཱ་རེ་ཉེར་གཅིག་འཁོརཿ རིག་འཛིན་དྲང་སྲོང་དཔའ་བོ་རྣལ་འབྱོར་མཿ གསང་སྔགས་རིགས་སྔགས་གྲུབ་པའི་ལྷ་མོའི་ཚོགསཿ ཞིང་རྡུལ་མཉམ་པའི་གཙོ་འཁོར་ཡོངས་རྫོགས་བསང་ཿ མཐུ་ལྡན་མགོན་པོ་མ་མོ་ནག་མོ་དང་ཿ གཟའ་རྒོད་དམ་ཅན་རྡོར་ལེགས་ཤན་པའི་སྡེཿ ཕོ་རྒྱུད་མོ་རྒྱུད་དཔལ་མགོན་བདུན་ཅུ་ལྔཿ དྲེགས་ཆེན་བཅོ་བརྒྱད་སྡེ་དཔོན་སུམ་ཅུ་དང་ཿ བཀའ་གཏེར་སྐྱོང་བའི་སྲུང་མའི་ཚོགས་བཅས་བསང་ཿ ཁྱད་པར་མ་སྲིང་གྲོགས་བཞིན་བརྩེ་བའི་ལྷཿ གཡུ་ལོ་བཀོད་གནས་སྤྲུལ་བསྒྱུར་ལུས་བསྐྱེད་པའིཿ ཙཱ་རི་ཊ་ཡི་ཞིང་ཁམས་སྐྱོང་མཛད་པཿ འཛམ་གླིང་རྒྱལ་པོའི་གླིང་ལྷ་མཐུ་རྩལ་ཅནཿ སྲིད་གསུམ་དབང་བསྒྱུར་ལྷོ་རྒྱལ་འཛམ་བུའི་གླིང་ཿ སྡེ་བརྒྱད་ཟོ་དོར་སྐྱེ་འགྲོའི་སྲོག་གི་བདགཿ སྤྱི་ཡི་རྗེ་མོ་སྤྲུལ་པའི་ཡུམ་ཆེན་བསང་ཿ མེས་པོ་ཆེན་པོ་གཉན་པོ་གཡུ་བརྩེ་བསང་ཿ ཨ་ཕྱི་ཀླུ་བདུད་དྷེ་མ་གཏུམ་ཆེན་བསང་ཿ ཡབ་ཆེན་གཉན་རྒྱལ་རྡོ་རྗེ་ཐོད་རྩལ་བསང་ཿ ཡུམ་མཆོག་དུང་མདོག་གཡུ་ཡི་རལ་ཅན་བསང་ཿ སྲིང་མོ་མ་གཅིག་གཡུ་ཡི་སྒྲོལ་མ་བསང་ཿ སྲིང་ཆུང་མ་མོ་གཡུ་མདོག་མཚལ་མིག་བསང་ཿ དགྱེས་སྡེ་གདུག་པའི་ཀླུ་མོ་མཆེད་བཞི་བསང་ཿ བརྩེ་གྲོགས་ཀླུ་མོ་མཛེས་བྱེད་སྤུན་བདུན་བསང་ཿ སྲས་མོ་གཡུ་འོད་མཛེས་ལྡན་སྤུན་གསུམ་བསང་ཿ བྱིན་རླབས་སྤྲུལ་བསྒྱུར་དུང་སྐྱོང་ལྷ་མོ་བསང་ཿ མཐུ་ལྡན་སྲིད་གསུམ་ལས་ལ་དབང་བསྒྱུར་བའི༔ མིང་པོ་སྲས་མཆོག་འོད་ལྡན་སྤུན་གསུམ་བསང་ཿ གསང་བའི་བློན་པོ་དྲེགས་ལྡན་མཆེད་བཞི་དང་ཿ བློན་པོ་དྲེག་རྩལ་ཐོག་རྒྱུག་སྤུན་གསུམ་བསང་ཿ སྐུ་ཡི་བློན་པོ་དྷརྨཱ་ཕ་ལ་དང་ཿ གསུང་གི་བློན་པོ་དྷེ་ཝ་རཀྴ་རྩལཿ ཐུགས་ཀྱི་བློན་པོ་བདུད་རྗེ་བདུད་ནག་ཅནཿ སོ་སོའི་བཀའ་འཁོར་དྲེགས་པའི་ཚོགས་བཅས་བསང་ཿ ནང་གི་བློན་པོ་ཤན་པ་མཆེད་བརྒྱད་བསང་ཿ ཕྱི་ཡི་བློན་པོ་དྲེགས་པ་སྡེ་བདུན་བསང་ཿ བཀའ་ཡི་གཉེར་འཛིན་ཀླུ་ཡི་མཆེད་བརྒྱད་བསང་ཿ ལས་ལ་དབང་བསྒྱུར་བདུད་མོ་མཆེད་བཞི་བསང་ཿ དམ་ཚིག་ཁྲིམས་འཛིན་ཀླུ་བདུད་ནག་པོ་བསང་ཿ བཀའ་ཉན་ལས་འཛིན་བརྒྱ་དང་དྲུག་ཅུ་བསང་ཿ སོ་སོའི་བཙུན་མོ་སྲས་དང་གཡོག་འཁོར་བཅསཿ མ་ལུས་ལུས་པ་མེད་པའི་ཚོགས་བཅས་བསང་ཿ འཁོར་ཚོགས་བྱེ་བ་དུང་ཕྱུར་རྡུལ་སྙེད་གྲངསཿ ཤིང་རྩི་སྤོས་སྨན་དྲི་ཡིས་བསང་གྱུར་ཅིགཿ དྲི་ཞིམ་དགོས་འདོད་ཀུན་འབྱུང་བསང་དུད་སྤྲིནཿ ས་འོག་ས་སྟེང་ས་བླའི་གནས་ཁྱབ་པཿ སྟོང་ཉིད་བྱང་ཆུབ་སེམས་ཀྱིས་བྱིན་རླབས་པའིཿ གང་འདོད་འདོད་ཡོན་ལོངས་སྤྱོད་ཀུན་བཟང་སྤྲིནཿ བླ་ན་མེད་པ་འཛད་མེད་རིན་ཆེན་གཏེརཿ སོ་སོར་དགྱེས་སྐོང་དགའ་བདེའི་དཔལ་ལ་སྤྱོདཿ མི་གཙང་ཉམས་གྲིབ་མ་ལུས་དག་གྱུར་ཅིགཿ སྐུ་གསུང་ཐུགས་སོགས་དམ་ཚིག་ཉམས་པའི་གྲིབཿ དམེ་ཡུགས་མཛེ་གསུམ་ལྷ་སྲུང་མནོལ་བའི་གྲིབཿ ཟས་གོས་རིགས་ངན་མ་རབ་མི་གཙང་གྲིབཿ ཐབ་གཞོབ་བག་མེད་གློ་བུར་རྐྱེན་གྱི་གྲིབཿ ལོག་ལྟ་སྒྲོ་སྐུར་ཐེ་ཚོམ་རྣམ་རྟོག་གྲིབཿ གཞན་ཡང་མནོལ་ཞིང་གཙོག་པའི་རིགས་གྱུར་ཀུནཿ བདུད་རྩི་བསང་གིས་དག་ཅིང་སངས་གྱུར་ཅིགཿ སང་ངེ་སལ་ལེ་ཤུདྡྷེ་ཨཿ དཀོན་མཆོག་རྩ་གསུམ་ཆོས་སྲུང་དཀར་སྐྱོང་ལྷཿ བསང་ངོ་གསོལ་ལོ་མཆོད་དོ་དབུ་འཕང་བསྟོདཿ སྟེང་ལྷ་ཁམས་རྣམས་ཀྱང་བསང་བར་བྱཿ བར་གཉན་ཁམས་རྣམས་ཀྱང་བསང་བར་བྱཿ འོག་ཀླུ་ཁམས་རྣམས་ཀྱང་བསང་བར་བྱཿ ཡུལ་ལྷ་གཞི་བདག་རྣམས་ཀྱང་བསང་བར་བྱཿ ཕོ་ལྷ་དགྲ་ལྷ་རྣམས་ཀྱང་བསང་བར་བྱཿ སོ་སོར་བདུད་རྩི་བསང་གི་ཡོན་ཏན་གྱིསཿ སྐུ་གསུམ་ཐུགས་ལ་ཉེས་པའི་སྐྱོན་བྲལ་ནསཿ མཐུ་སྟོབས་ནུས་རྩལ་རྫུ་འཕྲུལ་ཡོན་ཏན་རྒྱསཿ སྲིད་ཞིར་དབང་བསྒྱུར་རྩལ་བའི་ནུས་བཅུད་འདྲེནཿ མ་རུང་དགྲ་བགེགས་ལོག་འདྲེན་རྡུལ་དུ་བརླགཿ ལས་བཞི་རབ་འབྱམས་འགྲུབ་པའི་ནུས་ལྡན་གྱུརཿ «ཅེས་བསང་ཤིང་གསེར་སྐྱེམས་མཆོད་པ་ནིཿ འབྲུ་སྣ་དང་གསེར་གཡུ་བརྡར་བ་བྲན་ཞིང་ཿ» རཾ་ཡཾ་ཁཾཿ «ལན་གསུམཿ» ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ལན་བདུན་གྱིས་བྱིན་གྱིས་བརླབས་ལཿ »ཀྱཻཿ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྡེཿ བླ་མ་ཡི་དམ་ཡེ་ཤེས་མཁའ་འགྲོའི་ཚོགསཿ མ་མགོན་གཟའ་བདུད་ལ་སོགས་སྲུང་མའི་ཚོགསཿ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་ཕྲིན་ལས་སྒྲུབསཿ པོ་ཊ་ལ་དང་གཡུ་ལོ་བཀོད་ཞིང་ནསཿ འཕགས་མ་སྒྲོལ་མ་འཇིག་རྟེན་ལས་མཛད་སྐུརཿ ཡོངས་བཞེངས་རྗེ་མོ་ཐ་ལེ་གཡུ་མཚོ་རྒྱལཿ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་དངོས་གྲུབ་སྩོལཿ རང་སྣང་སྤྲུལ་པའི་ཞིང་ཁམས་ཙཱ་རི་ཊརཿ གནས་བཅས་ཡབ་ཡུམ་སྲས་དང་སྲིང་མོ་གྲོགསཿ དྲག་རྩལ་ཐོགས་མེད་འོད་ལྡན་སྤུན་གསུམ་བཅསཿ གསེར་སྐྱེམས་འདི་བཞེས་སྐྱེས་བུའི་འདོད་དོན་སྒྲུབསཿ གསང་བ་སྐུ་གསུང་ཐུགས་དང་ཕྱི་ནང་གིཿ བློན་པོ་ཕོ་ཉ་ལས་མཁན་གཉེར་འཛིན་སྡེཿ བཙུན་མོ་སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་བཅསཿ གསེར་སྐྱེམས་འདི་བཞེས་གང་བཅོལ་ཕྲིན་ལས་སྒྲུབསཿ ལྷོ་རྒྱལ་འཛམ་གླིང་སྤྱི་ལ་གནས་བཅས་དང་ཿ བྱེ་བྲག་ཡུལ་འདིར་མཆིས་པའི་དཀར་ཕྱོགས་སྐྱོང་ཿ ཟོ་དོར་ཡུལ་ལྷ་སྡེ་བརྒྱད་གཞི་བདག་རིགསཿ གསེར་སྐྱེམས་འདི་བཞེས་དམ་ལས་མ་འདའ་ཅིགཿ བདུད་རྩི་ཟག་མེད་གསེར་སྐྱེམས་མཆོད་པ་འདིཿ བཞེས་ལ་སྐྱེས་བུའི་འདོད་པའི་དོན་རྣམས་ཀུནཿ ཡིད་བཞིན་ནོར་བུར་གསོལ་བ་བཏབ་པ་བཞིནཿ འབད་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོདཿ« ཅེས་མཆོད་དོཿ དེ་ནས་གཉུག་མར་གནས་པ་རྣམས་ལ་དཀར་གསུམ་གྱིས་བརྒྱན་པའི་གཏོར་མཿ »ཨ་ཀ་རོ་«ལན་གསུམ་གྱིས་བྱིན་གྱིས་བརླབས་ལཿ »གང་དག་ཡུལ་ཕྱོགས་འདི་དག་ལཿ གཉུག་མར་གནས་པའི་ཚོགས་ཀུན་དང་ཿ ས་བདག་རྗེ་བློན་འབངས་འཁོར་བཅསཿ ས་ཡི་ལྷ་མོ་བརྟན་མ་དང་ཿ ས་འཛིན་ལྟོ་འཕྱེ་མིའམ་ཅིཿ འབྱུང་པོ་ཤ་ཟ་སྲིན་པོ་དང་ཿ ཡི་དྭགས་ལ་སོགས་འཁོར་བཅས་རྣམསཿ མཆོད་སྦྱིན་གཏོར་མ་འདི་བཞེས་ལཿ རྣལ་འབྱོར་བདག་ཅག་འཁོར་བཅས་ལཿ ནད་མེད་ཚེ་དང་དབང་ཕྱུག་དང་ཿ དཔལ་དང་གྲགས་དང་སྐལ་བ་བཟང་ཿ ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་ཿ ཞི་དང་རྒྱས་ལ་སོགས་པ་ཡིཿ ལས་ཀྱི་དངོས་གྲུབ་བདག་ལ་སྩོལཿ དམ་ཚིག་ཅན་གྱི་བདག་ལ་སྲུངསཿ དངོས་གྲུབ་ཀུན་ཀྱི་སྡོང་གྲོགས་མཛོདཿ དུས་མིན་འཆི་དང་ནད་རྣམས་དང་ཿ གདོན་དང་བགེགས་རྣམས་མེད་པར་མཛོདཿ རྨི་ལམ་ངན་དང་མཚན་མ་ངནཿ བྱ་བྱེད་ངན་པ་མེད་པར་མཛོདཿ འཇིག་རྟེན་བདེ་ཞིང་ལོ་ལེགས་དང་ཿ འབྲུ་རྣམས་འཕེལ་ཞིང་ཕྱུག་འཕེལ་ལོཿ དགེ་ལེགས་ཕུན་སུམ་ཚོགས་པའི་གནསཿ ཡིད་ལ་འདོད་པ་ཀུན་འགྲུབ་ཤོགཿ «ཅེས་གཏོར་མ་གཤེགས་ཤིང་ཆོ་ག་དངོས་ལ་འཇུག་པ་ནི༔ མདུན་གྱི་ནམ་མཁར་གཡུ་ལོ་བཀོད་པའི་ཞིང་ཁམས་བལྟ་ན་སྡུག་ཅིང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རིན་པོ་ཆེའི་ཁྲི་རྐང་མཛེས་པའི་ཁར་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གྱི་ཕུང་པོ་ལྟར་བསྐོར་བའི་སྤྱི་བོར་རྩ་བའི་བླ་མ་དང་དབྱེར་མེད་པའི་མགོན་པོ་འོད་དཔག་མེད་བཞུགས་པ་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་སྙིང་ཁུང་རུས་པའི་གཏིང་ནས་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་རིན་པོ་ཆེ་བསྐྱེད་ཅིང་ལྷག་པའི་ལྷ་མཆོག་རྗེ་བཙུན་འཕགས་མ་བསྒྲུབ་པར་བགྱིའོ་སྙམ་དུཿ སྐྱབས་སུ་འགྲོ་བ་ནིཿ »ན་མོ་རྐང་གཉིས་གཙོ་བོ་རྫོགས་པའི་སངས་རྒྱས་དང་ཿ ལུང་རྟོགས་བདེན་གཉིས་ངོ་བོ་དམ་པའི་ཆོསཿ རིག་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན་ཚོགསཿ བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིཿ བྱིན་རླབས་རྩ་བ་བཀའ་བརྒྱུད་བླ་མའི་ཚོགསཿ འབད་མེད་དངོས་གྲུབ་སྩོལ་བའི་ཡི་དམ་ལྷཿ བར་ཆད་རྐྱེན་སེལ་མཐུན་སྒྲུབ་མཁའ་འགྲོའི་ཚོགསཿ རྩ་བ་གསུམ་ལ་སྐྱབས་སུ་ཉེ་བར་མཆིཿ ཕྱོགས་བཅུའི་ཞིང་གི་སངས་རྒྱས་བྱང་སེམས་དང་ཿ རྩ་གསུམ་ལྷ་ཚོགས་ཕྲིན་ལས་གཅིག་བསྡུས་དཔལཿ ཐུགས་རྗེ་མྱུར་མགྱོགས་འཕགས་མ་སྒྲོལ་མཛད་མཿ འཁོར་དང་བཅས་ལ་གུས་པས་སྐྱབས་སུ་མཆིཿ ངོ་བོ་གདོད་མའི་རྒྱལ་སར་ཆེར་དབུགས་དབྱུང་ཿ རང་བཞིན་ལོངས་སྐུའི་ཞིང་ཁམས་མངའ་དབང་བསྒྱུརཿ ཐུགས་རྗེ་འགྲོ་ངོར་དྲེགས་ལྡན་ཚུལ་བཟུང་བའིཿ མཐུ་ལྡན་ཚོགས་ལ་གུས་པས་སྐྱབས་སུ་མཆིཿ «ལན་གསུམ༴ སེམས་བསྐྱེད་ནི༔ »བདག་དང་འགྲོ་བ་སེམས་ཅན་རྣམསཿ ཡེ་ནས་གཉིས་སུ་མེད་པ་ལཿ མ་རིག་འཐིབ་པོས་རྒྱུ་བྱས་ཏེཿ མཐའ་མེད་འཁོར་བའི་གནས་སུ་འཁྱམསཿ སྡུག་བསྔལ་ཆུ་བོ་ཆེར་བྱིང་ནཿ ད་ནི་སྲིད་པའི་སྡུག་བསྔལ་ལསཿ ཐར་ཕྱིར་བྱང་ཆུབ་མཆོག་གི་སེམསཿ ཡང་དག་ཉིད་དུ་བསྐྱེད་པར་བགྱིཿ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིསཿ སྡོམ་པ་མཆོག་ལ་གནས་མཛད་ཅིང་ཿ བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟརཿ སེམས་ཅན་སྡུག་བསྔལ་བསལ་བའི་ཕྱིརཿ བདག་ཀྱང་བྱང་ཆུབ་ལམ་འཇུག་ཅིང་ཿ སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུསཿ བསམ་གཏན་ཤེས་རབ་ཕར་ཕྱིན་ལམཿ ཡང་དག་ཉིད་དུ་འཇུག་པར་བགྱིཿ བདག་གིས་སྡུག་བསྔལ་བཟོད་བྱེད་ཅིང་ཿ མ་བསྒྲལ་བསྒྲལ་དང་མ་གྲོལ་སྒྲོལཿ དབུགས་དབྱུང་མྱ་ངན་འདས་འགོད་སོགསཿ སེམས་ཅན་དོན་དུ་བྱང་ཆུབ་སེམསཿ ཐམས་ཅད་བླ་ན་མེད་བཟུང་ནསཿ ངན་སོང་གསུམ་སོགས་སྡུག་བསྔལ་གྱིསཿ བདག་ཉིད་གཅིག་པུ་མནར་གྱུར་ཀྱང་ཿ འགྲོ་རྣམས་མྱ་ངན་འདས་འགོད་བྱཿ སེམས་ཅན་གཅིག་གི་དོན་ཉིད་དུཿ མནར་མེད་དམྱལ་བར་བསྐལ་ཆེན་འབུམཿ བསྲེགས་ཀྱང་བྱང་ཆུབ་མཆོག་གི་སེམསཿ སྐད་ཅིག་ཙམ་ཡང་མི་གཏོང་ངོ་ཿ བདག་ལ་ཕན་པའི་དྲིན་བགྱིད་དམཿ གནོད་ཅིང་སུན་འབྱིན་སྐུར་པ་འདེབསཿ ཐམས་ཅད་མཉམ་པ་ཉིད་བལྟ་ཞིངཿ འཕགས་མའི་གོ་འཕང་ལ་འགོད་བྱཿ« འདི་ལན་གསུམ་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་མི་འདའ་བའི་དམ་བཅའ་བཟུངཿ དེ་ནས་མཎྜལ་འབུལ་བ་ནིཿ སོ་བདུན་མའི་ཚོམ་བུ་འགོད་ཅིངཿ» མཎྜལ་ཁཾཿ རིན་ཆེན་མཎྜལ་བླ་ན་མེད་པའི་དཔལཿ རི་རབ་གླིང་བཞི་གླིང་ཕྲན་རྒྱལ་སྲིད་བདུནཿ འཁོར་ཡུག་ལྕགས་རི་མཆོད་པའི་ལྷ་མོར་བཅས༔ སྟོང་གསུམ་ཞིང་བཀོད་ལྷ་མིའི་དཔལ་འབྱོར་རྫསཿ ལྔ་ལྡན་ལོངས་སྤྱོད་རྫོགས་པའི་ཞིང་བཀོད་མཛེསཿ རིགས་ལྔའི་འདོད་ཡོན་ལོངས་སྤྱོད་དཔག་ཏུ་མེདཿ ཆོས་དབྱིང་ཐིམ་ལ་མ་རྨུགས་བུམ་སྐུའི་གདངསཿ དངོས་སམ་ཡིད་ཀྱིས་སྤྲུལ་ཏེ་འབུལ་བར་བགྱིཿ སྐུ་གསུམ་མཎྜལ་བཟང་པོ་འདི་ཕུལ་བསཿ མ་རིག་འཁྲུལ་བའི་སྒྲིབ་གཉིས་ཡོངས་དག་ཅིང་ཿ རིག་པ་ཡེ་ཤེས་ཆོས་སྐུའི་ཞལ་མཐོང་ནསཿ རང་སྣང་ཡི་དམ་ལྷ་དང་དབྱེར་མེད་ཤོགཿ «ཅེས་ལན་གསུམ་མམ་ཅི་རིགས་འབུལཿ ཡན་ལག་བདུན་པ་ནིཿ »ཇི་སྙེད་རྒྱལ་བའི་ཞིང་ཁམས་མ་ལུས་ནཿ བཞུགས་པའི་སངས་རྒྱས་སྲས་དང་སློབ་མར་བཅསཿ ཕྲིན་ལས་དབང་བསྒྱུར་འཕགས་མཆོག་ཡི་དམ་ལྷཿ འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོཿ སྟོང་གསུམ་རབ་འབྱམས་ཞིང་ན་ལྷགས་པ་ཡིཿ མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་རིགསཿ དངོས་འབྱོར་བཤམས་ཤིང་ཡིད་ཀྱིས་སྤྲུལ་བགྱིས་ཏེཿ བླ་ན་མེད་པའི་མཆོད་པ་རྒྱ་མཚོས་མཆོདཿ ཐོག་མར་འཁྲུལ་པ་ནས་བཟུང་ད་ལྟ་ཡནཿ ཚོར་དང་མ་ཚོར་སྒོ་གསུམ་བག་མེད་དུཿ གྱུར་པའི་ཉེས་ལྟུང་ཉམས་ཆག་སྡིག་སྒྲིབ་ཀུནཿ རང་གནོང་འགྱོད་པ་དྲག་པོས་མཐོལ་ལོ་བཤགསཿ འདྲེན་པ་སྲས་བཅས་རྣམས་ཀྱི་མཛད་པ་དང་ཿ འཕགས་མ་མཆོག་གིས་སེམས་ཅན་དོན་ཉིད་དུཿ ཐུགས་བསྐྱེད་དམ་བཅའ་ཕྲིན་ལས་ཤུགས་དྲག་པའིཿ ཡོན་ཏན་རྗེས་སུ་དྲན་པས་ཡི་རང་ངོ་ཿ རྗེ་བཙུན་ཁྱོད་ཀྱིས་འཁོར་བ་མ་སྟོངས་བརཿ རླབས་ཆེན་ཐུགས་རྗེས་སེམས་ཅན་དོན་མཛད་ཅིངཿ བཤེས་གཉེན་རྣམས་ཀྱིས་གསང་སྔགས་ཟབ་མོ་ཡིཿ ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བར་བསྐུལཿ རྒྱལ་ཚབ་རིག་འཛིན་རྣལ་འབྱོར་ཕོ་མོའི་ཚོགསཿ འགྲོ་བའི་ལོག་བསྒྲུབ་རྐྱེན་གྱི་མི་སུན་པརཿ བསྐལ་པ་རྒྱ་མཚོར་བཞུགས་པར་གསོལ་བ་འདེབསཿ ཟག་བཅས་བསོད་ནམས་དགེ་བའི་ཕུང་པོ་དངཿ ཟག་མེད་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའིཿ དེ་བཞིན་ཡང་དག་དགེ་རྩ་བླ་མེད་ཀུནཿ འགྲོ་རྣམས་འཕགས་མའི་གོ་འཕང་ཐོབ་ཕྱིར་བསྔོཿ «ཞེས་འབུལ་ཞིངཿ མཆོད་པ་བྱིན་གྱིས་བརླབ་པ་ནིཿ »ཨ་མྲྀ་ཏ«ས་བསངཿ» སྭཱ་བྷཱ་ཝ«ས་སྦྱངསཿ» སྟོང་པའི་ངང་ལས་ཏིང་ངེ་འཛིན་གྱིས་རྣམ་པར་སྤྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་རབ་འབྱམས་ནམ་མཁའི་མཐའ་ཀླས་པ་གདུགས་དང་བ་དན་བླ་བྲེ་སོགས་ས་དང་བར་སྣང་ནམ་མཁའི་དབྱིངས་ཁྱབ་པ་མཆོད་ཡུལ་རྣམས་མཉེས་པར་བྱེད་པའི་རྫས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་དུ་གྱུར་ཅིགཿ སུ་ར་སུ་ར་ཨ་བརྟ་ཡ་ཧོཿ «མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམཿ དེ་ནས་བྱིན་དབབ་པ་ནིཿ »ཆོས་སྐུ་མཁའ་འདྲ་ལོངས་སྐུ་ཉི་ལྟར་གསལཿ སྤྲུལ་སྐུ་ཐུགས་རྗེའི་ཟེར་གྱིས་དོན་མཛད་པའིཿ སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམསཿ ཐུགས་དམ་བསྐུལ་ལོ་བྱིན་ནུས་དངོས་གྲུབ་སྩོལཿ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནསཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནསཿ ཆོས་སྐུའི་སྟོན་པ་ཀུན་བཟང་ཡབ་ཡུམ་ལཿ ཉིད་ལས་མི་གཞན་ཞལ་ཕྱག་དག་པའི་འཁོརཿ གཞི་ལས་འཁྲུལ་པ་མེད་པར་བྱིན་ཕོབ་གཅིགཿ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནསཿ མེ་རི་འབར་བའི་དུར་ཁྲོད་ཆེན་པོ་ནསཿ མངོན་རྫོགས་ཁྲག་འཐུང་ཧེ་རུ་ཀ་ཡབ་ཡུམཿ སྤྲུལ་པ་དྲག་པོ་རོལ་པའི་འཁོར་ཚོགས་བཅས༔ མ་རིག་རུ་ཏྲ་བསྒྲལ་བར་བྱིན་ཕོབ་ཅིགཿ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནསཿ བདེ་ཆེན་གསང་བ་མཆོག་གི་ཞིང་ཁམས་ནསཿ འཆི་མེད་བདེ་སྟེར་པདྨ་བཛྲ་རོལཿ ཆགས་ཆེན་བདེ་བ་ཆེན་པོར་སྦྱོར་བའི་འཁོརཿ ལྷན་སྐྱེས་ཡེ་ཤེས་ཆེན་པོར་བྱིན་ཕོབ་ཅིགཿ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནསཿ གསང་ཆེན་གཏུམ་དྲག་རོལ་པའི་དུར་ཁྲོད་ནསཿ ཧེ་རུ་ཀ་དཔལ་བདུད་འདུལ་དྲག་མོ་ཡུམཿ འཛིན་པ་རང་གྲོལ་དྲག་པོའི་སྒྲོལ་བའི་འཁོརཿ སྒྲོལ་བ་སྙིང་རྗེ་ཆེན་པོར་བྱིན་ཕོབ་ཅིགཿ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནསཿ ངེས་པ་ལྡན་ལོངས་སྐུའི་ཞིང་ལྔ་ནསཿ རིགས་ལྔའི་སངས་རྒྱས་ཡུམ་ཆེན་བཙུན་མོ་ལྔཿ ས་བཅུའི་བྱང་སེམས་རིག་འཛིན་ཕོ་མོའི་འཁོརཿ ཡེཤེས་རང་ངོ་འཕྲོད་པར་བྱིན་ཕོབ་ཅིགཿ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནསཿ དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་ནསཿ པདྨ་འབྱུང་གནས་མནྡྷ་ར་བ་ཡུམཿ རིག་པ་འཛིན་པའི་ས་ལ་དབང་བསྒྱུར་འཁོརཿ དབང་བཞི་ཡོངས་སུ་རྫོགས་པར་བྱིན་ཕོབ་ཅིགཿ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནསཿ རང་ལུས་རྩ་ཁམས་དག་པའི་ཞིང་ཁམས་ནསཿ རྟ་ཕག་ཡབ་ཡུམ་ཡི་དམ་དབང་གི་རྒྱལཿ དམ་པ་རིགས་བརྒྱའི་ཞི་ཆགས་ཁྲོ་བོའི་འཁོརཿ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་ཕོབ་ཅིགཿ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནསཿ སྤྲིན་ནག་འདུས་དང་གནས་ཡུལ་དུར་ཁྲོད་ནསཿ ཁྲོས་མ་སིདྷ་རིགས་ལྔའི་མཁའ་འགྲོ་མཿ ཡེ་ཤེས་དམ་ཚིག་ལས་དང་ཤ་ཟའི་འཁོརཿ རྐྱེན་ངན་བར་ཆད་བཟློག་པར་བྱིན་ཕོབ་ཅིགཿ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནསཿ བཀའ་དང་དམ་ཚིག་གཉན་པོའི་གཞལ་ཡས་ནསཿ མ་མགོན་གཟའ་དམ་བཀའ་ཡི་སྲུང་མ་ཆེཿ དམ་ཚིག་བྱ་ར་བྱེད་པ་དྲེགས་པའི་འཁོརཿ ཕྲིན་ལས་རྣམ་བཞི་སྒྲུབ་པར་བྱིན་ཕོབ་ཅིགཿ གནས་ཁང་གཞལ་ཡས་འདི་ལ་བྱིན་ཕོབ་ཅིགཿ སྒྲུབ་པོའི་ལུས་ངག་ཡིད་གསུམ་དག་པར་སྒྱུརཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བཀྲག་ཅིག་སྟོནཿ ལྷ་སྲུང་གཉན་པོ་རྣམས་ལ་མཐུ་ནུས་རྩོལཿ དགྲ་བླ་ཝེར་མ་རྣམས་ལ་མདངས་ཤིག་ཕྱུངསཿ སྒྲུབ་རྫས་མཆོད་རྫས་རྣམས་ལ་ནུས་བཅུད་སྤེལཿ ཁམས་གསུམ་སྐྱེ་དགུའི་བླ་ཡིད་སྣང་བ་ཕྲོགསཿ ཚེ་བསོད་སྟོབས་ཤུགས་དབང་ཐང་ལོངས་སྤྱོད་སྤེལཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིཿ དབང་དང་བྱིན་རླབས་དངོས་གྲུབ་ཆར་ལྟར་ཕོབཿ རྒྱལ་བ་རྣམས་ཀྱི་བྱིན་ཆེན་དབབ་ཏུ་གསོལཿ དྷརྨ་ཀཱ་ཡཿ སཾ་བྷོ་ཀཱ་ཡཿ ནིརྨ་ཀཱ་ཡཿ གུ་རུ་དྷེ་ཝ་ཌཱཀྐི་ནི་བཛྲ་དྷརྨ་པཱ་ལ་སརྦ་སིདྡྷི་ཕ་ལ་ས་མ་ཡཱ་ཨ་ཝེ་ཤ་ཡ་ཕེམ་ཕེམཿ« ཞེས་དྲག་ཏུ་བཟླ་ཞིང་སྣང་བའི་རྟགས་མངོན་དུ་འགྱུར་བར་དུ་འབད་དོཿ འདི་ཉིད་འཛམ་གླིང་སྐྱེས་བུའི་ཁྱད་ནོར་ཏེ་བྱིན་རླབས་ཆེ་ཞིང་དངོས་གྲུབ་མྱུར་བས་རྟགས་མངོན་དུ་འགྱུར་བར་ཐེ་ཚོམ་མེད་དོ། དངོས་གཞི་ལྷ་བསྐྱེད་ཀྱི་རིམ་པ་ནི། »ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾཿ ཆོས་རྣམས་སྟོང་ཞིང་བདག་མེད་པཿ དེ་བཞིན་ཉིད་ཀྱི་ངང་ཉིད་ལསཿ མ་རྟོགས་འཁྲུལ་པའི་སེམས་ཅན་རྣམསཿ སྙིང་རྗེ་ཆེན་པོས་ཀུན་ལ་ཁྱབཿ སྒྱུ་མ་ལྟ་བུའི་སྐུར་ལྡང་བཿ འཁྲུལ་པ་རྨི་ལམ་སད་བཞིན་ལསཿ ཕྱི་སྣོད་གཡུ་ལོ་བཀོད་པའི་ཞིང་ཿ རིན་ཆེན་སྣ་ཚོགས་ས་གཞི་ལཿ སྨན་ཤིང་མེ་ཏོག་འབྲས་བུས་ཕྱུགཿ ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆབཿ དྲི་བསུང་ངད་ལྡན་ཙན་དན་ནགསཿ རིག་འཛིན་དྲང་སྲོང་མཁའ་འགྲོ་དང་ཿ སྤྲུལ་པའི་བྱ་རིགས་བྷྲ་མ་རཿ གསང་ཆེན་ཆོས་ཀྱི་བརྡ་སྐད་བསྒྱུརཿ ཉོན་མོངས་མེད་ཅིང་སྡུག་བསྔལ་དང་ཿ སྐྱེ་རྒ་ན་དང་འཆི་བ་བྲལཿ ཟག་པ་ཟད་ཅིང་སྟོབས་བཅུ་དང་ཿ མི་འཇིགས་རྣམ་བཞིའི་གདེངས་དང་ལྡནཿ རིན་ཆེན་གཞལ་ཡས་མཛེས་པའི་དབུསཿ རང་རིག་མཁའ་ལ་འཇའ་སྣང་བཞིནཿ པཾ་ལས་པདྨའི་གདན་མཛེས་ཁརཿ ཨཿལས་ཟླ་བའི་དལ་གྱི་སྟེང་ཿ ཏཾ་ལས་ཨུཏྤལ་ཏཾ་གྱིས་མཚནཿ དེ་ལས་འོད་འཕྲོས་འཕགས་པ་མཆོདཿ སེམས་ཅན་ཀུན་གྱི་ལས་ཉོན་སྦྱངསཿ ཚུར་འདུས་ཨུཏྤལ་ཏཾ་ལ་ཐིམཿ འོད་དུ་ཞུ་ནས་དྲན་རྫོགས་སུཿ རང་ཉིད་རྗེ་བཙུན་སྒྲོལ་མ་ཡུམཿ སྐུ་མདོག་ལྗང་སེར་གཟི་འོད་འབརཿ བཅུ་དྲུག་ལོན་ལྟར་རྣམ་པར་མཛེསཿ རིན་ཆེན་རྒྱན་སྤྲས་དར་སྣ་ལྔའིཿ ཤམ་ཐབས་སྟོད་གཡོག་མཛེས་པ་ལཿ དར་དཔྱངས་ནུ་མ་གཡོན་པ་བཀབཿ དབུ་སྐྲ་གཡོན་བརྫེས་གཡས་ཐུར་འཕྱང་ཿ ཕྱག་གཡས་མཆོག་སྦྱིན་གཡོན་ཐུགས་ཀརཿ དཀོན་མཆོག་གསུམ་མཚོན་ཕྱག་རྒྱ་ཡིཿ ཨུཏྤལ་ཡི་རྩ་བ་འཛིནཿ མེ་ཏོག་འཁོར་ལོས་མཚོན་པའོཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ཿ ཟླ་བ་ཉ་རྒྱས་རྒྱབ་ཡོལ་ཅནཿ འོད་ཟེར་མུ་མཐའ་མེད་པར་འཕྲོསཿ རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱིཿ རྣམ་རོལ་ཆེན་པོར་བཞུགས་པ་ལཿ རྩ་གནས་དཔའ་བོ་མཁའ་འགྲོའི་ཚོགསཿ ཏིལ་གྱི་གོང་བུ་ལྟ་བུས་ཁེངསཿ མཐའ་བསྐོར་པད་འདབ་ཉི་ཤུ་ལཿ མདུན་ནས་བརྩམ་སྟེ་གཡས་བསྐོར་དུཿ རྒྱན་དང་བཞུགས་སྟངས་གཙོ་མོ་འདྲཿ སྐུ་མདོག་ཕྱག་མཚན་ཐ་དད་པཿ མྱུར་མ་དཔའ་བའི་སྒྲོལ་མ་དམརཿ ཨུཏྤ་ལ་གནས་དུང་གཡས་འཁྱིལཿ དབྱངས་ཅན་ལྷ་མོ་སྟོན་ཟླའི་མདོགཿ མེ་ལོང་ཧྲིང་གིས་མཚན་པ་བསྣམསཿ སེར་མོ་བསོད་ནམས་མདོག་སྟེར་མཿ རིན་པོ་ཆེ་ཡི་ཕྱག་འཚལ་མཛེསཿ གཙུག་ཏོར་རྣམ་རྒྱལ་གསེར་གྱི་མདོགཿ འཆི་མེད་ཚེ་ཡི་བུམ་པ་བསྣམསཿ དབང་སྡུད་ལྷ་མོ་རིག་བྱེད་མཿ ཨུཏྤ་ལ་གནས་མདའ་གཞུའོཿ འཇིགས་བྱེད་ཆེན་པོ་དམར་ནག་ཁྲོཿ ཕུར་བུའི་ཕྱག་མཚན་བསྣམས་པའོཿ གཞན་གྱི་མི་ཐུབ་ཁྲོ་གཉེར་ནགཿ ཤེས་རབ་རལ་གྲི་མེ་འབར་ཐོགསཿ གཞན་མི་རྒྱལ་བ་དམར་ནག་ཁྲོཿ ཕྱག་མཚན་རྡོ་རྗེ་བསྣམས་པའོཿ འཇིག་རྟེན་གསུམ་ལས་རྒྱལ་དམར་མོཿ ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་འཛིནཿ ནོར་སྟེར་དམར་མོ་ཁྲོ་གཉེར་ཅནཿ དགོས་འདོད་འབྱུང་བའི་གཏེར་བུམ་འཛིནཿ བཀྲ་ཤིས་དོན་བྱེད་སེར་མོ་ནིཿ ཨུཏྤ་ལར་གནས་དཔལ་བེའུ་འཛིནཿ དགྲ་དཔུང་འཇོམས་མ་དམར་མོ་རྔམཿ གནམ་ལྕགས་རྡོ་རྗེ་རྭ་གདེངས་འཛིནཿ ཁྲོ་གཉེར་ཅན་མཛད་ནག་མོ་ནིཿ གཏུན་ཤིང་འཛིན་ཅིང་ཧཱུྃ་སྒྲ་སྒྲོགསཿ རབ་ཏུ་ཞི་བ་དཀར་གསལ་མདངསཿ སྤྱི་བླུགས་ཕྱག་མཚན་འཛིན་པའོཿ འབར་བའི་འོད་ཅན་དམར་མོ་ནིཿ རྡོ་རྗེ་རྒྱ་གྲམ་ཕྱག་མཚན་འཛིནཿ དཔག་མེད་གནོད་མ་ངུར་སྨྲིག་མདོགཿ ཕྱག་ན་མཆོད་རྟེན་བསྣམས་པའོཿ རྨ་བྱ་ཆེན་པོ་དཀར་གསལ་མདོགཿ ཟླ་བ་ཉ་རྒྱས་ཕྱག་མཚན་ཅནཿ མི་ཕམ་རྒྱལ་མོ་དཀར་གསལ་འོདཿ ཕྱག་མཚན་གདུགས་དཀར་བསྣམས་པའོཿ རི་ཁྲོད་ལྷ་མོ་དམར་སེར་མདོགཿ ཟ་མ་ཏོག་གི་ཕྱག་མཚན་ཅནཿ འོད་ཟེར་ཅན་མ་དཀར་དམར་མདོགཿ ཕྱག་གཡོན་གསེར་ཉ་འཛིན་པའོཿ ཏཱ་རེ་ལྷ་མོ་ཉི་ཤུ་པོཿ གཡས་པ་མཆོག་སྦྱིན་གཡོན་སྐྱབས་སྦྱིནཿ དཀོན་མཆོག་གསུམ་མཚོན་ཕྱག་རྒྱ་ཡིསཿ རང་རྟགས་ཕྱག་མཚན་བསྣམས་པའོཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ པད་ཟླའི་སྟེང་དུ་མཛེས་པར་བཞུགསཿ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེངཿ ཏཱཾ་ཡིག་རེ་རེས་མཚན་པའོཿ གཙོ་མོར་སྤྱི་བོར་རིགས་ཀྱི་བདགཿ མགོན་པོ་འོད་དཔག་མེད་པ་ནིཿ དམར་གསལ་པདྨ་རཱ་གའི་མདངསཿ ཉི་མ་བྱེ་བའི་གཟི་འོད་འབརཿ ཆོས་གོས་རྣམ་གསུམ་སྐུ་ལ་མཛེསཿ དབུ་ལ་གཙུག་ཏོར་ཞབས་འཁོར་ལོཿ མཚན་དཔེས་བརྒྱན་ཅིང་ཞབས་སྐྱིལ་ཀྲུངཿ ཕྱག་གཉིས་མཉམ་གཞག་ཕྱག་རྒྱའི་སྟེངཿ ལྷུང་བཟེད་བདུད་རྩིས་གང་བ་བསྣམསཿ བསྐལ་བཟང་རྫོགས་པའི་སངས་རྒྱས་སྟོང་ཿ བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོརཿ མཐའ་བསྐོར་དྲང་སྲོང་འབུམ་ཕྲག་ལྔཿ རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་བསྐོརཿ བར་མཚམས་ཡི་དམ་ཆོས་སྐྱོང་དང་ཿ གཉེར་འཛིན་དཔའ་བོ་དཔའ་མོའི་ཚོགསཿ སྤྲིན་ལྟར་གཏིབས་ཤིང་ཕྲིན་ལས་བསྒྲུབསཿ མཐའ་འཁོར་ལས་བྱེད་དྲེགས་པས་བསྐོརཿ ཐུགས་ཀའི་ཏཱཾ་ཡིག་ཚོགས་རྣམས་ལསཿ འོད་འཕྲོས་ཕྱོགས་བཅུའི་ཞིང་ཁམས་ནསཿ རྩ་གསུམ་རྒྱལ་བ་རབ་འབྱམས་དང་ཿ ཁྱད་པར་རི་པོ་ཏ་ལ་ནསཿ རྗེ་བཙུན་སྒྲོལ་མ་སངས་རྒྱས་དང་ཿ བྱང་ཆུབ་སེམས་དཔའི་ཚོགས་བསྐོར་བཿ སྤྱན་དྲངས་བཛྲ་ས་མ་ཛཿ «སྤྱན་འདྲེན་པ་ནི་མོས་གུས་རྩེ་གཅིག་གིསཿ »ཕོ་ཏ་ལ་ཡི་གནས་མཆོག་ནསཿ ཧཱ་ཡིག་ལྗང་གུ་ལས་འཁྲུངས་ཤིང་ཿ འོད་དཔག་མེད་ཀྱིས་དབུ་ལ་བརྒྱནཿ ཏཱཾ་ཡིག་འོད་ཀྱིས་འགྲོ་བ་འདྲེནཿ དུས་གསུམ་སངས་རྒྱས་ཕྲིན་ལས་མཿ སྒྲོལ་མ་འཁོར་བཅས་སྤྱན་འདྲེན་ནཿ འགྲོ་བའི་དོན་དུ་གཤེགས་སུ་གསོལཿ རབ་འབྱམས་རྒྱལ་དང་རྩ་གསུམ་ལྷཿ རྡུལ་སྙེད་གྲངས་ཀྱི་ཞིང་ཁམས་ནསཿ བརྩེ་ཆེན་ཐུགས་རྗེས་རབ་དགོངས་ལཿ བདག་ཅག་འགྲོ་བ་སྐྱོབ་སླད་དུཿ མ་གདུང་དབུ་ལ་བརྩེ་བ་བཞིནཿ གཤེགས་ནས་བྱིན་གྱིས་བརླབ་ཏུ་གསོལཿ ཛྙཱ་ན་དྷེ་ཝ་སརྦ་ས་མ་ཡཱ་ཛཿ ཨ་བེ་ཤ་ཡ་ཕེམ་ཕེམཿ «ཞེས་སྤྱན་དྲངས་ཤིངཿ »བཛྲ་པུཥྤེ་དྷུབཔེ«ས་མཆོདཿ བསྟོད་པར་འོས་པས་བསྟོདཿ དབང་བསྐུར་གསོལ་བ་གདབ་པ་ནིཿ »བཅོམ་ལྡན་ཐུགས་རྗེ་ཆེ་ལྡན་པཿ ཉོན་མོངས་ལས་འདས་དེ་བཞིན་གཤེགསཿ རྫོགས་སངས་རྒྱས་རྣམས་བརྩེར་དགོངས་ལཿ བདག་ལ་མངོན་པར་དབང་བསྐུར་སྩོལཿ ཅེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་གི་བུམ་པའི་བདུད་རྩིསཿ ཇི་ལྟར་སྔོན་གྱི་རྒྱལ་རྣམས་ལཿ བདག་ཅག་མངོན་པར་དབང་བསྐུར་ལྟརཿ དེང་འདིར་ཡེ་ཤེས་བདུད་རྩིའི་ཆུསཿ ཁྲུས་གསོལ་དབང་མཆོག་བསྐུར་བར་བགྱིཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡཱ་ཤྲཱི་ཧཱུྃཿ ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་འོད་དཔག་མེདཿ འཁོར་རྣམས་ལ་རང་རང་རིགས་ཀྱི་བདག་པོས་དབུ་བརྒྱནཿ དབང་ལྷ་རྣམས་རྗེ་བཙུན་མའི་རྣམ་པ་ཤ་སྟག་ཏུ་གྱུར་པ་གཉིས་མེད་དུ་ཐིམཿ ཛཿཧཱུྃ་བཾ་ཧོཿ« ཕྱག་རྒྱ་བཞིས་རྒྱས་གདབ་ཅིང་བཞུགས་སུ་གསོལ་བ་ནིཿ »ཡེ་ཤེས་ལྷ་རྣམས་སྤྲིན་ཆར་རྒྱ་མཚོའི་ཀློངཿ རོ་གཅིག་འདྲེས་བཞིན་དམ་ཚིག་དཀྱིལ་འཁོར་ལྷརཿ དབྱེར་མེད་གྱུར་ཅིང་བཞུགས་སུ་གསོལ་བ་ནིཿ ཡེ་ཤེས་ལྷ་རྣམས་སྤྲིན་ཆར་རྒྱ་མཚོའི་ཀློངཿ རོ་གཅིག་འདྲེས་བཞིན་དམ་ཚིག་དཀྱིལ་འཁོར་ལྷརཿ དབྱེར་མེད་གྱུར་ཅིང་བྱང་ཆུབ་སྙིང་པོའི་བརཿ དབྱེར་མེད་བཞུགས་ཤིང་མཆོག་ཐུན་དངོས་གྲུབ་སྩོལཿ ཏཱ་རེ་ཏུཏྟ་རེ་ཏིཥྛ་བཛྲཿ« དེ་ནས་ཕྱག་འཚལ་ཡན་ལག་བདུན་པ་འབུལ་བ་ནིཿ »ལྷ་དང་ལྷ་མིན་ཅོད་པན་གྱིསཿ ཞབས་ཀྱི་པདྨ་ལ་བཏུད་དེཿ ཕོངས་པ་ཀུན་ལ་སྒྲོལ་མཛད་མཿ སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོཿ རྗེ་བཙུན་འཕགས་མ་སྒྲོལ་མ་དངཿ ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡིཿ རྒྱལ་བ་སྲས་བཅས་ཐམས་ཅད་ལཿ ཀུན་ནས་དང་བས་ཕྱག་བགྱིའོཿ མེ་ཏོག་བདུག་སྤོས་མར་མེ་དྲིཿ ཞལ་ཟས་རོལ་མོ་ལ་སོགས་པཿ དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལཿ འཕགས་མའི་ཚོགས་རྣམས་བཞེས་སུ་གསོལཿ ཐོག་མ་མེད་ནས་ད་ལྟའི་བརཿ མི་དགེ་བཅུ་དང་མཚམས་མེད་ལྔཿ སེམས་ནི་ཉོན་མོངས་དབང་གྱུར་པའིཿ སྡིག་པ་ཐམས་ཅད་བཤགས་པར་བགྱིཿ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམསཿ སོ་སོ་སྐྱེ་བོ་ལ་སོགས་པསཿ དུས་གསུམ་དགེ་བ་ཅི་བསགས་པའིཿ བསོད་ནམས་ལ་ནི་བདག་ཡི་རང་ཿ སེམས་ཅན་རྣམས་ཀྱི་བསམ་པ་དངཿ བློ་ཡི་བྱེ་བྲག་ཇི་ལྟ་བརཿ ཆེ་ཆུང་ཐུན་མོང་ཐེག་པ་ཡིཿ ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལཿ འཁོར་བ་ཇི་སྲིད་མ་སྟོངས་བརཿ མྱ་ངན་མི་འདའ་ཐུགས་རྗེ་ཡིསཿ སྡུག་བསྔལ་རྒྱ་མཚོར་བྱིན་བ་ཡིཿ སེམས་ཅན་རྣམས་ལ་གཟིགས་སུ་གསོལཿ བདག་གིས་བསོད་ནམས་ཅི་བསགས་པཿ ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནསཿ རིང་བོར་མི་ཐོགས་འགྲོ་བ་ཡིཿ འདྲེན་པའི་དཔལ་དུ་བདག་གྱུར་ཅིགཿ «དེ་ནས་སྐུ་ཁྲུས་གསོལ་བ་ནིཿ ལྷ་ཁྲུས་རྒྱས་པར་བྱ་ཞིང་སླར་ཡང་ཿ» ནམ་མཁར་བཞུགས་པའི་འཆི་མེད་བདེ་སྟེར་མསཿ དག་བྱེད་ཡེ་ཤེས་བུམ་པའི་ཆུ་རྒྱུན་གྱིསཿ བདག་ཅག་དཀྱིལ་འཁོར་ལྷ་ལ་ཁྲུས་གསོལ་བསཿ ཡེ་ཤེས་ལྷ་ལ་སྒྲིབ་པ་མི་མངའ་ཡངཿ སེམས་ཅན་སྒྲིབ་གཉིས་བག་ཆགས་དག་གྱུར་ཅིགཿ སྤྲུལ་པའི་ལྷ་མོས་པཉྩ་ལི་ཀ་ཡིསཿ སྐུ་ཕྱི་ཡིད་འོང་དྲི་མཆོག་བྱུགས་པ་ཡིསཿ ཡོན་ཏན་བརྒྱ་ཕྲག་བལྟ་ན་སྡུག་པའི་སྐུཿ མཚན་དཔེ་རབ་འབར་གཟི་བརྗིད་ལྡན་པར་ཤོགཿ «དེ་ནས་མཆོད་པ་ནིཿ» ཡིད་འོང་མཆོད་པའི་ལྷ་མོ་ནིཿ སྒེག་མོ་ཕྲེང་ཐོགས་གླུ་གར་སོགསཿ བཅུ་དྲུག་ཡིད་འོང་མཛེས་པ་དངཿ གཟུགས་སྒྲ་དྲི་རོ་རེག་བྱར་བཅསཿ རྒྱལ་སྲིད་བདུན་དང་རྟགས་བརྒྱད་རྫསཿ གཞན་ཡང་སྟོང་གསུམ་འཇིག་རྟེན་ཁམསཿ མཆོད་པའི་བྱེ་བྲག་བླ་མེད་པཿ དངོས་སུ་འབྱོར་དང་ཡིད་སྤྲུལ་གྱིསཿ རབ་འབྱམས་ནམ་མཁའི་མཐའ་ཀླས་པཿ བཤམས་ཤིང་དཀྱིལ་འཁོར་ལྷ་ལ་འབུལཿ བརྩེ་བར་དགོངས་ཏེ་བཞེས་སུ་གསོལཿ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཙ་ཧོཿ སྟོང་པ་ཆེན་པོ་ཡེ་ཤེས་རྒྱཿ མ་ཧཱ་སུ་ལ་བདེ་བ་ཆེཿ དྷརྨ་དྷརྟུ་ཆོས་ཀྱི་དབྱིངསཿ རང་བྱུང་དོན་གྱི་མཆོད་པ་འབུལཿ ཨ་ལ་ལ་ཧོཿ «བསྟོད་པ་ནིཿ» དུས་གསུམ་སངས་རྒྱས་ཕྲིན་ལས་མཿ ལྷ་མོ་བཅུ་དྲུག་ལུས་འདྲ་ཞིང་ཿ མཛེས་པའི་རྣམ་པ་བྷ་ག་རྒྱསཿ ཆུ་སྐྱེས་ཞལ་གྱི་དཀྱིལ་འཁོར་ནིཿ མཐོང་བ་ཙམ་གྱི་ཡིད་འཕྲོག་མཿ ལྗང་གསལ་འོད་ཀྱིས་ཉོན་མོངས་སེལཿ ཟླ་བ་ལ་ནི་རྒྱབ་བརྟེན་མཿ ཁྱོད་ཀྱི་སྐུ་ལ་རྟག་ཏུ་བསྟོདཿ ཚངས་དབྱངས་ཡན་ལག་དྲུག་ཅུ་ཡིསཿ དྲི་ཟའི་བུ་མོའི་གླིང་བུ་ཡིཿ སྒྲ་ལས་སྙན་པར་རབ་དྲངས་ཏེཿ ཐོས་པས་སྣང་བ་སྐྱུར་བྱེད་ཅིངཿ སྣ་ཚོགས་སྐད་དུ་བརྡ་ཆོས་སྟོནཿ མ་རིག་ཉོན་མོངས་གཉིད་སྐྲོག་ཅིངཿ རླུང་ཁམས་ཡི་གེར་དག་མཛད་པཿ ཁྱོད་ཀྱི་གསུང་ལ་བསྟོད་པར་བགྱིཿ གདོད་ནས་དག་པ་ཡེ་ཤེས་ཀྱིཿ ངོ་བོ་ཆོས་སྐུའི་ཀློང་དུ་གྲོལཿ གཞི་ལས་འཁྲུལ་མ་མྱོང་བ་ཡིཿ སངས་རྒྱས་རྣམས་དང་དགོངས་པ་གཅིགཿ མཁྱེན་པའི་ཡེ་ཤེས་གཏིང་དཔག་མངཿ བརྩེ་ཆེན་ཐུགས་རྗེས་འགྲོ་ཀུན་སྐྱོངཿ ནུས་མཐུས་རྟག་ཏུ་བདག་སྐྱོབ་མཿ ཁྱོད་ཐུགས་ཡོན་ཏན་དྲན་བཞིན་བསྟོདཿ ཉི་མ་དང་ནི་འོད་ཟེར་བཞིནཿ གཙོ་དང་འཁོར་གྱི་རྣམ་པར་ཤརཿ ཐུགས་རྗེའི་མྱུར་མཛད་རྫུ་འཕྲུལ་ཅནཿ དཔའ་མོ་ཉེར་གཅིག་མ་ལ་བསྟོདཿ རྒྱལ་དང་རྩ་གསུམ་རིག་པ་འཛིནཿ དྲང་སྲོང་མཁའ་འགྲོ་ཆོས་སྐྱོང་ཚོགསཿ གཉེར་འཛིན་དཔའ་བོ་རྣལ་འབྱོར་མཿ དྲེགས་པའི་ཚོགས་དང་བཅས་ལ་བསྟོདཿ «དེ་ནས་རྩ་བ་ཕྱག་འཚལ་ཉེར་གཅིག་ནིཿ རྗེ་བཙུན་མའི་ཡོན་ཏན་རྗེས་སུ་དྲན་པའི་ངང་ནསཿ »རྒྱ་གར་སྐད་དུཿ ཨཱརྱཱ་ཏཱ་རེ་མནྟྲ་མཱུ་ལ་སྟོ་ཏྲ་ན་མ་སྐ་རིཀ་བེཾ་ཤཱ་ཏི་ཀ་ན་མཿ བོད་སྐད་དུཿ «འཕགས་མ་སྒྲོལ་མའི་རྩ་བའི་སྔགས་ཀྱིས་བསྟོད་ཅིང་ཕྱག་འཚལ་པ་ཉི་ཤུ་གཅིག་པ་ཞེས་བྱ་བཿ» ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོཿ ཕྱག་འཚལ་ཏྭ་རེ་མྱུར་མ་དཔའ་མོཿ ཏུཏྟ་པ་ཡིས་འཇིགས་པ་སེལ་མཿ ཏཱ་རེས་དོན་ཀུན་སྦྱིན་པས་སྒྲོལ་མཿ སྭཱ་ཧཱའི་ཡི་གེ་ཁྱོད་ལ་འདུད་དོཿ ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོཿ སྤྱན་ནི་སྐད་ཅིག་གློག་དང་འདྲ་མཿ འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི༔ གེ་སར་བྱེ་བ་ལས་ནི་བྱུང་མཿ ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུཿ གང་བ་བརྒྱ་ནི་བརྩེགས་པའི་ཞལ་མཿ སྐར་མ་སྟོང་ཕྲག་འཚོགས་པ་རྣམས་ཀྱིསཿ རབ་ཏུ་ཕྱེ་བའི་འོད་རབ་འབར་མཿ ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིཿ པདྨས་ཕྱག་ནི་རྣམ་པར་བརྒྱན་མཿ སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བཿ བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མཿ ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོརཿ མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མཿ མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའིཿ རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མཿ ཕྱག་འཚལ་ཏུཏྟ་ར་ཧཱུྃ་ཡི་གེསཿ འདོད་དང་ཕྱོགས་དང་ནམ་མཁའ་གང་མཿ འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེཿ ལུས་པ་མེད་པར་འགུགས་པར་ནུས་མཿ ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པཿ རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མཿ འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་ཿ གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ༔ ཕྱག་འཚལ་ཏྲཏ྄་ཅེས་བྱ་དང་ཕཊ་ཀྱིསཿ ཕ་རོལ་འཕྲུལ་འཁོར་རབ་ཏུ་འཇོམས་མཿ གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེཿ མེ་འབར་འཁྲུག་པ་ཤིན་ཏུ་འབར་མཿ ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོསཿ བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མཿ ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛདཿ དགྲ་བོ་ཐམས་ཅད་མ་ལུས་གསོད་མཿ ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའིཿ སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མཿ མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའིཿ རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མཿ ཕྱག་འཚལ་རབ་ཏུ་དགའ་བར་བརྗིད་པཿ དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མཿ བཞད་པ་རབ་བཞད་ཏུཏྟ་ར་ཡིསཿ བདུད་དང་འཇིག་རྟེན་དབང་དུ་མཛད་མཿ ཕྱག་མཚལ་ས་གཞི་སྐྱོང་བའི་ཚོགས་རྣམསཿ ཐམས་ཅད་འགུགས་པར་ནུས་པ་ཉིད་མཿ ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིསཿ ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མཿ ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་རྒྱནཿ བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མཿ རལ་པའི་ཁྲོད་ན་འོད་དཔག་མེད་ལསཿ རྟག་པར་ཤིན་ཏུ་འོད་རབ་མཛད་མཿ ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟརཿ འབར་བའི་འཕྲེང་བའི་དབུས་ན་གནས་མཿ གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའིཿ དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མཿ ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གིཿ མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མཿ ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིསཿ རིམ་པ་བདུན་པོ་རྣམས་ནི་འགེམས་མཿ ཕྱག་འཚལ་བདེ་མ་དགེ་མ་ཞི་མཿ མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མཿ སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པསཿ སྡིག་པ་ཆེན་པོ་འཇོམས་པ་ཉིད་མཿ ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའིཿ དགྲ་ཡི་ལུས་ནི་རབ་ཏུ་འགེམས་མཿ ཡི་གེ་བཅུ་པའི་སྔགས་ནི་བཀོད་པའིཿ རིགས་པ་ཧཱུྃ་ལས་སྒྲོལ་མ་ཉིད་མཿ ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པསཿ ཧཱུྃ་ནི་རྣམ་པར་ས་བོན་ཉིད་མཿ རི་རབ་མནྡཱ་ར་དང་འབིགས་བྱེདཿ འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མཿ ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའིཿ རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མཿ ཏྭ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེསཿ དུག་རྣམས་མ་ལུས་པ་ནི་སེལ་མཿ ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོཿ ལྷ་དང་མིའམ་ཅི་ཡི་བསྟེན་མཿ ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིསཿ རྩོད་དང་རྨི་ལམ་ངན་པ་སེལ་མཿ ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའིཿ སྤྱན་གཉིས་པོ་ལ་འོད་རབ་གསལ་མཿ ཧ་ར་གཉིས་བརྗོད་ཏུཏྟ་ར་ཡིསཿ ཤིན་ཏུ་དྲག་པོའི་རིམས་ནད་སེལ་མཿ ཕྱག་འཚལ་དེ་གཉིས་གསུམ་རྣམས་བཀོད་པསཿ ཞི་བའི་མཐུ་དང་ཡང་དག་ལྡན་མཿ གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམསཿ འཇོམས་པ་ཏུ་རེ་རབ་མཆོག་ཉིད་མཿ རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་ཿ ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིགཿ «ཅི་ནུས་འབད་དོཿ »དེ་ནས་བསྙེན་པ་ནིཿ འཕགས་མའི་ཐུགས་ཀར་འཆི་མེད་བདེ་སྟེར་མཿ དམར་གསལ་རྒྱན་མེད་གཅེར་བུ་ཡབ་ཡུམ་འཁྲིལཿ ཐུགས་ཀར་པད་ཟླའི་སྟེང་དུ་ཏཱཾ་ལྗང་ཀུའིཿ ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར་བ་ཡིཿ འོད་ཀྱིས་རྒྱལ་བ་སྲས་བཅས་བྱིན་ནུས་བསྡུསཿ སྦྱོར་མཚམས་ཡེ་ཤེས་བདུད་རྩིའི་རྒྱུན་བབས་པསཿ ལུས་གང་ཟག་མེད་ཡེ་ཤེས་ཉམས་རྒྱས་ཤིང་ཿ ལས་གཞི་ཀུན་འགྲུབ་དངོས་གྲུབ་རྣམ་གཉིས་ཐོབཿ རང་རིག་ཡི་དམ་ལྷ་དང་དབྱེར་མེད་ངངཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱཿ« ཞེས་ཡི་གེ་བཅུ་པའི་བསྙེན་པ་འདི་ལ་ནན་དུ་འབད་དོཿ ཕྲིན་ལས་འཇིགས་པ་བརྒྱད་སྐྱོབ་ནིཿ »ཕྱག་གཡོན་ཨུཏྤལ་ལ་གནས་འཁོར་ལོ་ལསཿ འོདའཕྲོས་མེ་སྦྲུལ་ཤ་ཟ་གླང་ཆེན་བརྩོནཿ ཆོམ་རྐུན་སེང་གེ་རྒྱ་མཚོ་རྒྱལ་པོའི་འཇིགསཿ དགྲ་གདོན་མཛེ་ནད་བཤེས་བྲལ་དབུལ་ཕོངས་དངཿ གནམ་ལྕགས་ཐོག་དང་དོན་ཉམས་ལ་སོགས་པའིཿ འཇིགས་དང་གནོད་པ་ཀུན་ལས་བསྐྱབ་པར་མོསཿ «རྩ་སྔགས་ཤམ་བུརཿ» དཱ་ན་དྲ་ཡ་སྭཱ་ཧཱཿ «ཞེས་བཟླསཿ ཕྲིན་ལས་ཁ་བསྒྱུར་རྒྱས་པར་འདོད་ན་ཞལ་ལས་ཤེས་སོཿ དེ་ནས་གསོལ་བ་གདབ་པ་ནིཿ» རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནསཿ རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང༌། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བ་གྱུར་པ་སྣ་ཚོགས་དང༌། །རྨི་ལམ་ངན་དང་མཚན་མ་ངན་པ་དང༌། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང༌། །རྟག་ཏུ་ཁྱོད་སྒྲུབ་ཞལ་མཆོག་མཐོང་བ་དང༌། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་མཿ ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོགཿ བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་ནསཿ ད་ལྟའི་ལུས་འདི་བླང་བ་ཡན་ཆད་དུཿ འཕགས་མ་ཁྱོད་དང་སྨོན་མ་མཐུ་བཙན་པསཿ རྩེ་གཅིག་བསྒྲུབ་པའི་ཡི་དམ་ཁྱོད་ལགས་ནཿ བརྩེ་ཆེན་ཐུགས་རྗེས་ཉེ་བར་བདག་སྐྱོངས་ལཿ མ་ཡིས་བུ་བཞིན་བརྩེ་བར་མི་མཛད་དམཿ ཁ་ཙམ་མ་ཡིན་སྙིང་ནས་གསོལ་འདེབས་ཤིང་ཿ རྩེ་གཅིག་གུས་པའི་ཡིད་ཀྱིས་ཁྱོད་བསྒྲུབས་ནཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིཿ དབང་དང་བྱིན་རླབས་མ་ལུས་སྩལ་དུ་གསོལཿ འཇིགས་པ་བརྒྱད་སྐྱོབས་ཞི་བའི་དངོས་གྲུབ་སྩོལཿ འབྱོར་བ་དྲུག་ལྡན་རྒྱས་པའི་དངོས་གྲུབ་སྩོལཿ མོས་པ་རྣམ་བཞི་དབང་གི་དངོས་གྲུབ་སྩོལཿ དགྲ་བགེགས་ཚར་གཅོད་དྲག་པོའི་དངོས་གྲུབ་སྩོལཿ ལས་བཞི་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ཏཱ་རེ་ཏུཏྟ་རེ་ཏུ་རེ་ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོཿ «བརྒྱ་རྩ་བརྒྱད་བཟླ་ཞིང་བུམ་ཆུས་ཁྲུས་བྱའོ། »འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོཿ ཇི་སྙེད་སུ་དག༴ «སོགསཿ» ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོཿ «ཞེས་ཡན་ལག་བདུན་པ་འབུལ་ལོཿ དེ་ནས་རྗེས་ཀྱི་རིམ་པ་ལ་གཏོར་མ་འབུལ་བ་ནིཿ གཏོར་མར་ཆབ་བྲན་ཅིང་ཿ »བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཨོཾ་སྭཱ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨ་སྭཱ་བྷཱ་ཝ་ཤུདྡྷོ་྅་ཧཾཿ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ལྷ་ཡི་ཞལ་ཟས་རོ་བརྒྱ་དང་ལྡན་པ་ཟག་མེད་འདོད་ཡོན་གྱི་ཕུང་པོ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཟད་མི་ཤེས་པར་གྱུརཿ« འབྲུ་གསུམ་ཡན་ལག་བདུན་གྱིས་བྱིན་གྱིས་བརླབས་ལཿ» གཏོར་མགྲོན་འཁོར་བཅས་བཛྲ་ས་མ་ཡཱ་ཛཿ ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ནས་གསོལ་བར་བསམཿ བྷུདྡྷ་བྷོ་དྷི་ས་ཏྭ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ན་མཿདྷེ་ཝི་ཏཱ་རེ་ཌཱཀྐི་ནི་ཨེ་དཾ་བྷ་ལིཾ་ཏ་ཁཱ་ཧིཿ སརྦ་ཡོ་ག་ཡོ་གི་ནི་དྷ་རི་ཨེ་དཾ་བྷ་ལིཾ་ཏ་ཁཱ་ཧིཿ «ལན་གསུམཿ» རྗེ་བཙུན་འཕགས་མ་སྒྲོལ་མ་འཁོར་དང་བཅས་པ་རྣམས་ཞལ་ཟས་རོ་བརྒྱ་དང་ལྡན་པ་འདི་བཞེས་ལཿ བདག་ཅག་སྲིད་པའི་དུཿཁ་ཞི་ཞིང་འཇིགས་པ་ཆེན་པོ་བརྒྱད་ལས་སྐྱོབ་པ་དང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལཿ «ཞེས་འབུལཿ གཏོར་མ་གཉིས་པཿ» ཨོཾ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་མ་ཡ་ཨེ་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ དམ་པ་ཡེ་ཤེས་ཀྱི་ཆོས་སྐྱོང་བའི་སྲུང་མ་དམ་ཚིག་ཅན་འཁོར་དང་བཅས་པ་རྣམས་ལ་འབུལ་ལོཿ བདག་ཅག་གི་འགལ་རྐྱེན་བར་ཅད་ཐམས་ཅད་ཞི་ཞིང་ཕྲིན་ལས་རྣམ་པ་བཞི་ཐོགས་མེད་དུ་སྒྲུབ་པར་མཛད་དུ་གསོལཿ« ཞེས་ཆོས་སྐྱོང་ལ་འབུལཿ གཏོར་མ་གསུམ་པཿ »བཛྲ་ཙཎྜ་ཡཀྴ་རཀྴ་པཱ་རི་ཝ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨརྱཱ་ནུཏྤན་ན་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱཿ ཨེ་དཾ་བཱ་ལིངྟ་ཁ་ཁ་ཁཱཧིཿ གཉེར་འཛིན་ཆེན་པོ་ཡབ་ཡུམ་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོཿ དགྱེས་པར་བཞེས་ལ་འགོ་ཞིང་སྡོང་གྲོགས་གཉེན་པོ་མཛད་ཅིང་རྟག་ཏུ་བུ་བཞིན་སྐྱོང་བ་དང་བསམ་པའི་དོན་ཀུན་ཡིད་བཞིན་དུ་འགྲུབ་ཅིང་བར་དུ་གཅོད་པའི་ཚོགས་རྣམས་ཞི་ཞིང་དགྲ་བགེགས་གདུག་པ་ཅན་རྡུལ་དུ་རླག་པར་མཛད་དུ་གསོལཿ «ཞེས་གཉེར་འཛིན་རྣམས་ལ་འབུལ་ཞིང་ཿ གཏོར་མ་བཞི་པཿ »ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃཿ འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་བགེགས་རིགས་ལན་ཆགས་ཀྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་སྦྱིན་ནོཿ གཞན་ལ་འཚེ་བའི་བློ་སྤངས་ལ་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱིས་ཤིགཿ སྡིག་པ་ཅི་ཡང་མི་བྱ་ཞིང་ཿ དགེ་བ་ཕུན་སུམ་ཚོགས་པར་སྤྱདཿ རང་གི་སེམས་ནི་ཡོངས་སུ་འདུལཿ འདི་ནི་སངས་རྒྱས་བསྟན་པ་ཡིནཿ «ཞེས་མས་མགྲོན་པ་སྤྱིནཿ »རྒྱལ་བ་མཆོད་པས་མཉེས་གྱུར་ཅིགཿ དམ་ཅན་ཐུགས་དམ་བསྐང་གྱུར་ཅིགཿ གཉེར་འཛིན་དགྱེས་པ་བསྐྱེད་གྱུར་ཅིགཿ བགེགས་རིགས་ལན་ཆགས་ཚིམ་གྱུར་ཅིགཿ རྣམ་བཞིའི་མགྲོན་རྣམས་མཉེས་ནས་ཀྱངཿ ཚོགས་རྫོགས་སྒྲིབ་པ་གཉིས་བྱང་ནསཿ རྟག་ཏུ་བསམ་པ་འགྲུབ་པར་ཤོགཿ «ཅེས་བརྗོད་དོཿ བུམ་པའི་ཆུས་ཁྲུས་བྱ་ཞིངཿ དེ་ནས་དངོས་གྲུབ་བསྐུལ་བ་ནི་མདའ་དར་གཡབ་ཅིང་ཚེ་རྫས་ལག་ཏུ་ཐོགས་ལཿ »ཀྱཻ་འཇིགས་པ་བརྒྱད་སྐྱོབ་ཚེ་ཡི་ལྷཿ རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་དཔལཿ ཏཱ་རེ་ཡུམ་ཆེན་དཔལ་འབར་མཿ རིགས་བདག་ཡེ་ཤེས་སེམས་དཔའ་མོཿ ཏཱ་རེ་ལྷ་མོ་ཉི་ཤུར་བཅསཿ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིཿ འཆི་མེད་ཚེ་དང་དབང་ཐང་བུཿ འཇིགས་པ་བརྒྱད་སྐྱོབ་གྲུབ་པ་བརྒྱདཿ དབང་བཅུ་ཡོན་ཏན་ལྡན་པ་སོགསཿ ཤུགས་ཀྱིས་བསྡུས་ལ་བཅུད་དུ་དྲིལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ འགྲོ་དོན་འབད་མེད་ལྷུན་གྲུབ་ཅིངཿ བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ཞིངཿ འཕགས་མ་ཁྱོད་ལྟར་བྱིན་གྱིས་རློབསཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིཿ དབང་མཆོག་དམ་པ་སྩལ་དུ་གསོལཿ ཏཱ་རེ་ཏུཏྟ་རེ་ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃཿ «ཞེས་བསྒྲུབ་རྫས་གནས་ལྟར་གཏུགས་ཤིང་ལོངས་སུ་སྤྱདཿ དེ་ནས་བཤགས་པ་བྱ་བ་ནིཿ »ཨོཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནིཿ« སོགས། »བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལཿ «ལན་གསུམཿ »ཨོཾ། དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ «ཚར་གསུམ་གྱིས་ཕྱག་འཚལ་ཞིང་ཿ» མ་འབྱོར་བ་དང་ཉམས་པ་དང་ཿ གང་ཡང་བདག་རྨོངས་བློ་ཡིས་ནིཿ བགྱིས་པ་དང་ནི་བགྱིད་རྩལ་བཿ དེ་ཀུན་མགོན་པོས་བཟོད་པར་གསོལཿ «ཡི་གེ་བརྒྱ་པ་བརྒྱ་རྩ་བརྒྱད་བཟླ་ཞིང་གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པ་བྱའོཿ དེ་ནས་བསྡུ་རིམ་ནིཿ »དཀྱིལ་འཁོར་ལྷ་ཚོགས་འཇའ་ཚོན་མཁར་ཐིམ་བཞིནཿ གཙོ་མོ་ལ་ཐིམ་དེ་ཡང་ཐུགས་སྲོག་ལཿ དེ་ཉིད་དམིགས་མེད་བརྗོད་བྲལ་ཆོས་ཀྱི་དབྱིངསཿ སླར་ཡང་འཕགས་མའི་སྐུ་རུ་ལམ་གྱིས་གསལཿ གཉེར་འཛིན་ལྷ་ཚོགས་སྤྲུལ་པའི་ཞིང་ཁམས་སུཿ གཤེགས་ཤིང་བདག་སོགས་བྱང་ཆུབ་མ་ཐོབ་པརཿ ལས་ཀྱི་འབྲས་བུ་མཆིས་པར་མཛད་དུ་གསོལཿ ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱཿ «རྟེན་འབྲེལ་སྙིང་པོ་བརྗོད་ལ། དགེ་བ་བསྔོ་བ་ནིཿ» ཏཱ་རེ་རྗེ་བཙུན་འཕགས་མའི་དཀྱིལ་འཁོར་དུཿ བསྒོམས་བསྒྲུབས་མཆོད་ཅིང་བསྙེན་པའི་བྱིན་རླབས་ཀྱིཿ དགེ་རྩ་མི་ཟད་རྒྱན་གྱི་འཁོར་ལོའི་ཚོགསཿ ཕ་མར་གྱུར་པའི་ཉམ་ཐག་སེམས་ཅན་རྣམསཿ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོཿ« སྨོན་ལམ་ནིཿ »དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུཿ ཐེག་ཆེན་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ཞིང་ཿ རྟག་ཏུ་འཕགས་པའི་ཐུགས་རྗེས་སྐྱོང་བ་དང་ཿ ལས་རླུང་དྲག་པོའི་དབང་དུ་མི་འགྲོ་ཤོགཿ བདག་ཀྱང་རང་དོན་ཞི་བདེར་མི་གཞོལ་བརཿ སེམས་ཅན་དོན་དུ་སྒོ་གསུམ་གཏོང་བ་དང་ཿ རླབས་ཆེན་མཛད་པ་བསམ་གྱིས་མི་ཁྱབ་པསཿ འཕགས་མ་ཁྱོད་དང་འགྲོ་དོན་མཉམ་པར་ཤོགཿ རྗེ་བཙུན་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་ཿ འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སུཿ ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བཿ དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོགཿ ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུསཿ བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེརཿ ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་ཿ ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལཿ «རྗེས་ལ་བཀྲ་ཤིས་བྱ་བ་ནིཿ ཕུད་སུམ་ཚོགས་ལ་སོགས་གང་རྒྱས་དང་ཿ »མར་གད་ཨིནྡྲ་ནི་ལའི་རི་བོ་ལཿ ཉི་མ་བྱེ་བས་འཁྱུད་པའི་གཟི་བརྗིད་ཅནཿ ཡན་ལག་དྲུག་ཅུའི་གསུང་གིས་དོན་མཛད་མཿ ཕྲིན་ལས་དབང་སྒྱུར་མ་ཡི་བཀྲ་ཤིས་ཤོགཿ ཆོས་དབྱིངས་མཁའ་ལ་ཐུགས་རྗེའི་རྟ་བདུན་གྱིསཿ སྲིད་ཞིའི་རྒུད་མུན་གཅིག་ཆར་སེལ་མཛད་ཅིང་ཿ ལས་ཉོན་མ་རིག་མུན་པ་འཇོམས་མཛད་མཿ ཡུམ་མཆོག་ཏཱ་རེ་ལྷ་མོའི་བཀྲ་ཤིས་ཤོགཿ སྙིགས་དུས་འགྲོ་བའི་ལས་ངན་སྐྱོབ་པའི་ཕྱིརཿ གཙོ་འཁོར་ཞི་ཆགས་ཁྲོ་བོའི་རྣམ་རོལ་གརཿ ཡེ་ཤེས་དང་ནི་འཇིག་རྟེན་ཚུལ་བཟུང་བའིཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོགཿ «གཞན་ཡང་བཀྲ་ཤིས་ཅི་རིགས་ཀྱིས་མཐའ་བརྒྱན་པར་བྱའོཿ ལས་ཀྱི་མཇུག་བསྡུ་བ་སྤྱི་ལྟར་རོཿ ལྔ་བདོའི་འགྲོ་རྣམས་སྐྱོབ་པའི་ཐུགས་རྗེ་ཅནཿ པདྨ་ཀཱ་རའི་རྣམ་རོལ་སྒྱུ་འཕྲུལ་གརཿ འཛམ་གླིང་རྒྱལ་པོ་སྐྱེས་བུ་དོན་གྲུབ་ཀྱིཿ ཁྱད་ཆོས་ཡི་དམ་འཕགས་མ་ལ་བརྟེན་པའིཿ གླིང་ལྟ་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་འདིཿ ཌཱཀྐི་རྣམས་ཀྱི་ཐུགས་ནས་ཐུགས་བརྒྱུད་དེཿ མ་འོངས་དོན་དུ་སྨོན་ལམ་བཏབ་པ་བཞིནཿ གཉེར་འཛིན་ཆེན་མོའི་བརྡའ་ཡིས་བསྐུལ་བའི་ཚེཿ ཀློང་ཆེན་བརྡའ་ཡིས་གཡུ་ཡི་འབར་བ་ལསཿ ནག་པ་ཟླ་བའི་དམར་ཕྱོགས་དྲག་པོའི་དུསཿ གེ་སར་སྐྱེས་བུ་སྐྱེས་རབས་བརྒྱ་པའི་ཚེཿ དག་པར་ཕབ་པའི་ཡི་གེའི་འདུ་བྱེད་ནིཿ སྲས་ཀྱི་སྤྲུལ་པ་རིག་པའི་ཡེ་ཤེས་སོཿ ཆོས་འདིའི་བྱིན་རླབས་ཡོན་ཏན་བརྗོད་མི་ལངསཿ ཉམས་སུ་ལངས་དང་ཡིད་ཆེས་རྙེད་པར་འགྱུརཿ འདི་ཡི་དགེ་འབྲས་བྱིན་རླབས་ཅི་མཆིས་དང་ཿ བདག་གི་བྱང་ཆུབ་སེམས་ཀྱི་སྟོབས་ཆེན་པོསཿ འཕགས་མའི་རྣམ་འཕྲུལ་བློ་གསལ་དབང་མོ་མཆོགཿ བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་གྱུར་ཅིགཿ གཟུགས་ཅན་གཟུགས་མེད་བར་ཆད་ཀུན་གཞོམ་ནསཿ མཐོང་ཐོས་དྲན་རེག་འགྲོ་ལ་སྨན་གྱུར་ཅིགཿ བསྟན་དང་འགྲོ་བའི་དཔལ་མགོན་དམ་པར་ཤོགཿ བཟང་ངན་འབྲེལ་པས་བསྡུས་པའི་སེམས་ཅན་ཀུནཿ ཚེ་འདིར་རང་རང་ལས་ཀྱི་རྗེས་འབྲང་ཡངཿ ཚེ་འཕོས་ངན་སོང་འཁོར་བའི་སྒོ་ཁེགས་ནསཿ ཤར་ཕྱོགས་རི་བོ་ཏ་ལར་སྐྱེ་བར་ཤོགཿ བཀའ་འདི་གཉེར་འཛིན་འཁོར་བཅས་ཀྱིསཿ གཡེལ་བ་མེད་པར་བསྲུང་གྱིས་ལཿ བཀའ་དྲིན་ཁྱད་དུ་གསོད་པ་ཡིཿ དམ་ཉམས་ལག་ཏུ་མ་བཏང་ཞིགཿ ས་མ་ཡཱཿ གུ་ཧྱཿ མངྒ་ལཾཿ