DKYD-KABUM-05-CA-013

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། «།རྗེས་ལ་མཆོད་བསྟོད་བྱ་བ་ནིཿ» ཡུམ་ཆེན་མཁའ་འགྲོའི་ལྷ་ཚོགས་སྤྱན་འདྲེན་གཤེགསཿ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་ཿ ཞལ་ཟས་རོལ་མོ་འདོད་ཡོན་ལྔ་ལ་སོགསཿ ཕྱི་ནང་གསང་བའི་མཆོད་པ་དམ་པ་འབུལཿ རྒྱལ་ཀུན་བསྐྱེད་མཛད་ཡུམ་ཆེན་ཌཱཀྐིའི་ཚོགསཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོདཿ བག་མེད་འགལ་འཁྲུལ་ཉམས་ཆགས་མཐོལ་ལོ་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ཨོཾ་བཛྲ་ཨརྒྷཾ་པ་དྱཾ་པུཥྤཻ་དྷུཔྤེ་ཨཱ་ལོ་ཀེ་གྷ་དྷེ་ནེ་ཝི་དྱེ་ཤབྟ་རུ་པ་ཤབྡ་གྷནྦྷེ་ར་ས་སྤརྴེ་སརྦ་པཉྩ་རཀྟ་བ་ལིངྟ་མ་ཧཱ་སུ་ཁ་སུ་པུ་ཙ་ཧོཿ