DKYD-KABUM-04-NGA-029

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། «།ཧེ་རུ་ཀའི་གསང་སྒྲུབ་ངེས་པ་དོན་གྱི་ཆོ་ག་བཞུགས༔ ན་མོ་ཤྲཱི་གུ་ར་ཝཿ ལྷ་དང་བླ་མ་རང་གི་སེམསཿ གཅིག་དང་དུ་བྲལ་རིག་པའི་དབྱིངསཿ མཉམ་པ་ཉིད་དུ་ཕྱག་འཚལ་ནསཿ འདི་ཉིད་སྒྲུབ་པའི་ཆོ་ག་བརྩམ༔» ཧོཿ མ་འཁྲུལ་གདོད་མའི་ལྟ་བ་ལ༔ མ་བཅོས་རྣལ་མས་སྐྱབས་སུ་འགྲོ༔ འདི་དོན་མ་རྟོགས་སེམས་ཅན་ཁམས༔ དེ་བཞིན་ཉིད་ཐོབ་སེམས་མཆོག་བསྐྱེད༔ ཨོཾ་ཨཱ༔ཧཱུྃ༔ སྣང་སེམས་འཛིན་པ་ཡེ་ནས་དག༔ བརྟན་གཡོ་བདེ་གཤེགས་ཕྱག་རྒྱར་རྫོགས༔ སྒྲ་གདངས་ཡི་གེ་འཁོར་ལོ་སྨིན༔ ཨོཾ་ཨཱ༔ཧཱུྃ༔ རྣམ་པར་ཐར་བའི་གཞལ་ཡས་དབུས༔ བདེ་མཆོག་རྡོ་རྗེའི་རང་གདངས་རྩལ༔ ཡེ་ཤེས་གསུམ་གྱི་བདག་ཉིད་ཅན༔ སྟོང་གསལ་རྣམ་དག་ཡུམ་གྱི་མཁའ༔ ཟུང་འཇུག་གཞོན་ནུ་བུམ་པའི་སྐུ། ཞལ་ཕྱག་འཛིན་པ་རང་གྲོལ་ལྷ༔ མ་བསྐྱེད་ཡེ་ནས་ཧེ་རུ་ཀ༔ གཞན་དུ་མ་བཟུང་སེམས་ཀྱི་གཤིས༔ ཨོཾ་ཨཱ༔ཧཱུྃ༔ ཡོངས་གྲུབ་འགྱུར་མེད་རྡོ་རྗེ་གདངས༔ གཞན་དབང་བློ་འདས་སྔགས་ཀྱི་སྒྲཿ སྐྱེ་འགགས་བྲལ་བའི་བཟླས་པ་ཡི༔ ཀུན་བརྟག་མ་སྤང་རིག་པའི་བརྒྱན༔ ཨོཾ་ཨཱཿཧཱུྃ༔ གདོད་ནས་མ་འཁྲུལ་ཀ་དག་གཞིར༔ ལམ་གྱི་བྱ་བ་མཐར་ཕྱིན་འབྲས༔ སྤང་ཐོབ་བྲལ་བའི་ཡེ་ཤེས་ལ༔ མཉམ་པར་མ་བཞག་མེད་པའི་ངང༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ «ཅེས་བཟླས་སྟོང་ཉིད་རྡོ་རྗེའི་ངངཿ བར་མ་ཆད་དུ་ལ་བཟླ་མཐུས༔ མཆོག་གྲུབ་བརྙེས་པའི་ཁྱད་ཆོས་འདི༔ ཡེ་ཤེས་རྡོ་རྗེའི་དག་སྣང་རྒྱ༔ ས་མ་ཡཱ༔